Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གཉིས་པ།

Posted on 2013-10-062013-10-06 By ཁ་བརྡ་ 8 Comments on རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གཉིས་པ།

གནས་ཚུལ་གཏོང་མཁན། གངས་འདབས།

ཨོ་སི་ཏྲི་ཡ་བོད་ཀྱི་གསོ་རིག་ཁང་གི་གཙོ་འགན་དང་གྲྭ་སྒྲིག་འོག་ཡོ་རོབ་གྱི་གྲོང་ཁྱེར་ཨཻན་སུ་པི་རུག་ཏུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་གཉིས་པ་སྤྱི་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གཟབ་རྒྱས་ངང་དུ་འཚོགས། ཐེངས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་ནི་སེམས་ཁམས་རིག་པ་དང་སེམས་ནད་ཀྱི་སྐོར་བགྲོ་གླེང་བྱས་ཡོད་པ་དང་། བོད་ལུགས་དང་ཕྱི་ལུགས་གཉིས་ཀའི་ཕྱོགས་ཀྱི་སྨན་པ་ཆེད་ལས་མཁས་པ་དང་། ཞིབ་འཇུག་པ་དང་ནང་དོན་རིག་པའི་མཁས་པ་བཅས་གདན་འདྲེན་གྱིས་གཏམ་བཤད་གནང་བ་སྟེ། ལུས་ངག་ཡིད་གསུམ་དབྱེར་མེད་ཀྱི་བལྟ་ཚུལ་དང་སྨན་བཅོས་ནང་དོན། ནང་དོན་རིག་པའི་སེམས་ཀྱི་ཚན་རིག། དེང་རབས་གསོ་རིག་གི་སེམས་ནད་དང་བོད་ལུགས་ཀྱི་སེམས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས་དང་། མ་འོངས་པའི་མཉམ་བསྐྱོད་ཞིབ་འཇུག་གི་བསམ་ཚུལ། རྒྱ་ནག་གསོ་རིག་དང་བོད་ཀྱི་གསོ་རིག་གི་སེམས་ནད་བལྟ་ཚུལ་བསྡུར་བཤད། བོད་ལུགས་ཀྱི་སྙིང་རླུང་གི་རྒྱུ་རྐྱེན་རྟགས་བཅོས། སྲོག་རྩའི་སྐོར་གྱི་ཞིབ་འཇུག་དང་སྲོག་རླུང་གི་རྟགས་བཅོས། སེམས་ནད་ལ་ཉེར་མཁོའི་སྨན་སྦྱོར་རིག་པ་དང་། ཚན་རིག་ཞིབ་འཇུག་གིས་བོད་སྨན་གྱི་སེམས་ནད་སྔོན་འགོག་དང་བཅོས་ཐབས་ལ་བདེན་དཔང་བྱས་པ་སོགས་ཉིན་དང་པོའི་གཏམ་བཤད་སྐོར་ཡིན་ལ།
ཉིན་གཉིས་པར་བོད་ཀྱི་གསོ་བ་རིག་པ་ལས་དཔྱད་བཅོས་རིག་པ་བསྐུ་མཉེ། ཧོར་མེ། དབྱུག་བཅོས་སོགས་ཀྱི་ལག་ལེན་སློབ་གསོ་དང་། ཆུ་བརྟག་རིག་པ་སོགས་ནད་གཞི་ངོས་འཛིན་གྱི་སྐོར། མ་འོངས་པའི་བོད་ཀྱི་གསོ་རིག་འཕེལ་རྒྱས་དང་རྒྱལ་སྤྱིའི་སྟེང་གི་དཀའ་ངལ་གྱི་སྐོར་དང་། ཚད་ལྡན་གྱི་སློབ་གསོ་དང་ལག་ལེན། ཚན་རིག་ཞིབ་འཇུག་གཏིང་ཟབ་ཇི་ལྟར་བྱ་རྒྱུ་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱས།

ཉིན་གསུམ་པར་བྱ་བ་སྤྱོད་ལམ་གྱི་སྐོར་ལ་ལུས་སྦྱོང་དང་ལུས་ཀྱི་རྩལ་སྦྱོང་པ་ནི་ལུས་སེམས་ཀྱི་ནད་གཞི་སྔོན་འགོག་གི་གནད་འགག་ཅིག་ཡིན་སྟབས། དུས་འཁོར་ལུགས་ཀྱི་ནད་བཅོས་གནས་སྦྱངས་ཀྱི་འཕྲུལ་འཁོར་ཉེར་བཞི་ལ་སྦྱོང་བརྡར་དང་དཀའ་གནད་འགྲེལ་བཤད་བཅས་བྱས། གཞན་རོ་ཙ་དང་སེམས་ཁམས་ཀྱི་དཀའ་ངལ་དང་། བོད་ཀྱི་གསོ་རིག་གི་ངོ་སྤྲོད་དང་ཉམས་མྱོང་བརྗེ་རེས་སོགས་ལ་དམིགས་བསལ་གྱི་པར་ཤོག་ངོ་སྤྲོད་བྱས་སོ།།

ཐེངས་འདིའི་ཚོགས་ཆེན་ལ་ཕྱི་ལུགས་གསོ་རིག་གི་སྨན་པ་མཁས་པ་དང་། ཞིབ་འཇུག་པ། དེ་བཞིན་བོད་སྨན་གྱི་སྨན་པ་དང་། ནད་གཡོག དཔྱད་བཅོས་པ། ཞིབ་འཇུག་པ་དང་སློབ་མ་སོགས་རྒྱལ་ཁབ་སུམ་བཅུ་ལྷག་ནས་ཡོང་བའི་མི་སྣ་སུམ་བརྒྱ་ཙམ་འདུས་པ་དང་། ཚེས་ཉི་ཤུ་རྩ་གཉིས་ཕྱི་དྲོ་ཆུ་ཚོད་དྲུག་སྟེང་མཇུག་བསྡུ་གཏམ་བཤད་དང་ལྷན་དུ། ཉིས་སྟོང་བཅུ་བཞི་༢༠༡༤ ལོའི་ཟླ་བཅུ་གཉིས་ཀྱི་ཚེས་ཉེར་དྲུག་ནས་ཉེར་དགུ་བར་དུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ་བལ་ཡུལ་གྱི་རྒྱལ་ས་ཁ་ཏི་མན་རྡུ་རུ་འཚོག་རྒྱུ་དང་། དེ་ནི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་བལ་ཡུལ་གསོ་རིག་ཁང་གིས་གཙོ་སྒྲིག་བྱ་རྒྱུ་ཡིན་པར་གསལ་བསྒྲགས་བྱས་སོ།། གསར་འགོད་པ་ཀརྨ་ལྷ་མོ་ནས།

གསར་འགྱུར།

Post navigation

Previous Post: རྗེས་དྲན་ཚོགས་འདུ་བསྡུས་པ།
Next Post: དགོངས་པ་མ་ཚོམས།

Comments (8) on “རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གཉིས་པ།”

  1. ཀློང་ཆུང་ says:
    2013-10-06 at 10:28 am

    གཏམ་བཟང་ལ། ཁ་བརྡ་ཕྱིར་ལོག་འདུག བཀྲ་ཤིས་བདེ་ལེགས།

  2. བོད་ཁམས་སྡེ་ says:
    2013-10-06 at 1:46 pm

    ཁ་བརྡ་ཚང་ཕྱིར་ལོག་ཕེབས་པ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

  3. ཀླུ་སྨྱོན། says:
    2013-10-06 at 9:59 pm

    རོ་ཙའི་སྐོར་དེ་གལ་ཆེ་གི

  4. BONPO says:
    2013-10-06 at 10:38 pm

    དྲོ་གྲོགས་ཚོས་་་གངས་སྦལ་་་ཟེར་བའི་སྲོག་ཆགས་དེ་དངོས་གནས་ག་འདྲ་ཞིག་ཡོད་པ་ཤེས་སམ།

  5. བཙག་རོང་འཇོལ་མོ། says:
    2013-10-06 at 11:36 pm

    གངས་སྦས་སྐོར་མེ་དབོན་རྣམ་གསུམ་གྱི་རྣམ་ཐར་ནང་ལ་འདུག ཡིན་ནས་རྟོག་བཟོ་མ་གཏོགས་དངོས་སུ་གངས་སྦས་ལབ་ཡག་ཞིག་མེད་པ་རེད་འདུག

  6. བན་དེ་བ། says:
    2013-10-07 at 12:55 am

    གངས་སྦལ་ཟེར་བ་ནི་གངས་རི་ནས་འབབ་པའི་ཆུ་བརྒྱུད་ནས་ཡོང་བཞིན་ཡོད། དེ་རེ་འགའ་བ་ལས་མི་འབྱུང། གངས་སྦལ་གྱི་གཅིན་ཆུ་འཐུང་བ་ཡིན་ན་་་ཕོ་རྟགས་ཀེ་རེར་ལངས་ནས་ནམ་ཡང་མར་འཆི་རྒྱུ་མེད་པར་བཤད། དེར་མ་ཟད་གནམ་སྦལ་ཟེར་བའང་ཡོད་པ་རེད། ངས་མཐོང་མྱོངས།

  7. དོལ་སྨྱོན། says:
    2013-10-07 at 2:04 pm

    གསར་འགྱུར་འདི་རེ་བ་ཆེན་པོས་བཀླགས་པ་ཡིན། ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

  8. BONPO says:
    2013-10-07 at 6:42 pm

    མཁས་དབང་བན་དེ་བ་ལགས།
    སྐུ་ཉིད་ཀྱིས་གངས་སྦལ་དངོས་གནས་གཟིགས་མྱོང་ཡོད་ན་རྗེས་སུ་ག་འདྲ་ཡོད་མེད་སྐོར་ལ་སྐད་ཆ་འདྲི་ཆོག་པ་ཞུ། །
    བཀའ་དྲིན་ཆེ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme