Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡ་དྲ་བར་ལེགས་སྐྱེས་སུ།

Posted on 2013-10-02 By ཁ་བརྡ་ 3 Comments on ཁ་བརྡ་དྲ་བར་ལེགས་སྐྱེས་སུ།
༄༅། །ཁ་བརྡ་དྲ་བར་ལེགས་སྐྱེས་སུ་ཕུལ་བ་བློ་གྲོས་དཔལ་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ཨོཾཏཡཡན་མོ་གུ་རུ་མ་ཏི་ཤྲྰི་ཡེ། །
ཀ་དག་ལྷག་བསམ་དག་པའི་གངས་རིའི་སྤོར། །
ཁ་བའི་ལ་རྒྱ་འཛིན་པའི་གངས་ཅན་པ། །
ག་སར་གང་དུ་གནས་ཀྱང་བདེ་སྡུག་གཏམ། །
ང་ཚོའི་བདེན་པའི་ཁ་བརྡ་བཤད་ལ་བྲེལ། །
 
ཅ་ཅོ་དོན་མེད་སྨྲ་བའི་ངག་འཆལ་དང་། །
ཆ་མེད་མི་ལ་སྒྲོ་བཏགས་བཀུར་འདེབས་དང་། །
ཇ་འཐུང་ངོ་དགའི་བདག་བསྟོད་གཞན་སྨོད་རིགས། །
ཉ་ཉོག་འབྲེལ་མེད་ཚིག་ལ་ཡིད་གཏད་སྤོངས། །
 
ཏ་ཐྰ་ག་ཏྰའི་བསྟན་པའི་སྙིང་པོ་དང་། །
ཐ་སྙེད་ཤེས་བྱའི་རྣམ་གྲངས་སྙན་པའི་ངག །
ད་ལྟའི་དུས་རབས་འཚམས་པའི་དྲང་བདེན་དཔལ། །
ན་ཚོད་ཁྱད་མེད་ཁ་དོན་མཐུན་པར་རེམས། །
 
པ་ལགས་ཆེ་མཐོ་རིགས་རུས་འུར་སྒྲོག་དང་། །
ཕ་རོལ་ཁྱད་དུ་གསོད་པའི་དམོ་ངན་ཚིག །
བ་གླང་བླུན་པའི་རྟུལ་ཞུགས་ལེགས་སྤངས་ནས། །
མ་ལུས་འགྲོ་ལ་ཕན་པའི་ཁ་བརྡ་གཅེས། །
 
ཙ་ར་མ་ཆོད་རྨོངས་པར་གྲགས་རྒྱུགས་དང་། །
ཚ་གྲང་དཀའ་སྤྱད་མེད་པའི་ཆོས་གཟུགས་སོགས། །
ཛ་ཡའི་བསྟན་པར་བཤིག་པའི་ཆོམ་རྐུན་རིགས། །
ཝ་ལེར་ཤེས་པའི་ཁ་བརྡ་བྱས་ན་བཟང་། །
 
ཞྭ་གོས་འཚོ་ཕྱིར་རྩོད་པའི་ཆོས་ལུགས་དང་། །
ཟ་ཆེ་འཐུང་མང་འགྲན་པའི་གསོ་ཕག་རིགས། །
འ་ཅག་བཟང་ངན་བླང་དོར་མ་ནོར་བར། །
ཡ་རབས་བདེན་པའི་བགྲོ་གླེང་གནང་ན་ལེགས། །
 
ར་བ་གངས་དཀར་འཛིན་པའི་གྲོས་འདེབས་དང་། །
ལ་རྒྱའི་དཔའ་སྙིང་ལྡན་པའི་བསྟན་སྐྱོང་ཚུལ། །
ཤ་ཁྲག་རུས་རྒྱུད་སྤེལ་བའི་སྤུན་ཟླ་ཚོར། །
ས་སྟེང་མི་ལུས་སྙིང་པོར་ལོན་པར་མཛོད། །
 
ཧ་ཅང་དགའ་སའི་བོད་རིགས་སྤུན་ཟླ་ལ། །
ཨ་ལགས་བདེན་པའི་སེམས་ཀྱི་འཆར་ཆ་དང་། །
བཀུར་འོས་ཁ་བརྡ་དྲ་བར་འཚམས་རྟགས་སུ། །
གང་ཤར་ཡིད་ཀྱི་མེ་ལོང་འདི་སྐད་ཐལ། །
 
ཨི་ལྡན་དབྱངས་གསལ་རྒྱལ་བའི་བསྟན་པ་དར། །
ཨུ་ཚུགས་རྙིང་ཞེན་དྲེགས་པའི་དྲི་མ་སངས། །
ཨེ་མ་རིག་འཛིན་བརྒྱུད་པའི་ཕྲིན་ལས་རྒྱས། །
ཨོ་རྒྱན་པདྨའི་དགོངས་དོན་མངོན་གྱུར་ཤོག །
 
ཡུན་རིང་འགྲོགས་པའི་ཁ་བརྡ་དྲ་བའི་གྲོགས། །
དངོས་ཤུགས་རྒྱུད་ལས་དགའ་བའི་མཐུན་པའི་གྲོགས། །
མི་འགྱིང་ལས་ཀྱིས་འབྲལ་བའི་མཛའ་བའི་གྲོགས། །
གྲོགས་པོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། །
 
མི་རྟག་ཆོས་འདི་གསང་བ་ཟབ་མོའི་གདམས། །
ངེས་འབྱུང་བློ་འདི་སྲིད་ལས་གྲོལ་བའི་ཆོས། །
བྱང་ཆུབ་སེམས་ཉིད་ཡིད་བཞིན་ནོར་བུའི་དཔལ། །
སྣང་སྲིད་དགྱེས་པའི་རྡོ་རྗེ་ཨེ་མ་ཧོ། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་སྨྲིན་ཟླའི་ཟླ་ཚེས་དགེ་བར་ཁ་བརྡ་བའི་གསར་བཟོ་ལེགས་གྲུབ་བྱུང་བར་མཐོང་བས་རྟེན་འབྲེལ་འཚམས་རྟགས་སུ་གང་དྲན་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་སྨྱོན་ཨེ་མ་ཧོས་ཨེ་ཝཾ་རྡོ་རྗེ་གྲོ་ལོད་རི་ཁྲོད་ནས་གུས་པས་ཕུལ་བར་དགེའོ། །
མཆན་ཞབས་པ་ཚོས་བཟང་ངན་གང་བརྗོད་ཀྱང་ཨ་ལན་མེད་པར་ཡིན་པས་དེ་ལུགས་ཐུགས་ལ་འཛིན་པར་མཁྱེན་ནོ། །
སྣ་ཚོགས།

Post navigation

Previous Post: ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ།
Next Post: མེད་ཐབས་མེད་པའི་རང་བཙན།

Comments (3) on “ཁ་བརྡ་དྲ་བར་ལེགས་སྐྱེས་སུ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-10-03 at 12:30 am

    རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་ཡི།
    བཀའ་རྩོམ་མཐོང་བས་དགའ་རྒྱས།
    བཅོས་འགྱར་་འགའ་རེ་ཡོད་པ།
    མོས་སམ་མི་མོས་སོ་སོའི་སེམས།།
    ་
    ཉ་རྙོག་འབྲེལ་མེད་ཚིག་ལ་ཡིད་གཏད་སྤོངས། །
    ཏ་ཐྰ་ག་ཏའི་བསྟན་པའི་སྙིང་པོ་དང་། །
    པ་ལགས་ཆེ་མཐོ་རིགས་རུས་འུར་སྒྲོགས་དང་། །

  2. སྐར་མདའ། says:
    2013-10-03 at 1:21 pm

    ཀ་མད་སུམ་བཅུས་སྲོག་རྩ་འཛིན།།
    ཁ་བ་ཀླུབས་པའི་རི་བོས་བསྐོར།།
    ག་ས་ཡོངས་ལ་དམ་ཆོས་ཁྱབ།།
    ང་ཡི་ཕ་ཡུལ་གངས་ལྗོངས་མཛེས།།

  3. ཤར་པ་ says:
    2013-10-04 at 7:16 am

    ཀ་སོགས་སུམ་བཅུའི་ཚིག་གིས་རྒྱན། མཛའ་བའི་འབེལ་གཏམ་དོན་གྱིས་རྒྱན། ཁ་བ་ཅན་པར་ཁ་བརྡས་རྒྱན་། གང་གྷའི་ཀློང་ལྟར་རྒྱུན་དུ་རྒྱན། ཤར་པ་ནས་གང་ཤར་ཚིགས་སུ་བཅད་པའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme