Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྕགས་སྒམ༡༠༠ཡི་གྲོས་ཆོད།

Posted on 2013-10-02 By ཁ་བརྡ་ 4 Comments on ལྕགས་སྒམ༡༠༠ཡི་གྲོས་ཆོད།

ནམ་མཁའ།

ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར་ལོ་ངོ་དྲུག་བཅུའི་རིང་། བཙན་བྱོལ་སྤྱི་ཚོགས་དང་གཞི་ལུས་མི་དམངས་ཀྱིས་རེ་ལྟོས་བྱེད་ས་གྲོས་ཚོགས་ཡིན་པ་བཤད་མ་དགོས་བ་ཞིག་རེད།གྲོས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་ག་ཚོད་མང་པོ་ཞིག་བཞག་ཡོད་པ་ཡང་ང་ཚོ་ཆ་ཚང་གི་སེམས་སུ་གསལ་བོ་ཡོད་སྲིད།ཡིན་ཡང་གྲོས་ཆོད་འཇོག་ཐུབ་པ་ཙམ་གྱིས་བོད་མི་ས་ཡ་དྲུག་གི་བདེ་སྡུག་སེལ་ཐུབ་རྒྱུ་ཨེ་རེད།དྲི་བ་འདི་བཏང་དུས་ངའི་དྲ་གྲོགས་སྐོར་ཞིག་གད་མོ་ཤོར་སྲིད།

ཡིན་ན་ཡང་གྲོས་ཚོགས་ནང་གྲོས་ཆོད་འཇོག་པ་ཡང་ལས་སླ་བོ་ཞིག་ག་ལ་ཡིན། བཀའ་ཤག་དང་གྲོས་ཚོགས་བར་གོ་བརྡ་མ་འཕྲོད་པར་བཀའ་ཤག་གིས་མར་གྲོས་ཚོགས་འཐུས་མི་ཚོར་ཟུར་ཟ་བྱེད་པ་དང་།གྲོས་ཚོགས་ཀྱི་འཐུས་མི་ཁ་ཤས་ཀྱིས་སེམས་ཀྱི་དྲི་བ་ཁ་ཤས་ཞིག་བརྗེད་དེ་དྲི་བ་གཅིག་བསྐྱར་འདྲི་དང་ཡང་འདྲི་བྱེད་པ།མ་ཟད་ད་རུང་བཀའ་ཤག་དང་གྲོས་ཚོགས་གཉིས་ཀས་མི་དམངས་ཀྱི་བསམ་འཆར་མང་པོ་ཞིག་དངས་ལེན་བྱེད་མ་ཐུབ་པའི་དཀའ་ངལ་མང་པོ་ཞིག་བརྒྱུད་དེ་གྲོས་ཆོད་འཇོག་གི་ཡོད།ཡིན་ན་ཡང་གལ་བོ་ཆེ་ལ་ནན་ཏན་ལྟར།གཙོ་བོ་ནི་བཞག་པའི་གྲོས་ཆོད་དེ་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་དུ་བསྟར་ཐུབ་མིན་ལ་རག་ལས་ཡོད་པ་ལས།གྲོས་ཆོད་ཀྱི་དོན་ཚན་མང་པོ་ཡོད་མེད་དང་དོན་ཚན་དེ་དག་གྲོས་ཆོད་འཇོག་ཐུབ་ཡོད་མིན་ལ་དེ་ཙམ་གྱིས་གལ་ཆེན་མིན།གལ་སྲིད་ལག་ལེན་བསྟར་ཐུབ་མིན་ལ་མ་བལྟས་བར་གྲོས་ཆོད་བཞག་ཡོད་མེད་ལ་གཞིགས་ཚེ།ལོ་ངོ་དྲུག་བཅུའི་རིང་སྒམ་ཞིག་གྲངས་ཀ་བགྲངས་ཚེ་ཕལ་ཆེར་ལྕགས་སྒམ༡༠༠ཡོད་སྲིད།

ད་ཐེངས་གྲོས་ཚོགས་དྲུག་པའི་འཐུས་མི་ཚོས་བཞག་པའི་གྲོས་ཆོད་ལ།ཁོ་རང་ཚོའི་ངོས་ནས་གཟི་བརྗིད་ཆེན་པོ་ཞིག་ཏུ་མཐོང་བའི་གྲོས་ཆོད་གཅིག་སྟེ། ༧གོང་ས༧མཆོག་ལ་སུས་མཚན་སྨད་ཞུས་ན་དེ་ལ་མངོན་སུམ་དོད་པོས་ངོ་རྒོལ་བྱེད་རྒྱུའི་ཐག་གཅོད་དེ་རེད། དེ་ནི་གྲོས་ཚོགས་ཀྱི་གྲོས་ཆོད་གཟི་བརྗིད་ཅན་ཞིག་ཏུ་ཕྲན་གྱིས་བསམ་གྱི་མི་འདུག

༧གོང་ས༧མཆོག་ལ་མཚན་སྨད་ཞུ་མཁན་ཚོའི་གདོང་ལ་མངོན་ལྐོག་གཉིས་ཀྱིས་རྒོལ་མཁན་མི་དམངས་དཀྱུས་མ་ཚོའི་ནང་ནས་ཐོན་དགོས་ཀྱི་འདུག་སྙམ།དེ་མིན་ཚེ་དམངས་གཙོ་ཟེར་བའི་མིང་འདིའི་འོག་ནས་སྨྲ་བརྗོད་ཀྱི་རང་དབང་བཀག་པ་རེད་སྙམ། རྒྱུ་མཚན་ནི། གྲོས་ཚོགས་ཀྱི་གྲོས་ཆོད་ནི་གཞུང་འབྲེལ་ཡིག་ཆ་གྱུར་ཡོད་པས་ཡིན།

 

ང་ཚོས་དུས་རྒྱུན་ཏུ་དམངས་གཙོའི་ཀ་བ་རྣམ་གསུམ་ཞེས་སྤོབས་པ་ཆེན་པོས་བཤད་ཀྱི་ཡོད། ཡིན་ན་ཡང་ཕྲན་གྱིས་༧གོང་ས༧མཆོག་ལ་མཚན་སྨད་ཞུས་ན་འོས་ཤིང་འཚམས་ཅེས་ནམ་ཡང་བཤད་ཀྱི་མེད་ལ་བཤད་འདོད་ཡང་མེད།རྒྱུ་མཚན་ནི།བོད་གཞི་བྱེས་གཉིས་དང་ཆོལ་གསུམ་ཆིག་སྒྲིལ་བྱུང་ཐུབ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་༧གོང་ས༧མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་པ་ང་རང་ལྟ་བུ་ཞིག་གིས་ཁྱེད་ཅག་ཡོངས་ལ་ཞུ་མི་དགོས་བར་ཆ་ཚང་གིས་མཁྱེན་གསལ་ཡིན་ལ།འཛམ་གླིང་སྟེང་༼བོད༽ཅེས་བའི་མིང་འདི་ཁྱབ་ཐུབ་པ་ཡང་༧གོང་ས༧མཆོག་གི་སྐུ་དྲིན་ཉག་གཅིག་ཅེས་ཕྲན་གྱིས་མགྲིན་པ་བསྲེངས་ནས་བཤད་བཞིན་ཡོད།

དེ་ལས་ཀྱང་གལ་ཆེན་ཞིག་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་དོན་སྣང་མ་བྱས་པ་ཡིན་ནམ། ཡང་ན་གསར་ཤོག་ཁག་གི་ཐོག་མ་ཐོན་པ་རེད། དེ་ནི་ད་ལོ་ཤེས་རིག་ལས་ཁུང་གིས་ཁྱབ་བསྒྲགས་བྱས་བའི་འཛིན་རིམ་༦དང་༨ནས་སློབ་དེབ་སོགས་དབྱིན་ཡིག་གི་སྒོ་ནས་ཁྲིད་དགོས་པའི་བཀའ་རྒྱ་དེའི་སྐོར་རེད།གྲོས་ཚོགས་ཀྱི་འཐུས་མི་ཚོས་ཤེས་རིག་དེའི་སྐོར་དྲི་བ་བཏང་བ་ཡང་མཐོང་མ་སོང་ལ།གྲོས་ཆོད་བཞག་པ་དེ་བས་ཀྱང་མཐོང་ཐོས་མི་འདུག

ཡང་ན་གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡང་བོད་ཡིག་གི་དགོས་མཁོ་མེད་པར་འཛིན་མཁན་དག་ཡིན་ནམ།དེ་མིན་སེང་གེ་བཀའ་ཤག་གི་བཀའ་རྒྱ་ལ་གྲོས་ཚོགས་ཀྱི་འཐུས་མི་ཚོས་དྲི་བ་ཙམ་གཏོང་བའི་སྙིང་སྟོབས་ཡང་མེད་པ་རེད།ཡང་ན་གྲོས་ཚོགས་ཀྱིས་བོད་མི་རིགས་ཀྱི་ཚེ་སྲོག་དེ་གང་ཡིན་མིན་ཡང་ཤེས་ཀྱི་མེད་པ་རེད།མ་གཞི་ནས་གྲོས་ཚོགས་ནང་རང་ཉིད་ཀྱི་མིང་ཡང་ཡག་པོ་ཞིག་འབྲི་མི་ཤེས་མཁན་ཡོད་མི་སྲིད་པ་མིན་པས།བོད་མི་རིགས་ཀྱི་སྲོག་ཤིང་དེ་ངོས་འཛིན་ཤེས་མཁན་དཀོན་པོ་ཡིན་པ་བཤད་མ་དགོས་བ་ཞིག་རེད།

གལ་སྲིད་གྲོས་ཚོགས་ཀྱིས་བོད་སྐད་ཡིག་སྐོར་དོན་སྣང་མ་བྱས་བར་སྣང་མེད་དུ་བསྐྱུར་བ་ཡིན་ཚེ།

དུས་བབ་ཐོག་༩/ཚེས༣༠ཉིན་སྲིད་སྐྱོང་བློ་སེང་གིས་གསལ་བཤད་༼བོད་པས་དམངས་གཙོ་རྩོད་ཀྱི་མེད་ཅེས་ལབ་སོང་ཟེར་བ་བདེན་པ་ཡིན།༽གསལ་བཤད་འདིའི་སྐབས་ཀྱི་ཚིག་ཞིག་ལ། རྒྱལ་ཁབ་ཀྱི་བདེ་འཇག་ལས་སུ་ཡིན་ནའང་སོ་སོའི་རྐུབ་སྟེགས་གཙོ་བོ་འཛིན་གྱི་རེད་ཟེར་བ་ལྟར།

རྡ་སའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་ཁོང་ཚོའི་རྐུབ་སྟེགས་ལ་བསམ་བློ་གཏོང་གི་ཡོད་དམ། ཡང་ན་བོད་མི་རིགས་ཀྱི་ཚེ་སྲོག་དེ་བོད་ཀྱི་སྐད་ཡིག་ལ་རག་ལས་པ་མ་ཤེས་པ་རེད།

གལ་སྲིད་གྲོས་ཚོགས་དང་བཀའ་ཤག་གཉིས་ཀའི་ངོས་ནས་བོད་ཀྱི་སྐད་ཡིག་འདི་སྣང་མེད་དུ་བཞག་སྟེ།གྲོས་ཚོགས་ཀྱི་ཚོགས་ཐེངས་རེ་གྲོས་ཆོད་བརྒྱ་སྟོང་བཞག་ཀྱང་ཚིག་སྐམ་པོ་ཞིག་ལས་ཅི་ཡང་མི་འདུག་ཅེས་ཁོ་བོས་སྐད་གསེང་མཐོན་པོས་བཤད་འདོད་སྐྱེས།  དེ་ལ་རྒྱུ་མཚན་ཞིག་ཡོད་དེ། བོད་མི་རིགས་འདི་འཛམ་གླིང་འདིའི་སྟེང་གསོན་པོར་གནས་དགོས་ཚེ།བོད་ཀྱི་སྐད་ཡིག་འདི་གནས་ཐུབ་ཡོད་མིན་ལ་བལྟ་དགོས་སོ། མ་མཐོང་ཕྱིར་ན་མེད་པ་མིན།།ཞེས་གསུངས་པ་ལྟར་གྲོས་ཚོགས་དྲུག་པའི་ད་ཐེངས་བོད་ཀྱི་སྐད་ཡིག་སྐོར་གྲོས་ཆོད་དང་བགྲོ་གླེང་གནང་ཡོད་ཚེ།ཕྲན་གྱིས་གྲོས་ཚོགས་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཞོར་ངས་མ་མཐོང་བར་ཁྱེད་ཅག་ལ་བསམ་འཆར་འགའ་བཤད་པ་ལ་ཐུགས་དག་དགོངས་དག་ཞུ་བཞིན་ཡོད།

 

དཔྱད་རྩོམ།

Post navigation

Previous Post: ཀུན་ཕན་ཐེབས་རྩ། བོད་ཀྱི་སྒྱུ་རྩལ་གླེང་བ།
Next Post: ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་ཉི་ཤུ་བ།

Comments (4) on “ལྕགས་སྒམ༡༠༠ཡི་གྲོས་ཆོད།”

  1. རིན་ཆེན says:
    2013-10-03 at 3:20 am

    ཧཧ་བཙན་བྱོལ་གྱི་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ལྕགས་སྒམ་བརྒྱ་ཡིས་ག་བ་ཚད་ལྕགས་སྒམ་ཉིས་བརྒྱ་ཡོད་ཀྱི་དངོས་སུ་ལག་ལེན་དུ་བསྟར་བ་གཅིག་ཀྱང་མེད།ཁ་སྟོང་ནང་གི་ཚིག་སྟོང་རྐྱང་ཡིན། ཁོང་ཚོའི་ནང་འཛིངས་རེ་རྐྱང་བྱེད་ཀྱི་རེད། བོད་ཀྱི་སྐད་ཡིག་ཟེར་བ་འཛམ་གླིང་ལ་བསྒྲགས་སྤྱད་ཞིག་གི་ལག་ཆ་ལྟ་བུ་ལས་ཁོང་ཚོ་དེ་དགོས་མཁོ་མེད་པས་གྲོས་ཆོད་ག་བ་འཇོག་གི་རེད་གྲོགས་པོ།

  2. lhamotsering says:
    2013-10-03 at 9:03 am

    བཙན་བྱོལ་གཞུང་གི་གྲོས་ཚོགས་ཀྱིས་གྲོས་ཆོད་ཡང་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་ཚོས་སྙན་ངག་བྲིས་པ་ལྟ་བུ་རེད། འབྲས་བུ་ཆེན་པོ་ཞིག་ནམ་ཡང་ཁེགས་པོ་རེད།

  3. བཙན་ནག་པ། says:
    2013-10-03 at 10:44 am

    དབུ་མའི་ལམ་ལ་རྟེན་ནས་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་རྒྱུ་ནི་བོད་ཀྱི་ཆོས་དང་རིགས་གཞུང་མྱུར་དུ་སྐྱོབས་ཐབས་བྱེད་པའི་ཆེད་དུ་ཡིན་ཟེར་བ་ནི་རྫུན་གཏམ་རང་རེད། གྲོས་ཚོགས་ཀྱི་ཚོགས་མི་རྣམས་དང་། བཀའ་ཤག་གི་བཀའ་བློན་རྣམས་གྱི་ཕྱག་ལས་གནང་ཕྱོགས་ནས་ཤེས་ཐུབ་ཀྱི་འདུག འོན་ཀྱང་བོད་ནང་གི་གནས་སྟངས་ལ་བསམ་ན་གཞི་ལུས་བོད་མི་རྣམས་སྙིང་རྗེ་ཡས་རང་རེད།

  4. མངའ་རིས་འཕྲིན་ལས། says:
    2013-10-04 at 3:25 pm

    བཙན་བྱོལ་བོད་མི་ནི་སྤུ་གུས་ཐལ་རྩེད་དང་རྡོ་རྩེད་རྩེ་བ་འདྲ་བོ་རེད། གཞུང་མེད་པ་ལ་གྲོས་ཚོགས་ཤིག་གང་ནས་ཡོང་། སྒྲིག་འཛུག་ཟེར་བ་ནི་ཚོགས་པ་བྱེ་བྲག་པ་ཞིག་དང་ཁྱད་པར་གང་ཡང་མེད། ཚོགས་པ་ཞིག་ལ་མཚོན་ན་ཚོགས་གཙོ་ཚོགས་གཞོན། ཚོགས་མི་ལྔ་དྲུག་གཅིག་ལས་དེ་མིན་གང་ཡང་དགོས་པ་མེད། སྒྲིག་འཛུག་གཅིག་ལ་གྲོས་ཚོགས་ཡོད་པ། བཀའ་བློན་སོགས་མིང་འདྲ་མི་འདྲ་ཡོད་སྡད་པ། དོན་དུ་མི་ཁ་ཤས་ཤིག་གིས་མཛུབ་མོ་གར་གཏད་བརྩི་བ་ལས་དབང་ཆ་གང་ཡང་མེད། ཁོ་ཚོ་ནི་ལག་ཆ་དང་འཚོ་རྟེན་རང་རེད། གང་ལྟར་སྔོན་དུས་བོད་གཞུང་ཡོད་སྐབས་ཀྱི་ལས་བྱེད་རྙིང་པ་དག་ལ་གླ་ཕོག་མ་ཆད་ན་ད་གས་འགྲིག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme