Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁོ་བོའི་མི་ཚེ།

Posted on 2013-09-252013-09-25 By ཁ་བརྡ་ 1 Comment on ཁོ་བོའི་མི་ཚེ།

ལྷ་རྩེའི་ཁུ་བྱུག

ཁོ་བོའི་དངོས་མིང་ལ་བསོད་ནམས་ཆོས་དབྱིངས་དང་། སྨྱུག་མིང་ལ་ལྷ་རྩེའི་ཁུ་བྱུག་ཏུ་འབོད། ཁམས་རབ་ཤེས་སྒོག་སྟོད་དུ་སྐྱེས་འཚར་བྱུང་ཞིང་། ཆུང་དུས་ཕྱུགས་རྫིར་བསྐྱོད་པ་ལས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་ནའང་། ཕ་རྒན་དྲིན་པོ་ཆེས་བོད་ཡིག་བསླབས་ཏེ། ནང་ཆེན་སྐྱོ་བྲག་དགོན་པའི་ཚོགས་གྲལ་ཞུགས་པ་ན། དགའ་སྐྱོའི་རྨི་ལམ་ལྟ་བུ་བཟང་ངན་དུ་མའི་ཀློང་དུ་ཁ་ཡན་ཞིང་། བར་ཞིག་ཏུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེའི་བདག་རྐྱེན་ལ་བརྟེན་ནས་གྲོགས་དགའ་དབང་དང་གྲགས་བཟང་གི་ལྷན་མདོ་སྟོད་རྫོགས་ཆེན་ཤྲི་སེང་ཆོས་གྲྭ་དང་། ཨ་རིག་ཆོས་གྲྭ། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་ནས་ཐོས་བསམ་ཅུང་ཟད་བགྱིས་པའི་སྐལ་བཟང་ཐོབ། ལྷག་པར་དཔལ་སྤུངས་མཁན་ཆེན་དིལ་ཆུང་བློ་ཆོས་སྐུ་མདུན་དུ་ལོ་གསུམ་ཙམ་གྱི་ཡུན་དུ་བྲིས་གཟུགས། སུམ་ཅུ་པ། དག་ཡིག ནག་རྩིས། སྙན་ངག་ལེའུ་བར་པ་སོགས་ལ་རང་བློས་གང་ལྕོག་སློབ་གཉེར་བྱས། སྙན་ངག་ལེའུ་ཐོག་མཐའ་གཉིས་རྟ་རྒྱུག་མཁན་པོ་ཐུབ་བསྟན་གྱི་མདུན་ནས་དགུན་གཅིག་ལ་ཞུས།

སློབ་དཔོན་ཁྲོ་རུ་ཚེ་རྣམ་མཆོག་གི་མདུན་ནས་སྒྲ་དང་། ལྷ་རྒན་ཀརྨ་ཐིག་མཆོག་གི་མདུན་ནས་གསོ་བ་རིག་པ། མཁན་ཆེན་བསྟན་པ་རབ་རྒྱས་སོགས་མཁས་དབང་འགའི་སྐུ་དྲུང་དུ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་གང་འཚམས་རེ་ཞུས། བར་ཞིག་ཏུ་སྐྱོ་བྲག་བཤད་གྲྭ་ལེགས་བཤད་ཆོས་གླིང་དུ་བྲིས་སུམ་རྟགས། དག་ཡིག ས་དཔྱད། སྙན་ངག་སོགས་ལོ་མང་དུ་བཏོན། སྒེར་རྩོམ་མཐོ་སྒང་ཞོགས་རླུང་། སྙན་ངག་དཔེར་བརྗོད་དབྱངས་ཅན་འཛུམ་དཀར། ལྷོ་རྫ་ཆུ་སྔོན་མོའི་རླབས་སྒྲ། གསེར་མདོག་ལང་ཚོ། སྲིད་པའི་གཞི་མདོར་ཁུར་བའི་ལོ་མ་དམར་པོ། རྣམ་ཤེས་སྒུལ་བའི་དབྱངས་རྟ། སྙན་ངག་ལ་འཇུག་པའི་ལམ་དང་། ཆོས་རྗེ་སྒམ་པོ་པ་བསོད་ནམས་རིན་ཆེན་གྱི་རྗེས་དྲན་དེབ་ཀྱི་ཆ་ཤས་བླངས་ཤིང་། ད་ལྟ་བཅད་མ་ཕྱོགས་བསྒྲིགས་མི་འགྱང་བར་མི་ཡུལ་ལ་ཆས་པའི་སྟ་གོན་བྱ་བཞིན་ཡོད།

དུས་དེབ་སེང་གེ་གནམ་མཆོང་། ནང་ཆེན་དུས་དེབ་གཉེར་དང་གཉེར་བཞིན་ཡིན། བོད་ལྗོངས་རྩོམ་རིགས་སྒྱུ་རྩལ། ཁུལ་གཙང་གསུམ་དུས་དེབ་གཙོས་དུས་དེབ་དང་། གངས་རྒྱན་ན་ཆུང་ཚགས་པར་གཙོས་དེབ་ཚགས་བཞི་བཅུ་ལྷག་གི་ངོས་སུ་སྙན་ངག་མང་དུ་བྲིས་མྱོང་ལ། མདོ་དབུས་ཁམས་ཀྱི་གླུ་པ་ཤེར་བསྟན་དང་ཀུན་དགས་གཙོས་སྒེར་སྡེར་དང་ཆེད་གཉེར་སོགས་ཟེར་སྡེར་སུམ་ཅུ་ཙམ་ལ་གླུ་ཚིག་བྲིས། བར་སྐབས་དག་ཏུ་ཕར་ཕྱིན་བྱམས་པའི་དགོངས་རྒྱན་དང་། ཚད་མ་གནམ་ལྕགས་ཐོག་མདའ་སོགས་རིག་གཞུང་པར་སྐྲུན་གྱི་ལས་ཀ་ལ་ཞུགས། ཕྱིས་སུ་སྤྱི་འགྲོས་ལྟར། སེང་རྡོར་དྲ་བ། མཚོ་སྔོན་པོའི་ཟིན་བྲིས། ཉི་ཟེར་དྲ་བ། དགེ་ཆོས་དྲ་བ། འབའ་རོམ་དྲ་བ། ཕྱི་གཉེར་ཁ་བརྡའི་དྲ་བ། ཆང་ས་དྲ་བ་སོགས་སུ་སྙན་ངག་སྐོར་ཞིག་འབྲི་བཞིན་ཡོད་དོ། །

ལོ་རྒྱུས།

Post navigation

Previous Post: མའོ་ནས་ཞི་བར་གྱི་རྒྱ་ནག་གི་ཕུགས་འདུན།
Next Post: ཉི་མ།

Comments (1) on “ཁོ་བོའི་མི་ཚེ།”

  1. རྒྱང་མིག says:
    2013-09-25 at 10:20 am

    ངོ་སོ་བསྟོད། ཁ་བརྡ་དང་སེང་རྡོར་དྲ་རྒྱ་གཉིས་ནས་ཐེངས་ཁ་ཤས་ལ་མཐོང་སོང་། མུ་མཐུད་དུ་རང་རེའི་བོད་ཡིག་གི་ཚེ་སྲོག་སྲུང་སྐྱོབ་ཀྱི་ལས་བཟང་ལ་བརྩོན་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme