Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྗར་མེ་ནི་བོད་ཁང་ནང་།༼རྒྱུས་མངའ་ཅན་ཞེས་པའི་པར་རིས་ཀྱི་འགྲེམས་སྟོན།༽བྱས།

Posted on 2013-09-272013-09-27 By ཁ་བརྡ་ 9 Comments on རྗར་མེ་ནི་བོད་ཁང་ནང་།༼རྒྱུས་མངའ་ཅན་ཞེས་པའི་པར་རིས་ཀྱི་འགྲེམས་སྟོན།༽བྱས།

གནས་ཚུལ་མཁོ་གཏོང་བ། གངས་འདབས།

0-1ལོ་འདིའི་ཟླ་དགུ་པའི་ཚེས་ཉི་ཤུ་སྟེ་རེས་གཟའ་པ་སངས་ཀྱི་དགོང་དྲོ་ལ་རྗར་མེ་ནི་བོད་ཀྱི་ཁང་པས༼རྒྱུས་མངའ་ཅན༽ཞེས་པའི་པར་རིས་འགྲེམས་སྟོན་ཞིག་གཉེར་སོང་། སྒྱུ་རྩལ་བ་འབུམ་རམས་པ་ཕུན་ཚོགས་རྡོ་རྗེས་ཁོང་གི་ཕ་ཡུལ་ལ་དྭགས་ཀྱི་ཡུལ་ལྗོངས་དང་། ཡུལ་མི་དང་འཚོ་བའི་ཁྱད་ཆོས་ཐུན་མིན་མཚོན་པའི་པར་རིས་སྤུས་ལེགས་ཁག་ཅིག་འགྲེམས་སྟོན་བྱས་སྐབས་སུ། སྒྱུ་རྩལ་བ་ཁོང་གིས་གསུངས་དོན།༼ངས་ང་རང་གི་ཕ་ཡུལ་སྐོར་པར་རིས་ཀྱི་ལམ་ནས་མི་རྣམས་ལ་སྤྱན་ཕུལ་ཞུས་ན་སྙམ་པའི་འདུན་པ་དེ་ཆུང་དུས་ནས་ཡོད་དེ། ལ་དྭགས་པ་ཞིག་གིས་རང་གི་ཕ་ཡུལ་ལ་བཅང་པའི་བརྩེ་སེམས་དང་། མཐོང་སྣང་དང་ཕ་ཡུལ་གྱི་རིག་གནས་ཕྱུག་པོ་དེ་དག ལ་དྭགས་པ་རང་མི་ཞིག་གི་བལྟ་ཕྱོགས་དེ་གཞན་ལ་བསྟན་འདོད་པའི་རེ་བ་ཞིག་དུས་རྟག་ཏུ་ཡོད། ང་རང་སློབ་གྲྭའི་ནང་ཡོད་དུས་ནས་པར་རྒྱབ་རྒྱུར་དགའ་པོ་ཡོད། སྐབས་དེ་དུས་དཔལ་འབྱོར་ཞན་པས་པར་ཆས་སྤུས་དག་གཅིག་ཉོ་ཐུབ་མེད་ཀྱང་། འཚོ་བའི་བརྒྱུད་རིམ་མང་པོ་འགྲེམས་ནས་ད་ཆ་རང་གི་རེ་འདོད་མངོན་གྱུར་བྱུང་སོང་། ངས་སྒྱུ་རྩལ་གྱི་རྣམ་པ་ཉི་འོད་དང་། གྲིབ་ནག་གཉིས་ཀྱི་ཐོག་ནས་པར་རྒྱག་བཞིན་པ་ནི་བདག་གི་དམིགས་བསལ་གྱི་ཁྱད་ཆོས་ཡིན། ཐུགས་རྗེ་ཆེ།༽

0བོད་ཀྱི་གྲོགས་པོ་རྗར་མན་པ་གྲགས་ཅན་པར་རིས་གསར་འགོད་པ་ཌི་ཌར་(Dieter Glogowski)མཆོག་གིས་ལ་དྭགས་དང་། བོད་ཀྱི་གནས་སྟངས་སོགས་ཀྱི་སྐོར་སྔོན་བརྗོད་གནང་པ་དང་། དེ་བཞིན་བོད་ཀྱི་ཁང་པའི་དབུ་འཛིན་འདུས་བྱུང་ཕུན་ཚོགས་ཚེ་རིང་མཆོག་གིས་སྐུ་མགྲོན་རྣམ་པར་འཚམས་འདྲིའི་གཏམ་བཤད་ ༼སྐུ་མགྲོན་སྤྱི་དང་། ལྷག་དོན་ད་རིས་འགྲེམས་སྟོན་འདིར་ཆེད་ཕེབས་གནང་བའི་རྒྱ་གར་གཞུང་ཚབ་རྣམ་པ་གཉིས་ལ་འཚམས་འདྲི་ཞུ་བ་དང་། བོད་ཀྱི་ཁང་པའི་མཛད་རིམ་མང་པོ་ཡོད་པ་གཞི་བཞག་ང་ཚོར་དམིགས་ཡུལ་དང་ལས་འགན་ཡང་དུ་མ་ཡོད། བོད་ཀྱི་ཆོས་དང་། རིག་གཞུང་རྒྱ་ཆེར་ཁྱབ་ཡོད་སའི་ཧི་མ་ལའི་རི་རྒྱུད་ལ་གནས་པའི་ཡུལ་མི་ཚོར་ཡང་གོ་སྐབས་ཕུལ་བ་དང་། གདེངས་ཆ་སྐྲུན་རྒྱུས་མཚོན་འགྲིམས་སྟོན་འདི་ལྟ་བུ་གོ་སྒྲིག་བྱས་པ་བརྒྱུད་དམིགས་ཡུལ་དེ་ཚོ་ཡང་མངོན་འགྱུར་ཡོང་སླད་ཡིན།༽ ཞེས་གསུངས་པ་དང་། ལ་དྭགས་ཀྱི་གཞས་མ་སྐལ་བཟང་སྒྲོལ་མས་ལ་དྭགས་ཀྱི་དམངས་གཞས་བཏང་བ་ལས་འགྲེམས་སྟོན་ལ་གཟིགས་པར་ཕེབས་མཁན་ཚོས་དགའ་སྤྲོའི་ཐལ་མོ་བརྡབ་ཞིང་ཐུགས་མཉེས་པོ་གནང་ངོ།


0-2ཡོ་རོབ་ཀྱི་དབུས་སུ་གནས་པའི་བོད་ཀྱི་ཤེས་རིག་བསྟི་གནས་རྗར་མེ་ནི་བོད་ཀྱི་ཁང་པར་སྡེ་ཚན་ལྔ་ཡོད་པ་ལོ་གཅིག་ལ་ཁྱོན་བསྡོམས་བྱེད་སྒོ་ཆེ་ཆུང་སུམ་བརྒྱ་ལྷག་ཙམ་སྤེལ་བཞིན་ཡོད་པ་དང་། སྒྱུ་རྩལ་གྱི་སྡེ་ཚན་ཁྱབ་ཁུངས་ནང་ལོ་གཅིག་ལ་འགྲེམས་སྟོན་ཐེངས་གཉིས་སྤེལ་གྱིན་ཡོད། བོད་ཀྱི་ཁང་པ་ནི་ ༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་འཛིན་དབུ་འཛིན་གནང་བ་དང་། བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་དབུ་འཛིན་གནང་མུས་རེད།

གསར་འགྱུར།

Post navigation

Previous Post: ཨ་གྱ་རིན་པོ་ཆེས་རྒྱ་དམར་གྱི་སྲིད་ཇུས་ལ་དགག་པ་བརྒྱབས་པ།
Next Post: ཡེ་ཤུའི་སྐྱོབ་པ་པོའི་འདྲ་སྐུ།

Comments (9) on “རྗར་མེ་ནི་བོད་ཁང་ནང་།༼རྒྱུས་མངའ་ཅན་ཞེས་པའི་པར་རིས་ཀྱི་འགྲེམས་སྟོན།༽བྱས།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-27 at 6:27 pm

    དགོང་དྲོ་ལ་ལ་དྭགས་པའི་ཁ་སྐད་དུ། ད་དུང་ཡང་བོད་རིག་གཞུང་སྐད་བཞིན་ཡང་འཇུག་ས་ལྡན། དགོངས་དྲོ། ཞེས་འབོད། འདི་ཉིད་སྐད་རིགས་ཀྱི་སྒོ་ནས་བོད་རིགས་ཡོངས་གཅིག་སྒྲིལ་ལ་ཕན། རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་རིན་པོ་ཆེ་སོགས་ལ་དྭགས་པ་ལ་ཐུགས་མཉེས། ལོ་རྗེས་མ། ལ་དྭགས་སུ་དུས་འཁོར་དབང་ཆེན་སྩོལ་བར་ཞལ་བཞེས་པར་ལ་དྭགས་པ་ཀུན་དགའ་བཞིན་སྤྲོ་བཞིན་དུ་ཡོད་དོ།

  2. བསམ་ཤེས། says:
    2013-09-28 at 8:11 pm

    རྒན་ལ་དྭགས་པ་ལགས། དག་ཆའི་སྐོར་ལ་མུ་མཐུད་བཀའ་འདྲི་ཞུ་ཆོག་ཞུ།

    མང་པོའི་དཀྱིལ་ནས་བདམས་པ་ལ།

    བདམ། འདེམ། བདམས། དོམས། ལྟ་བུ་འབྲི་སྲོལ་འདུག དེ་འགྲིགས་སམ། འོན་ཀྱང་ལ་ལས་གདམ་པ་དེ་ཡང་མང་པོའི་ནང་ནས་སྒྲུག་པའི་དོན་ལ་འཇུག་ཟེར། དེ་ལྟར་ཡིན་ན། 

    གདམ་དང་བདམ་གཉིས་དོན་ཅིག་ལ་འབྲི་སྲོལ་མི་འདྲ་བ་ཡིན་ནམ།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-28 at 10:48 pm

    བསམ་ཤེས་མཆོག
    འདི་ལྟར་ལྟ་དགོས་པས། བདག་རང་བློ་བསྐྱེད་བྱུང་། ཨ་རི་པ་མཁས་དབང་གོལྡ་སྟེཨིན་གྱིས་འདི་ལྟར་བཀོད་དེ།

    འདེམས་ p. བདམས་; f. གདམ་; imp. འདོམས་ or འདེམས་
    ‘ (dem) va. to choose, to select, to elect ཁོ་སྔོནདགེ་རྒན་དུ་བདམས་པ་རེད:^- (They) selected him as an outstanding teacher.
    ཁྱེད་ཀྱིས་ཨིན་སྐད་མཁྱེན་ནམ། གོང་གསལ་ཁྱེད་ཀྱི་བྲིས་དང་གོ་སྡུར་མཛོད་

    བསམ་ཤེས་མཆོག་དང་གཞན་བོད་ཀྱི་རིག་གཞུང་སྐད་ལ་གཅེས་པ་རྣམས་ལ།

    བསྩལ། སྩོལ། བསྩལད། སྩོལ། ལྟ་བུ་འཁོད་འདུག

    ཟ་མ་ཏོག་ལྟར་བགྱིས་ན། ཚིག་འདིའི་དུས་གསུམ་ཇི་ལྟར་འབྲི་དགོས་སམ།

    འདི་ལ་ལན་འདི་ལྟར་ཡིན་ཏེ།
    ་
    གཞན་ཡང་བས་འཕུལ་ཅན་ཕལ་ཆེར།
    འདས་ལ་བས་འཕལ་འཕུལ་ཡང་འཇུག་ཡོད།
    མ་འོངས་འཕུལ་ཡོད་ཡང་འཇུག་མེད།
    སྐུལ་ཚིག་འཕུལ་མེད་ཡང་ཡང་འཇུག་ཡོད།
    ད་ལྟ་བ་ལ་གཉིས་ཀ་མེད།
    ་
    ཅེས་པ་ལྟ་བུ་ཞིག་བློ་འཛིན་བྱས་པ་ཡིད་དུ་འདུག འདིའི་ནང་གི་ཕལ་ཆེར་ཞེས་པས་བས་འཕུལ་ཡིན་ནོ་ཅོག་ལ་དེ་ལྟར་མི་ཆོག་པར་དབྱངས་གྲུབ་པའི་རྗེས་གསུངས་པ་ལྟར་ན།
    ད་ལྟ་འདས་མ་འོངས་སྐུལ་ཚིག་རིམ་པ་བཞིན་དུ།
    སྩོལ་ སྩལད་ སྩལ་ སྩོལད། ཅེས་པ་བོད་ཀྱི་རིག་གཞུང་དཔེ་ཆ་ཀུན་དང་མཐུན། ཟ་མ་ཏོག་ཏུ། སྩལ་ཏོ་གྱུར་ཏོ་ཕྱིན་ཏོ་སོགས། ཞེས་པས་འདས་ཚིག་བསྟན། གཞན་ཡང་། བཀའ་སྩལ་པ་དང་དངོས་གྲུབ་སྩལ། དངོས་གྲུབ་སྩོལ་དང་སྩལ་དུ་གསོལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས། །ཞེས་པས་དུས་གསུམ་སྐུལ་ཚིག་བཅས་བསྟན་ཏོ།

  4. བསམ་ཤེས། says:
    2013-09-29 at 5:09 pm

    རྒན་ལ་དྭགས་པ་ལགས།

    ཐུགས་རྗེ་ཆེ། ད་དུང་ཚིག་གཅིག་འདྲི་རྒྱུ་ཡོད་དེ།

    གཞན་ལ་བསླབ་བྱ་བགྱི་བ་སྟེ། འདོམས་ལྟ་བུར། དུས་གསུམ་ཇི་ལྟར་འབྲི།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-29 at 10:27 pm

    བསམ་ཤེས་མཆོག
    འདོམས་ཞེས་པ་འདེམས་ཀྱི་སྐུལ་ཚིག་ཏུ་མཁས་དབང་ཨ་རི་པ་གོལྡ་སྟེཨིན་གྱིས་བཀོདཔ་ལ་རྣམ་པར་དཔྱོད་ཅེས་བསྐུལ་ཀྱང་ཁྱེད་ཀྱིས་མ་དཔྱད་པའི་རྟགས་སོ།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-29 at 11:18 pm

    བསམཤེས་མཆོག་ལ།
    ཁྱེད་ཀྱི་དྲི་བ་། “གཞན་ལ་བསླབ་བྱ་བགྱི་བ་སྟེ། འདོམས་ལྟ་བུར། དུས་གསུམ་ཇི་ལྟར་འབྲི།” ཞེ་ས་པ་ དེ་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་ན་འདི་ལྟར་བྲིས་ཏེ།ད་འདས་མ་འོངས་སྐུལ་ཚིག་རིམ་པ་བཞིན།

    འདོམས་་ གདམས་ གདམ་ འདོམས།

  7. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-29 at 11:35 pm

    གོལྡསྟེཨིན་གྱིས་ཀྱང་ཇི་ལྟ་བར་བྲིས། དཔེར་མརྗོད་ཀྱང་བྲིས་ཏེ།
    དགེ་རྒན་གྱིས་དགེ་ཕྲུག་ཚོར་སློབ་ཚན་གྱི་དཀའ་གནད་རྣམས་གདམས་པ་རེད།

  8. བསམ་ཤེས། says:
    2013-09-30 at 11:33 am

    རྒན་ལ་དྭགས་པ་ལགས།

    བཀའ་གནང་བར་ཐུགས་རྗེ་ཆེ། གོལྡ་སྟེ་ཨཻན་གྱི་ཚིག་མཛོད་ཅིག་བསྒྲིགས་འདུག་པས་དེ་ལ་ཟེར་རམ། དེའི་མིང་ལ་ The New Tibetan English Dictionary of Modern Tibetan ཟེར་རམ།

    དེ་ནས་ཡང་འདྲི་བ་གཅིག་ལ། གསུང་པའི་འདས་ཚིག་ལ་གསུངས་བྲིས་པ་མཐོང་བྱུང་བས་དེ་འགྲིགས་སམ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-30 at 10:21 pm

    བསམ་ཤེས་མཆོག་ལ།
    ཚིག་མཛོད་དེ་རང་ཡིན་འདུག དིང་དུས་བོད་སྐད་་དང་མཐུན་པར་བྲིས་པ་ལས། བྱ་ཚིག་རྣམས་རིག་གཞུང་སྐད་དང་མཐུན་པ་མཆིས་པས། དེ་ཉིད་ལ་བཀོལ་སྤྱོད་དགོས། འོན་ཀྱང་དགོངས་ལ་དགོང་ཞེས་བྲིས་པ་ཆོས་སྐད་དང་བོད་ཀྱི་ལུང་སྐད་འགའ་ཞིག་དང་མི་མཐུན་པ་མ་གཏོགས་ལེགས་པ་ཞིག་ཏུ་་མཐོང་།

    གསུང་ P གསུངས་f. གསུང་; imp. གསུངས་ བོད་རྒྱ་ཚིག་མཛོད་ན་ཡང་དེ་རང་དུ་འདུག
    ཤེས་རབ་སྙིང་པོ་ན། གསུངས་པ་ལ་མངོན་པར་བསྟོད་དོ། ཞེས་པའི་གསུངས་པ་འདས་ཚིག་ཡིན་པ་དང་མཐུན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme