Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་རིན་པོ་ཆེས་ངོས་ཀྱི་མི་ཚེས་གཞིས་བྱེས་མཉམ་འཛོམས་བར་འདང་ངེས་ཀྱི་སྐལ་བཟང་བཀའ་སློབ་བསྩལ་བ།

Posted on 2013-09-242013-09-24 By ཁ་བརྡ་ 19 Comments on རྒྱལ་བ་རིན་པོ་ཆེས་ངོས་ཀྱི་མི་ཚེས་གཞིས་བྱེས་མཉམ་འཛོམས་བར་འདང་ངེས་ཀྱི་སྐལ་བཟང་བཀའ་སློབ་བསྩལ་བ།

༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།

༄༅།།བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་དང་སྲིད་སྐྱོང་མཆོག་བཅས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་པའི་ནང་། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུ་དང་དེ་འདྲ་ཞིག་ཡོང་བའི་གནས་སྟངས་བར་༸གོང་ས་མཆོག་གི་སྐུ་ཚེས་འདང་ངེས་ཤིག་ཡོང་ངེས་རེད། ཅེས་སྐལ་བཟང་གི་བཀའ་སློབ་ཕེབས་ཡོད།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་དབུ་འཛུགས་དང་སྦྲགས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྲིད་སྐྱོང་མཆོག་རྣམ་གཉིས་ཀྱིས་གསལ་བཤད་གནང་དོན་དེ་ཡང་ཚོགས་གཙོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སར་༸ཞབས་སོར་འཁོད་པ་དང་ཡིག་ཆ་ཨང་ ༡༧ དང་འབྲེལ་བའི་སྐོར་སྙན་སེང་མཇལ་ཁ་དང་བཀའ་སློབ་ཡོང་བ་ཞུས་འབྲས་སུ་ཁ་སང་ཉིན་རྒྱབ་ཆུ་ཚོད་གཅིག་ཙམ་རིང་མཇལ་ཁ་དང་བཀའ་སློབ་ཕེབས་པར་མང་གཙོའི་དུས་ཆེན་གྱི་ཉིན་རྒྱབ་ལས་བྱེད་སྡེ་འགན་ཡན་ལ་བཀའ་སློབ་སྩལ་བ་དང་། དེའི་ཞོར་ལ་དབུ་མའི་ལམ་གྱི་སྐོར་བཀའ་སློབ་གནང་བར་ཁྲོག་ལྟ་བུ་ཐེབས་པའི་བཀའ་སློབ་ཕེབས་འདུག

ད་ལྟའི་གྲོས་ཚོགས་དང་གྲོས་ཚོགས་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ལ་ཞུ་རྒྱུ་གཙོ་བོ་དེ་༸གོང་ས་མཆོག་གིས་བཀའ་ག་རེ་ཕེབས་སོང་ཞུས་ན། ཁྱེད་རང་ཚོ་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ངོས་ནས་རྒྱུན་དུ་དེ་རང་སྨོན་ལམ་རྒྱག་གི་ཡོད། དེ་འདྲ་ཞིག་མ་བྱུང་བར་དང་། དེ་འདྲ་ཞིག་ཡོང་བའི་གནས་སྟངས་ཤིག་ལ་ངོས་ཀྱི་མི་ཚེས་འདང་ངེས་ཤིག་ཡོང་ངེས་རེད། ཅེས་བཀའ་སློབ་སྩལ་བྱུང་། ཞེས་གསལ་བཤད་གནང་བར་དེར་འདུས་ཚོགས་མི་ཡོངས་ནས་དགའ་བསུ་ཚད་མེད་མཚོན་ཆེད་གྲོས་ཚོགས་ཀྱི་ལམ་ལུགས་ལྟར་སྤྱི་ཡོངས་ནས་ཕྱག་བརྡབས་གནང་ཡོད།  དེ་ནས་ཚོགས་གཙོ་མཆོག་གིས་མུ་མཐུད་གསལ་བཤད་གནང་བའི་ནང་། བརྟན་བཞུགས་གསོལ་འདེབས་ཞུས་ཡོད་པར་བཀའ་ལན་ཕེབས་དོན། བརྟན་བཞུགས་དགོས་རྒྱུ་མེད། ངོས་ནས་ནང་དོན་བཤད་པ་དེ་དག་ལ་འཛིན་སྐྱོང་དང་སྤྱི་འཐུས་ལས་བྱེད་ཚོའི་ངོས་ནས་འབད་པ་ལྷོད་མེད་ཀྱི་ཐོག་ནས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཡོད།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསལ་བཤད་ལ་རྒྱབ་སྐྱོར་ཆ་ཚང་གནང་བ་དང་སྦྲགས་བཀའ་ཤག་ངོས་ནས་སྤྱི་ཚོགས་ཁྲོད་དུ་ཁྲོག་རྐྱེན་མི་ཐེབས་པའི་འབོད་སྐུལ་གནང་འདུག དེ་ཡང་ཁ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྡེ་འགན་ཡན་གྱི་ལས་བྱེད་ཡོངས་ལ་མཇལ་ཁ་སྩལ་བ་དེ་བཀའ་ཤག་ངོས་ནས་ཧ་ཅང་གལ་ཆེར་ངོས་འཛིན་ཞུས་འདུག་ལ་སྐབས་དེར་ཆུ་ཚོད་གཉིས་ཙམ་རིང་ཐུགས་ལྷོད་ལྷོད་ངང་ནས་ལས་བྱེད་ཚོར་ནང་ཚགས་མཛད་དེ་བཀའ་འདྲི་དང་། བཀའ་ལན། དེང་སྐབས་བོད་སྐད་རྒྱག་སྟངས་ཅུང་མི་འདྲ་བ་ཁག་གཅིག་ཡོད་སྐོར་དང་། དྲུག་ཅུ་རེ་གྲངས་ནང་གི་ལས་བྱེད་ད་ལྟ་འདིར་ཡོད་མེད་བཀའ་རྩད་ཕེབས་པ། སྐབས་དེར་སྲིད་སྐྱོང་སྐྱེ་བ་སྔོན་མར་གནས་མུས་ཡིན་ངེས་ཞེས་སོགས་སྐུ་རྩེད་མཛད་དེ་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཡོད་པ་མ་ཟད། ལས་བྱེད་ཚོར་ཕྱག་ལས་གནང་སྟངས་སྐོར་ཞིབ་ཕྲ་ལམ་སྟོན་བཀའ་སློབ་ཕེབས་ཞོར་ལ་དེ་སྔ་ལ་དྭགས་དང་། ཨི་ཊ་ལི། སོགས་སུ་སྩལ་བའི་བཀའ་སློབ་དེ་དག་ཐེངས་འདིར་ལས་བྱེད་རྣམས་ལའང་གསལ་བཤད་ཞུས་ན་སྙམ་བྱུང་། ཞེས་བཀའ་ཕེབས་ཏེ་དབུ་མའི་ལམ་གྱི་སྐོར་སོགས་ལས་བྱེད་རྣམས་ལ་དེ་ཉིན་བཀའ་སློབ་སྐལ་བཟང་ཕེབས་ཡོད་པ་དེས་ད་ལྟ་དངོས་སུ་ལས་དོན་སྒྲུབ་མཁན་ལས་ཀྱི་སྣེ་མོ་བ་ཚོར་སེམས་ཤུགས་འཕར་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད།

བཀའ་ཤག་ངོས་ནས་བོད་ཕྱི་ནང་གཉིས་སུ་གནས་པའི་རང་རིགས་རྣམས་ལ་འབོད་སྐུལ་ཞུས་པར། ༸གོང་ས་མཆོག་སྐུ་ཁམས་གསལ་ཞིང་དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་མ་གསལ་བར་སྐུ་ཚེ་བརྟན་རྒྱུའི་སྐལ་བཟང་ཞལ་བཞེས་ཐོབ་ཡོད་པར་སོང་བོད་རིགས་མི་མང་རྣམས་ཐུགས་ལྷོད་ལྷོད་གནང་རོགས་ཞེས་དང་བར་ལམ་གྲོས་ཚོགས་ནང་བགྲོ་གླེང་གནང་སྟངས་ལ་ཐུབས་འཚབ་བྱུང་ཡང་ད་རེས་གནས་ཚུལ་གསལ་པོ་བྱུང་བར་བརྟེན། སྤྱི་འཐུས་རྣམས་སྤྱི་ཚོགས་ནང་ཕེབས་སྐབས་གནས་ཚུལ་གསལ་པོ་གསུང་རྒྱུ་གལ་ཆེ་དང་། དེ་མིན་བཀའ་ཤག་ངོས་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྒྲུབ་རྒྱུའི་སེམས་ཤུགས་དང་ཆོད་སེམས་བརྟན་པོ་ཡོད། ཅེས་སོགས་ཀྱི་འབོད་སྐུལ་གསལ་བཤད་གནང་འདུག་ན་རང་རིགས་རྣམས་ནས་བར་ལམ་གྱི་གནས་ཚུལ་དག་ལ་ཁྲོག་རྐྱེན་མ་ཐེབས་པ་གནང་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན།།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།

གསར་འགྱུར།

Post navigation

Previous Post: དྲིལ་ལྕེ། ༼གྲྭ་སྒྲུང་སྔོན་མའི་འཕྲོས།༽
Next Post: ལྐོག་གྱུར་གྱི་འབྲེལ་བ།

Comments (19) on “རྒྱལ་བ་རིན་པོ་ཆེས་ངོས་ཀྱི་མི་ཚེས་གཞིས་བྱེས་མཉམ་འཛོམས་བར་འདང་ངེས་ཀྱི་སྐལ་བཟང་བཀའ་སློབ་བསྩལ་བ།”

  1. རྟ་བདུན་དབང་བོ says:
    2013-09-24 at 3:48 am

    ད་ཡིན་ན་ང་རང་ཚོར་སེམས་ཁྲེལ་ཅི་ཡང་དགོས་རྒྱུ་མ་རེད། ༸གོང་ས་མཆོག་གིས་ཞལ་བཞེས་གཙང་མ་གནངས་འདུག་པ་དེར། ང་རང་ཚོའི་ངོས་ནས་ཀྱང་ཡིད་ཆེ་གཙང་མ་བྱེད་རྒྱུ་དེ་རེད། མི་རིང་བར་༸གོང་ས་མཆོག་བོད་ཡུལ་དུ་ཞབས་སོར་འགོད་རྒྱུ་ཐེ་ཚོམ་ཅི་ཞིག་ཡོད། དཀོན་མཆོག་མཁྱེན། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག །

  2. དགེ་འདུན་རྒྱ་མཚོ། says:
    2013-09-24 at 4:43 am

    བཀའ་སློབ་འདིར་བཀོད་པ་ཡག་པོ་བྱུང་།
    ཐུགས་རྗེ་ཆེ་ཞུ།

  3. ཞོལ་གཡག་འབྲོང་རྒྱུད། says:
    2013-09-24 at 5:50 am

    ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ།

  4. བོད་ཡིག་སྐྱབས། says:
    2013-09-24 at 8:40 am

    སེམས་ཁྲལ་མི་འདུག་ཅེས་བསྡད་ན་མི་འགྲིགས། སེམས་ཤུགས་སྐྱེད་དེ་ཞབས་ཞུ་ལ་འབུངས་འོས་སོ།

  5. དབྱངས་ཅན་འབངས། says:
    2013-09-24 at 9:14 am

    ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་ཁྲི་ལོར་བརྟན་པར་ཤོག བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་ཤོག

  6. ཨ་ཕྱི་ཆོས་སྒྲོན says:
    2013-09-24 at 9:39 am

    གོང་ས་མཆོག་གི་བཞེད་དོན་འགྲུབ་པར་ཤོག མཐོ་དམན་སུ་ཞིག་ཡིན་ཡང་ཁ་ཚིག་དོན་ལ་གནས་དགོས་ཡོད། ལེགས་བཤད་ལས། ཇི་སྐད་དུ། དམ་པས་མང་པོ་དམ་མི་བཅའ། །གལ་ཏེ་དམ་བཅས་ཁས་བླངས་ན། །ནམ་ཡང་འགྱུར་མེད་བདེན་པའི་ཚིག །སྔ་ཕྱི་འགལ་མེད་དྲང་སྲོང་གསུངས། །

  7. ཞོལ་གཡག་འབྲོང་རྒྱུད། says:
    2013-09-24 at 3:40 pm

    སྤྱི་ཚོགས་ནང་ཁྲུག་རྐྱེན་ཐེབས་བཅུགས་མཁན་གྲོས་ཚོགས་དབུ་འཛུགས་གསུངས་བཤད་སྐབས་སྡེ་འགན་ཡན་གྱི་ལས་བྱེད་མཇལ་ཞུའི་བཞུགས་མོལ་ཚོགས་འདུའི་སྐབས། ༧རྒྱལ་བ་རིན་པོ་ཆེས་ལ་དྭགས་དང་ཨི་ཊ་ལིའི་གསུངས་བཤད་དང་འབྲེལ་ནས་གསལ་འགྲེལ་གནང་བ་དང་མཉམ་དུ་གལ་ཆེ་ཤོས་སྐུ་དྲག་གསར་པའི་སྐོར་བཀའ་ནན་པོ་ཕེབས་ཡོད་ཀྱང་། སྐུ་དྲག་གསར་པ་དང་སྐབས་འཚོལ་རིང་ལུགས་ཀྱི་སྲིད་དོན་ཚོང་པའི་ཤོག་ཁག་གིས་འཚོར་བ་རྣོ་མདོག་གིས་ཁ་ལོ་གཞན་དུ་བསྒྱུར་ཐབས་དང་། སྐུ་དྲག་གསར་པའི་འགྱིངས་སྟབས་ལས་གཡོལ་ཕྱིར་ལྐོགས་ཟ་རུལ་སྲུང་གི་གནད་དོན་དང་མི་རིགས་ཀྱི་འཐབ་རྩོད། མེར་སྲེག་གི་དོན་རྐྱེན། བོད་ནང་གི་ཛ་དྲག་གི་གནས་དོན། བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཀྱི་གནས་དོན་སོགས་རྦད་དེ་བརྗེད་སོང་བ་དེ་རེད། དེ་ནི་གཞན་གང་ཡང་མིན་པར་སྐུ་དྲག་གསར་པའི་ཤོག་ཁག་གིས་ལྐོགས་ཟ་རུལ་སྲུང་འགེབས་ཐབས་དང་། སྲིད་དོན་ཚོང་པའི་ཤོག་ཁག་གིས་རང་བཙན་ཤོག་ཁག་རྩ་མེད་བཟོ་རྒྱུའི་གོ་སྐབས་དམ་འཛིན་གྱིས་གོམས་པ་དང་པོ་དེ་རེད།

  8. རི་རྒྱལ་ཏི་སེ། says:
    2013-09-25 at 12:01 am

    ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག །
    སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག །
    བོད་མིའི་རང་དབང་བདེན་མཐའ་དེ།།
    མྱུར་དུ་གསལ་བའི་སྨོན་འདུན་ཞུ།།

  9. རྒྱང་མིག says:
    2013-09-25 at 12:41 am

    ལས་སྣེ་ཚོ་ལ་ལྷོད་དལ་གྱི་གོ་སྐབས་ཤིག་རེག་པ་རེད། ཡར་རྒྱལ་བ་རིན་པོ་ཆེས་གསུང་ཞིག་མ་བྱོན་ན་ལས་སྣེ་ཚོ་ལ་ལས་འགན་ཅི་ཡང་མེད་པ་འདྲ་ཞིག་མངོན། ཁ་གྲགས་ཚད་ལ་རྒྱལ་བ་རིན་པོ་ཆེའི་མཚན་ནས་འདྲེན་དགོས་པ་ཞིག་ཨེ་ཡིན་ནམ་བསམ། རྒྱལ་བ་རིན་པོ་ཆེ་ལ་སྐུ་ཚེགས་ངོ་མ་དེ་ལས་ཀྱི་སྣེ་མོ་བ་ཚོས་སྤྲོད་ཀྱི་འདུག

  10. lobsang199 says:
    2013-09-25 at 1:46 am

    ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་ལྟར་བརྩམ་པ་མཐར་དབྱུང་བའོ། །

  11. ཐོས་པ་དགའ། says:
    2013-09-25 at 11:41 pm

    གནད་དོན་གསུམ་ཞུ་འདོད་བྱུང་།

    ༡༽ སྤྱིར་བཏང་སྤྱི་ཚོགས་ནང་གོ་རིམ་དགོས་ཀྱང་ད་ལན་སྡེ་འགན་ཡན་གྱི་ལས་བྱེད་གཅིག་པོ་མཇལ་ཁར་འཁྲིད་དགོས་དོན་གང་རེད། དེ་གཞུང་གི་དུས་ཆེན་ནི་མ་རེད། ༸རྒྱལ་བ་རིན་པོ་ཆེ་ལས་བྱེད་ཚང་མས་མཇལ་འདོད་ཡོད་རེད། སྲིད་སྐྱོང་དང་བཀའ་བློན་རྣམས་མོ་ཊ་གཏོང་མཁན་གྱི་ཁ་སློ་བ་ཚོ་ལ་ཡང་ཞལ་མཇལ་དང་གསུངས་ཐོས་འདོད་མེད་པ་མ་རེད། ཁོང་ཚོ་དད་པ་མེད་པ་རེད་་་་་ཡང་ན་་་རིགས་ངན་དང་རྣམ་དཔྱོད་མེད་པ་རེད། གལ་སྲིད་སྐུ་སྒེར་གྱི་ཚོགས་ཁང་ལ་ཤོང་ཚད་ན་ཡང་ན་ཚོགས་ཁང་ཆེ་བ་ཞིག་དང་། དེ་མིན་ན་དེར་མི་འགྲོ་ ༣༠༠ ཤོང་གི་ཡོད་ན་ལས་བྱེད་ ༣༠༠ ནང་ཁུལ་རྒྱན་རྒྱབ་ནས་བཏང་ན་མང་གཙོ་དང་དྲང་བདེན་ཞིག་མ་རེད་པས། ༼གསར་བསྟོད་ཟེར་ན་དེ་ལ་ཟེར།༽

    ༢༽ ཚོགས་གཙོས་༸རྒྱལ་བ་རིན་པོ་ཆེ་དགོངས་པ་འཁྲུག་པ་དང་སྐུ་ཚད་ཉུང་འཕྲི་མཛད་པ་རྣམས་ཀྱི་རྒྱུ་རྐྱེན་དང་ཁག་རྒྱུན་དུ་བོད་རང་བཙན་འབོད་སྒྲ་སྒྲོག་མཁན་གྱི་མི་དེ་ཚོ་རེ་རེ་བཞིན་མིང་དྲངས་པ་དང་དེ་བཞིན་ཀརྨ་ཆོས་འཕེལ་གྱི་གཏམ་བཤད་བཅས་ལས་བྱུང་བ་ཡིན་སྐོར་ཉིན་གཉིས་པའི་གྲོས་ཚོགས་འཇུག་བསྡོམས་གསུངས་བཤད་སྐབས་བཤད་པ་དང་མི་མང་ནང་འཁྲོག་ཤིག་ཐེབས་པ་རེད། དེ་ནས་༸རྒྱལ་བ་རིན་པོ་ཆེ་མཇལ་བཅར་ཞུས་རྗེས་དེ་ལྟར་མིན་པར་འགྲེལ་བཤད་རྒྱབ་སོང་། ༸སྐྱབས་མགོན་རིན་པོ་ཆེ་སྐུ་ཚད་བཅག་པ་དེ་ནི་ཁོང་རང་གི་གཟུགས་གཞི་བབ་ལ་བལྟས་ནས་གསུངས་པར་གྲོས་ཚོགས་ནང་གསལ་པོ་འགྲེལ་བཤད་རྒྱབ་པ་རེད། བྱས་ན་ཡང་སྙིང་དགོངས་པ་འཁྲུག་གཞི་གང་ཞིག་རེད། སྐུ་དྲག་གསར་པ་ཚོས་དངོས་གནས་སྲིད་དབང་སྒེར་སྤྱོད་ཀྱི་ཆབ་སྲིད་ཡག་པོ་ཞིག་རྩེད་ཀྱི་འདུག་ག ༼རང་ཁ་རང་གསོ་ཟེར་ན་དེ་ལ་ཟེར།༽

    ༣༽ མཐའ་མར་ཚོགས་གཙོ་རང་ཉིད་སྐུབ་བརྡོལ་སོང་བསམ་ནས་གཏམ་བཟང་ཡིན་ཁུལ་གྱི་གྲོས་ཚོགས་ནང་། ༸གོང་ས་མཆོག་ནས་དབུ་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་མ་གསལ་བར་སྐུ་འཚོ་གནང་རྒྱུའི་

  12. སེང་ཕྲུག་ངར་མ says:
    2013-09-26 at 1:18 am

    ལོ་གཉིས་ཀྱི་གོང་དུ་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཚོགས་པའི་སྐབས་ཁོ་བོར་གོང་ས་མཆོག་གི་བཀའ་སློབ་ཀྱི་དེབ་ཆུང་ཞིག་ལག་ཏུ་སོན་པས་དེར་འཁོད་དོན་ནི་འདི་ལྟར་ཏེ་གོང་ས་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་རྒྱུའི་ཞལ་བཞེས་མཟང་མོ་ཐོབ་པས་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་མ་བཞུགས་དེ་ཡང་བོད་མི་མང་དང་གོང་ས་མཆོག་གི་བར་དམ་ཚིག་གཙང་མ་ཡོད་མེད་ལ་རག་ལས་ཡོད་ཅེས་བཀོད་ཡོད།། ཁོ་བོས་ལེགས་པར་བསམས་ན་དེ་ནི་ཐབས་མཁས་པའི་སྤྱོད་པ་ཞིག་ཏུ་མངོན་ཏེ་ཅི་སྟེ་བོད་མི་དང་གོང་ས་མཆོག་གི་བར་དམ་ཚིག་གཙང་མ་ཞིག་ཡོད་ན་ཡང་གོང་ས་མཆོག་དགུང་ལོ་བརྒྱ་དང་བཅུ་གསུམ་མ་བཞུགས་པ་ཡིན་ན་བོད་མི་མང་ལ་སྐྱོན་འཛུགས་བྱེད་རྒྱུ་ཡིན་པ་ཐེ་ཚོམས་མེད་དོ།།

  13. ཨ་ཕྱི་ཆོས་སྒྲོན says:
    2013-09-26 at 8:36 am

    གོང་ས་མཆོག་དང་སྐུ་ཞབས་ཀརྨ་ཆོས་འཕེལ་གཉིས་གདོང་ཐུག་གིས་ནང་མཐུན་བྱས་ན་ཡག་པོ་རེད། རྒྱལ་བློན་བྱས་ནས་མི་ལོ་ལྔ་བཅུ་ལྷག་ཕྱིན་ཡོད་པ་ཡིན་རབས་བཤད་འདུག སུས་དང་སུ་ཞིག་མ་བེན་བཟོས་འདོད་རེད། རྒྱ་མིའི་སྔོན་ནས་ངོ་ཡང་མི་ཚ་འམ།

  14. བསམ་ཤེས། says:
    2013-09-26 at 1:59 pm

    རབ་བྱུང་ན། གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་ནང་ལ་མ་འདྲུད་པར། བོད་མིའི་ཆབ་སྲིད་དེ་གོང་ས་མཆོག་དང་འབྲེལ་བ་མེད་པར་ང་ཚོ་རང་གིས་ཐག་གཅོད་བྱས་ན་ལེགས་པར་བསམས། རང་བཙན་རྩོད་མཁན་དང་དབུ་མ་རྩོད་མཁན་གཉིས་ཀས་གོང་ས་མཆོག་ཁ་ལ་མ་འཁྱེར་ན་བཟང་། ལམ་དབུ་མར་སྐྱོད་པ་དེ་མང་མོས་ཐག་གཅོད་བྱུང་ཟིན་པ་རེད། ད་དེ་ནོར་ན་ང་རང་ཚོས་ནོར་བ་ལས་གོང་ས་མཆོག་ལ་འབྲེལ་བ་མེད། ང་རང་ཚོའི་རྣམ་དཔྱོད་བཀོལ་ནས་ཐབས་གསར་པ་འཛིན་དགོས། རང་བཙན་རྩོད་མཁན་ཚོས་ཡང་དབུ་མའི་སྐྱོན་འདི་གོང་ས་མཆོག་གི་སྟེང་ལ་ཅིའི་ཕྱིར་འགེལ་ལམ། 

    ང་རང་བཙན་རྩོད་མཁན་ཚོར་གུས་ཞབས་ཡོད་ལ། ཁོང་རྣམ་པའི་ལྟ་བ་དེ་ང་ཚོར་ཕན་པ་ལོས་ཡོད། འོན་ཀྱང་རང་བཙན་རྩོད་མཁན་ཉུང་ཤས་ཀྱིས་གོང་ས་མཆོག་ལ་སྐྱོན་བརྗོད་ལྟ་བུས་རང་བཙན་གྱི་ལྟ་བ་བཤད་སྐབས་བློ་ལ་ཐད་མི་ཐུབ། རྡོག་རྡོག་འདི་ཡིན། 

  15. སྤོབས་པ་མཐའ་ཡས། says:
    2013-09-27 at 2:17 am

    རྒྱལ་བ་རིན་པོ་ཆེ་དགུང་ལོ་འདི་ཙམ་ལ་བཞུགས་ཟེར་ནས་ལོ་གྲངས་ཀྱི་ཚད་རྒྱག་མཁན་དེ་ཚོ་ནི་ལྷ་འདྲེ་ཁོག་ཞུགས་ཀྱི་ཡ་མ་ཟུང་དེ་ཚོ་དང་། རྙིང་མ་བའི་གྲུབ་ཐོབ་དང་མཁའ་འགྲོ་མར་ཁེ་འཆེ་བའི་ར་མ་ལུག་ཁ་ཤས། མོ་རྩིས་སོགས་རྫུན་གྱི་གཞུང་ལུགས་ཡ་མ་བརླ་དེ་རིགས་ལ་ཁུངས་རེ་བཅོལ་བ་མ་གཏོགས་དོན་ངོ་མར་ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་མེད་ཡིན་པས་སུ་ཞིག་གིས་མིའི་མི་ཚེའི་རིང་ཐུང་འཆད་ནུས། དེར་བརྟེན་དྲི་མ་མེད་པའི་གཞུང་ལུགས་ལ་སྦྱངས་མྱོང་མཁན་ཚོ་ལྟ་ཅི་སྨྲོས། དངོས་ཡོད་ཀྱི་གནས་སྟངས་ལ་བསམ་གཞིག་གི་ནུས་པ་ཅུང་ཟད་རེ་ཡོད་མཁན་རེ་ཡིན་ཕྱིན་དགུང་ལོ་ཡར་སྤར་བ་དང་མར་འབེབས་པ་སོགས་ཀྱི་འཆལ་གཏམ་རྫུན་མའི་རིགས་ལ་ཆགས་སྡང་བསགས་ནས་མི་ལ་གཤེ་སྐུར་མི་བྱེད་པ་གལ་ཆེན་པོ་རེད།

  16. བོད་ཁམས་སྡེ་ says:
    2013-09-27 at 11:05 am

    སྤོབས་པ་ལགས་ དྲི་མ་མེད་པའི་གཞུང་ལུགས་དང་དྲི་མ་ཡོད་པའི་གཞུང་ལུགས་གཡེར་བ་ག་འདྲ་སེ་ཕྱེ་དགོས་ མ་ཟད་༧གོང་ས་མཆོག་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམས་སྤྲུལ་ཡིན་པས་ རྙིང་མ་བའི་གྲུབ་ཐོབ་དང་མཁའ་འགྲོ་མ་ལ་སྐྱབས་གཅོལ་དགོས་དོན་མེད། དོན་མེད་ཀྲུག་གཞི་མ་གནང་རོག་གནང།

  17. སྤེན་པ་ཚེ་རིང་། says:
    2013-09-28 at 6:58 am

    ཕར་བཤད་ཚུར་བཤད་བྱས་པ་ལས་ང་ཚོ་ཚང་མས་༧གོང་ས་མཆོག་གི་བཀའ་དགོངས་སྲུང་བརྩི་ཞུ་གལ་ཆེ།

  18. སྨན་མདའ says:
    2013-09-30 at 1:44 pm

    སྐུ་ཚེ་ཞབས་པད་བརྟན་པ་ཤོག

  19. ཤར་པ says:
    2013-09-30 at 6:04 pm

    གུས་པ་ནི་བསམ་ཤེས་ནས་གསུངས་པ་སོར་གནས་ཡིན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme