Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ།

Posted on 2013-09-272013-09-28 By ཁ་བརྡ་ 10 Comments on ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ།

ཐེ་བོ་སངས་རྒྱས།

0ཉིས་སྟོང་བདུན་ལོར་ས་སྟེང་ངོ་མཚར་ཅན་བདུན་བརྩི་སྟངས་གསར་བའི་ནང་ཚུད་ཅིང་འཛམ་གླིང་ན་སྐུ་འདྲའི་ཆེ་ཚད་རིམ་པ་ལྔ་བ་ཟིན་པའི་ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ་ Christ the Redeemer,ནི། ཕྱི་ལོ་1850 ནང་ལྷོ་ཨ་མེ་རི་ཁའི་བྷིར་རྫིལ་Brazil, རྒྱལ་ཁོངས་རིའོ་ཌེ་རྗན་ནེ་རོ་ Rio de Janeiro,ས་གནས་ཀྱི་ཡེ་ཤུའི་སྤྱི་འདོམས་ཆོས་དཔོན་ཕེ་ཌོར་མཱ་རི་ཡས་ Pedro Maria, ཁོར་ཁོ་ཝ་ཌོ་རི་བོའི་ Corcovado,རྩེ་རུ་ཡི་ཤུའི་ཆོས་ལུགས་ཀྱི་དྲན་རྟེན་སྐུ་འདྲ་ཆེན་མོ་ཞིག་བཞེངས་རྒྱུའི་བསམ་བློ་འཁོར་བས། ཡུལ་དེའི་རྒྱལ་མོ་ཨི་སེ་བྷལ་ princess Isabel, ལ་ལས་གཞི་དེ་གཏོང་སྒོའི་དངུལ་རྩིས་ནང་འགོད་པའི་རེ་སྐུལ་ཞུས་ཀྱང་། རྒྱལ་མོ་ཨི་སེ་བྷལ་གྱིས་ཆོས་དཔོན་གྱི་བསམ་ཚུལ་སྣང་མེད་བཏང་བས་མི་ལོ་བཅུ་ཕྲག་འགར་རེ་བ་དེ་དོན་ཐོག་ཏུ་མ་འཁྱོལ།

1889 ལོར་བྷིར་རྫིལ་ནང་རྒྱལ་པོའི་ལམ་ལུགས་འཕོ་འགྱུར་གྱིས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། ཡེ་ཤུའི་ཆོས་ཁང་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་དབྱེ་བསལ་ཁྲིམས་ལུགས་མང་མོས་ཀྱིས་གཏན་ལ་ཕབ། 1920 ལོར་གྲོས་འཆར་གཉིས་པའི་ནང་དོན་ལྟར་ཁོར་ཁོ་ཝ་ཌོ་རི་མགོར་ས་གཞིའི་མཚམས་རྟགས་སུ་གྱུར་པའི་འདྲ་སྐུ་དེ་གསར་བཞེངས་ཀྱི་འགན་ལེན་ཚོགས་པ་བཙུགས་ཏེ། མིང་ལ་སེ་མ་ནཱ་ཌོ་མོན་ནུ་མེན་ཐྲོ་ Semana do Monumento,(དྲན་རྟེན་བདུན་ཕྲག་)ཞེས་བཏགས། ཚོགས་པ་དེས་བྷིར་རྫིལ་ཡོངས་ཁྱབ་ལ་ཞལ་འདེབས་བསླངས་པ་དང་མཉམ་དུ་འདྲ་སྐུ་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་ཀྱང་བསྡུ་རུབ་བྱས། བཟོ་སྐྲུན་ཇུས་འགོད་པ་ཧེ་ཐྲོར་ཌ་སིལ་ཝ་ཁོ་སི་ཐྲ་ Heitor da Silva Costa,ཡིས་སྐུ་དེའི་བཟོ་བཀོད་སྐྱ་ཐིག་འཐེན་པ་དང་། འཆར་འགོད་སྡེ་ཁག་ཅིག་དང་ལག་རྩལ་བ་རྣམས་ཀྱིས་འབུར་བརྐོས་རིག་པའི་མཁས་ཅན་ཕུལ་ལན་ཌོ་སི་ཁེ་ Paul Landowski,ཡི་མཛུབ་སྟོན་ལྟར་ཤར་སྐྱོད་སྦྱང་བརྡར་གྱིས་འདྲ་སྐུ་དེ་བཞེངས་རྒྱུ་ཁག་ཐེག་བྱས།

1922 ལོ་ནས་བཟུང་ཨར་ལས་འགོ་བརྩམས་ཤིང་ 1931 ལོར་ལེགས་གྲུབ་དང་བསྟུན་ནས་སྐུ་འདྲ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས། དེ་ནི་ཕོ་ལན་ཌི་དང་ཧྥ་རན་སི་གཉིས་ཀྱི་ Polish-French, བཟོ་ལུགས་ཟུང་འབྲེལ་ལ་བརྟེན་ནས་གྲུབ་པར་བཤད། བཟོ་བཀོད་འཆར་འགོད་པས་སྐུ་འདྲ་དེ་ཡི་ཤུ་ཇེ་སུ་བའི་ལུགས་ཀྱི་རྒྱངས་ཤིང་དབྱིབས་ཅན་དང་། ཕྱག་གཉིས་བརྐྱངས་པའི་ནང་སའི་གོ་ཡོད་པ་དག་གིས་ཞི་བདེ་མཚོན་ཐབས་སུ་གཞོལ་བའི་བསམ་བློ་དང་སྒྱུ་རྩལ་གྱིས་མི་རྣམས་དང་བ་འདྲེན་ལ། ཕྱི་ངོས་རྩིག་པ་དག་རྡོ་འདག་རྫས་ཅན་ soapstone,ལས་བྱས་ཡོད་སྟབས་རང་བཞིན་གྱིས་བརྗིད་ཉམས་ལྡན་པའི་སྣང་བ་སྟེར། ཞབས་སྟེགས་མ་བརྩིས་པའི་མཐོ་ཚད་ལ་ཧྥི་ཁྲི་ 98 ft,དང་ལྗིད་ཚད་ལ་ཐྲོན་635 tonnes, ཡོད། འགྲོ་གྲོན་གྱི་དོད་དུ་ཨ་སྒོར་$250.000 ཡིན་ལ། 2013 ལོའི་ཨ་སྒོར་གྱི་འཛའ་ཐང་དུ་ཕབ་ན། $3.200.000 ཡིན།

2006 ལོར་འདྲ་སྐུ་དེ་བཞེངས་ནས་མི་ལོ་དོན་ལྔ་འཁོར་བའི་དུས་དྲན་མཛད་རིམ་ལས་རབ་གནས་དང་། སྐུ་དེ་བྷིར་རྫིལ་བའི་ས་ཐོབ་ཀྱི་མགོན་སྐྱབས་སུ་དབང་བསྐུར་ཅིང་དེའི་མདུན་དུ་མི་རྣམས་ཆོས་སྒོར་འཇུག་པའམ་ཡང་ན་ཆང་སའི་སྟ་གོན་བྱ་ཆོག་པའི་གནང་བ་ཐོབ་མོད། ལྷ་ཐོད་དཀར་འཁྲིས་ན་འདྲེ་སྣ་ནག་མ་ཞེས་པའི་དཔེ་ལྟར། 2008 ལོའི་ཟླ་2 ཚེས་10 ཉིན་གློ་བུར་བའི་དྲག་ཆར་རླུང་འཚུབ་ཁྲོད་སྐུ་འདྲ་དེའི་ཐད་ཐོག་བརྒྱབས་པས་དབུ་དང་སྨིན་མ་ཕྱག་མཛུབ་བཅས་ལ་གས་ཆག་བཏང་། བསྐྱར་གསོའི་ཐད་ས་གནས་སྲིད་གཞུང་གིས་འགན་རྐང་བླངས་ཏེ་ཆག་གྲུམ་ཤོར་བ་རྣམས་དང་ཕྱི་ལོགས་ཀྱི་རྡོ་འདག་རྫས་ཅན་གྱི་རྩིག་པ་འགའ་ཡང་སྐབས་དེར་གསར་དུ་བརྗེས་སྣང་ངོ་།།

ལོ་རྒྱུས།

Post navigation

Previous Post: རྗར་མེ་ནི་བོད་ཁང་ནང་།༼རྒྱུས་མངའ་ཅན་ཞེས་པའི་པར་རིས་ཀྱི་འགྲེམས་སྟོན།༽བྱས།
Next Post: སྤྱི་ཚོགས་གླེང་བརྗོད་དེབ་༼སྨན༽་ཞེས་པའི་རྩོམ་བརྡ།

Comments (10) on “ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ།”

  1. དྲན་དཀར་དཔལ་ཡོན་ says:
    2013-09-28 at 2:29 am

    བཟང་གི

  2. རི་རྒ་ཏི་སེ། says:
    2013-09-28 at 3:08 am

    ལྷོ་ཨ་མེ་རི་ཁའི་བྷིར་རྫིལ་Brazil, རྒྱལ་ཁོངས་རིའོ་ཌེ་རྗན་ནེ་རོ་ Rio de Janeiro,ས་གནས་ཀྱི་ཡེ་ཤུའི་སྤྱི་འདོམས་ཆོས་དཔོན་ཕེ་ཌོར་མཱ་རི་ཡས་ Pedro Maria, ཁོར་ཁོ་ཝ་ཌོ་རི་བོའི་ Corcovado,རྩེ་རུ་ཡི་ཤུའི་ཆོས་ལུགས་ཀྱི་དྲན་རྟེན་སྐུ་འདྲ་ཆེན་མོ་ཞིག་བཞེངས་ཡོད་པ་དེའི་ངོ་སྤྲོད་གནང་བ་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

  3. lobsang199 says:
    2013-09-28 at 11:33 am

    (འགྲོ་གྲོན་གྱི་དོད་དུ་ཨ་སྒོར་$250.000 ཡིན་ལ། 2013 ལོའི་ཨ་སྒོར་གྱི་འཛའ་ཐང་དུ་ཕབ་ན། $3.200.000 ཡིན།) ཟེར་ན་གང་རེད། དོན་གོ་མ་སོང། ག་འདྲ་བྱས་ནས་རྩི་བ་རེད།

  4. ཐེ་བོ་སངས་རྒྱས says:
    2013-09-28 at 11:54 am

    Lobsang199 ལགས། རྩིས་ཁྲ་དང་པོ་དེ་གསར་བཞེངས་གྲུབ་སྐབས་ཡས་མས་ཀྱི་ཡིན་ས་རེད། མཁྱེན་གསལ་ལྟར་ཤོག་དངུལ་གྱི་འཛའ་ཐང་ནི་ལོ་རེར་འཕར་ཆག་གི་ཚད་གཅིག་ཏུ་མ་ངེས་པས་ཆ་འཇོག་དཀའ་བ་ལགས།

  5. BONPO says:
    2013-09-28 at 6:15 pm

    ལྷ་ཐོད་དཀར་འཁྲིས་ན་འདྲེ་སྣ་ནག་མ་་་་་ཞེས་པ་འདི་ལུང་པ་གང་གི་ཁ་དཔེ་རེད་དམ།

  6. བསམ་ཤེས། says:
    2013-09-28 at 8:19 pm

    ང་ཚོ་བོད་ལ་ཡང་། སྟོན་པའི་སྐུ་ཆེན་པོ་འགའ་ཤས་བཞེངས་ཐུབ་ན། འབྱུང་འགྱུར་བོད་མི་དག་ལ་ཕན་ངེས། རྒྱུ་མཚན་ནི་དེས་ཡུལ་སྐོར་སྤྲོ་འཆམ་ལ་ཕན་པ་དང་། དེས་ས་གནས་ཀྱི་འཚོ་བར་ཕན་ནོ།

  7. རི་རྒྱལ་ཏི་སེ། says:
    2013-09-30 at 12:49 pm

    རེད་རེད་དེ་ལྟ་གང་མང་བཞེངས་ཐུབ་ཚེ་སྤྱི་སྒེར་ཚང་མ་ལ་ཕན་ཆེ་བ་ཡོངས་རྒྱུ་ནི་སྨོས་མ་དགོས་སོ།།

  8. རི་རྒྱལ་ཏི་སེ། says:
    2013-09-30 at 1:04 pm

    ད་ཡིན་ན་ཁ་བརྡའི་དྲ་བ་འདི་ལྟ་སྟབས་མི་བདེ་བ་ཁྱད་མཚར་ཞིག་བཟོས་འདུག

  9. Richeal says:
    2013-09-30 at 4:57 pm

    ཁྱོད་ཚང་གི་དྲ་ཚིགས་ལ་བཅོས་བཟོས་བྱས་པ་འདི་ཡག་མ་དགོས་བཙོག་གི་གཞི་མ་རེད། ངོ་མ་མིག་ལ་མི་མཛའ་གི རབ་ཡིན་ན་སྔོན་ལྟར་བཅོས་རོགས།

  10. ཀ་ཁའི་རྫི་བོ། says:
    2013-09-30 at 10:10 pm

    སྤྱིར་བྱ་དངོས་གང་ཡིན་རུང་ལེགས་པའི་ཕྱོགས་སུ་བསྒྱུར་བཅོས་གཏོང་དགོས་མོད། དེ་རིང་ཁ་བརྡ་ཚང་གི་གསར་བསྒྱུར་འདི་དགའ་ས་ཞིག་ཁྱོན་ནས་རེད་མི་འདུག ཀློག་པ་པོ་ཞིག་གི་བསམ་ཚུལ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme