Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།

Posted on 2013-09-182013-09-18 By ཡེ་ཤེས་ 7 Comments on ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།

OLYMPUS DIGITAL CAMERAཀླུ་སྨྱོན་ཧེ་རུ་ཀ

གྲྭ་ཁྲིམས་ཁ་ཤས་ཀྱི་ཚད་གཞི།
ཐིག་རྩ་མེད་པའི་ཐང་ཀ་རྙིང་བ་ཞིག
དག་ཆ་མེད་པའི་ཁྲིམས་གཞུང་རྫོབ་རོ་ཞིག

བླ་མའི་ཚད་གཞི།
རབ་བྱུང་ན་ཡོན་ཏན་ཡོད་མཁན་ཞིག
དེ་མིན་ཡང་སྙིང་རྗེ་ཡོད་པ་ཞིག

གྲྭ་བའི་ཚད་གཞི།
ཆོས་གསུང་ན་ཉན་འདོད་ཡོད་མཁན་ཞིག
ཉར་ཚར་ན་སེམས་ལ་འཛིན་ནི་ཞིག

དགོན་པའི་ཚད་གཞི།
དགོན་དཀྱིལ་ནས་ཆོས་སྒྲ་མི་ཆད་པ་ཞིག
དགོན་འདབས་ནས་སྐམ་ལུག་མི་བཤའ་བ་ཞིག

མཁན་པོའི་ཚད་གཞི།
གྲྭ་དམངས་ལ་སེམས་ཁུར་ཆེ་བ་ཞིག
དུས་རབས་ཀྱི་འགྱུར་འགྲོས་མཁྱེན་པ་ཞིག

དགེ་བསྐོས་ཀྱི་ཚད་གཞི།
ཕྱོགས་རིས་ཀྱིས་བྱང་ཁོག་མ་གཏམས་པ་ཞིག
ཞེ་སྡང་གིས་ཁྲག་རྩ་མ་སྦོས་པ་ཞིག

ལས་བྱེད་ཀྱི་ཚད་གཞི།
སྤྱི་ཚོགས་ལ་སྣེ་ཁྲིད་ཐུབ་པ་ཞིག
སྤྱི་རྒྱུ་ལ་ཧམ་སེམས་མེད་པ་ཞིག

བཟའ་ཟླའི་ཚད་གཞི།
སེམས་པ་དགའ་དུས་སྐྱིད་རོགས་ཉན་ནི་ཞིག
སེམས་པ་སྐྱོ་དུས་སེམས་གསོ་གཏོང་ནི་ཞིག

ཨ་མཆོད་ཀྱི་ཚད་གཞི།
ན་ཚ་བྱུང་དུས་རིམ་གྲོ་བསྒྲུབ་ནི་ཞིག
ཤི་ཆད་བྱུང་དུས་རྣམ་ཤེས་འདྲེན་ནི་ཞིག

ཡོན་བདག་གི་ཚད་གཞི།
ཨ་མཆོད་མདུན་ནས་ངོ་བསྟོད་བྱེད་ནི་ཞིག
ཨ་མཆོད་རྒྱབ་ནས་ངན་སྨྲས་མེད་ནི་ཞིག

ཡོན་བདག་མའི་ཚད་གཞི།
མདུན་ནས་ཁྱོ་བོ་ལ་མགོ་སྐོར་མི་གཏོང་ནི་ཞིག
རྒྱབ་ནས་ཨ་མཆོད་ལ་རྒྱོ་རུ་མི་འཇུག་པ་ཞིག

སྒོམ་ཆེན་གྱི་ཚད་གཞི།
བྱིངས་པ་བྱུང་ན་མིག་གདངས་ཐུབ་ནི་ཞིག
རྒོད་པ་བྱུང་ན་མིག་ཟུང་བཙུམ་ཤེས་ནི་ཞིག

དགེ་བཤེས་ཀྱི་ཚད་གཞི།
གསུང་རབ་མ་ལུས་གདམས་པར་འཁྱེར་ནི་ཞིག
གདམས་པ་མ་ལུས་རྒྱུད་ལ་སྦྱོར་ནི་ཞིག

གྲུབ་ཐོབ་ཀྱི་ཚད་གཞི།
མདུན་ན་ཡོད་པའི་མ་འོངས་ཤེས་ནི་ཞིག
རྒྱབ་ན་ཡོད་པའི་འདས་པ་དྲན་ནི་ཞིག

རྐུན་མའི་ཚད་གཞི།
ཡོད་མཁན་དང་ཐུག་ན་རྐུ་ནི་ཞིག
མེད་མཁན་དང་ཐུག་ན་གཟུར་ནི་ཞིག

སྨད་ཚོང་མའི་ཚད་གཞི།
རང་གི་ལུས་པོ་ཕར་ལ་སྤྲོད་ནི་ཞིག
གཞན་གྱི་རྒྱུ་ནོར་ཚུར་ལ་ལེན་ནི་ཞིག

སྤྲང་བོའི་ཚད་གཞི།
སྤྲང་ཟས་ཟ་དུས་ཞིམ་སྣང་ཡོད་ནི་ཞིག
སྤྲང་གོས་གྱོན་དུས་འཕྱོར་སྣང་ཡོད་ནི་ཞིག

ཚད་མའི་ཚད་གཞི།
ཐུག་སར་ཐུག་དུས་ཐུག་ས་ཡོད་ནི་ཞིག
བརྩད་པའི་རྩ་བ་རྩ་ཆེན་ཡིན་ནི་ཞིག

སྙན་ངག་གི་ཚད་གཞི།
སེམས་ཀྱི་དགའ་སྐྱོ་ཕྱི་རུ་སྟོན་ནི་ཞིག
ཕྱི་ནང་སྣོད་བཅུད་དཔེ་རུ་འདྲེན་ནི་ཞིག

སྙིང་གྲོགས་ཀྱི་ཚད་གཞི།
རྒྱང་ནས་དྲན་ན་སེམས་རྩ་སྐྱོ་ནི་ཞིག
མཉམ་དུ་ཉལ་ན་ལུས་སེམས་འདྲེས་ནི་ཞིག

ལམ་གྱི་ཚད་གཞི།
དྲང་སར་དྲང་ནས་མདའ་དང་འདྲ་བ་ཞིག
འཁྱོག་སར་འཁྱོག་ནས་གཞུ་དང་འདྲ་བ་ཞིག

འབག་སྐུའི་ཚད་གཞི།
ཁོག་པའི་ནང་ན་གཟུངས་བཞུགས་ཡོད་པ་ཞིག
གཟུངས་བཞུགས་དེ་ཡང་ཚད་དང་ལྡན་པ་ཞིག

དབྱར་ཁའི་ཚད་གཞི།
གནམ་ནས་སྦྲང་ཆར་ཟིལ་མ་འབབ་པ་ཞིག
ས་ནས་རྩྭ་ལྗང་མེ་ཏོག་སྐྱེས་པ་ཞིག

དགུན་ཁའི་ཚད་གཞི།
ཁ་བ་དཀར་བོས་ས་གཞི་ཁེབས་པ་ཞིག
ས་ཆུ་མ་ལུས་འཁྱག་ལ་འབྱར་བ་ཞིག

སྟོན་ཁའི་ཚད་གཞི།
ཞིང་བའི་འབྲུ་རིགས་མགོ་ལྕོག་ལྡེམ་པ་ཞིག
འབྲོག་པའི་ནོར་ལུག་ཤ་ཤེད་རྒྱས་པ་ཞིག

དཔྱིད་ཁའི་ཚད་གཞི།
འཁྱག་རོམ་མ་ལུས་ཆབ་ཏུ་ཞུ་བ་ཞིག
ཁུ་བྱུག་སྔོན་མོ་ལྷོ་ནས་འབྱོན་པ་ཞིག

རྡུལ་ཕྲན་མཚོན་ཆའི་ཚད་གཞི།
གྲོང་ཁྱེར་ཐམས་ཅད་རྡུལ་དུ་རློག་པ་ཞིག
སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་འཕྲོག་པ་ཞིག

འཆི་བདག་གཤིན་རྗེའི་ཚད་གཞི།
དགེ་སྡིག་གི་མེ་ལོང་གསལ་བ་ཞིག
ལས་འབྲས་ཀྱི་རྒྱ་མ་དྲང་བ་ཞིག

དམྱལ་བའི་ལས་མཁན་གྱི་ཚད་གཞི།
ཡ་ང་དང་སྙིང་རྗེ་མེད་པ་ཞིག
བཙོ་བསྲེག་གི་ལས་ལ་རྔམ་པ་ཞིག

བར་དོ་བའི་ཚད་གཞི།
འཇིག་རྟེན་འདི་ནས་འགྲོ་ཚར་བ་ཞིག
ཕྱི་མའི་གནས་སུ་བསླེབས་མེད་པ་ཞིག

དབྱངས་ཅན་མའི་ཚད་གཞི།
སྒེག་པའི་ལང་ཚོ་རྒས་པ་མེད་པ་ཞིག
པི་ཝང་བརྡུངས་ནས་ངལ་བ་མེད་པ་ཞིག

དེང་རབས་དཔྱོད་ཤེས་པའི་ཚད་གཞི།
རྙིང་བ་ཅི་ཡང་མི་དགོས་པ་སྐོར་ཞིག
གསར་བ་ཅི་ཡང་མ་རྙེད་པ་སྐོར་ཞིག

རྙིང་ཞེན་པའི་ཚད་གཞི།
སྒེའུ་ཁུང་ཕྱི་རོལ་གྱི་འཛམ་གླིང་མི་མཐོང་བ་ཞིག
སྒེའུ་ཁུང་ནང་རོལ་གྱི་རུལ་དྲི་མི་ཚོར་བ་ཞིག

གསར་མིན་རྙིང་མིན་པའི་ཚད་གཞི།
མདུན་ནས་གློག་བཞུ་སྤར་མཁན་ཞིག
སེམས་ལ་མུན་པ་འཐིམས་མཁན་ཞིག

རྡུང་ལེན་པའི་ཚད་གཞི།
རང་གིས་གཞས་གདངས་རྩོམ་ཐུབ་མཁན་ཞིག
གཞན་གྱི་གཞས་ཚིག་བརྐུ་མི་འདོད་མཁན་ཞིག

རྩོམ་པ་པོའི་ཚད་གཞི།
རང་རྩོམ་གྱི་སྐྱོན་ཆ་ཁས་ལེན་བྱེད་ཐུབ་མཁན་ཞིག
གཞན་རྩོམ་གྱི་ལེགས་ཆ་ནང་འདྲེན་བྱེད་ཐུབ་མཁན་ཞིག

སྙན་ངག་པའི་ཚད་གཞི།
སྤྲིན་པ་དང་མཉམ་དུ་རྒྱལ་ཁམས་ཕྱོགས་མེད་འགྲིམ་ཐུབ་མཁན་ཞིག
རི་ཆེན་དང་མཉམ་དུ་གནས་མལ་གཅིག་ནས་འདུག་ཐུབ་མཁན་ཞིག

རི་མོ་བའི་ཚད་གཞི།
མཛེས་མ་བྲིས་ན་ཆགས་སེམས་སློང་བ་ཞིག
རི་ཆུ་བྲིས་ན་སྐྱོ་གདུང་སེལ་བ་ཞིག

དེང་རབས་སྤྲུལ་སྐུའི་ཚད་གཞི།
སྐད་རིགས་གཉིས་གསུམ་ཁོང་དུ་ཆུད་པ་ཞིག
སྦྱིན་བདག་ལྔ་དྲུག་རྒྱབ་ན་འདུར་བ་ཞིག

དེང་རབས་དགེ་བཤེས་ཀྱི་ཚད་གཞི།
བཀའ་པོད་ལྔ་ལ་བྱང་ཆ་ཡོད་པ་ཞིག
སྒོམ་དང་ཉམས་ལེན་ཞེ་དྲགས་མེད་པ་ཞིག

དེང་རབས་རྩོམ་པ་པོའི་ཚད་གཞི།
གཞན་སྐྱོན་བརྗོད་ནས་ཁོང་དགོད་བྱེད་པ་ཞིག
རང་སྐྱོན་བརྗོད་ན་ཁོང་ཁྲོ་ཟ་བ་ཞིག

དེང་རབས་འཇིག་རྟེན་གྱི་ཚད་གཞི།
རྒྱུ་ནོར་ཡོད་ན་རྒྱལ་བོར་འགྱུར་བ་ཞིག
རྒྱུ་ནོར་མེད་ན་གཡོག་པོར་འགྱུར་བ་ཞིག

དེང་རབས་ཚད་གཞིའི་ཚད་གཞི།
ཚངས་པ་ཡིན་ཡང་ཚངས་ཐིག་འཁྱོག་པ་ཞིག
བརྒྱ་བྱིན་ཡིན་ཡང་མིག་སྟོང་ཞར་བ་ཞིག

དེང་རབས་སེམས་ཁམས་ཀྱི་ཚད་གཞི།
ལྟོ་བརྒྱགས་ཉི་མ་དྲོ་ན་བྱང་སེམས་ཤིག
རྐྱེན་ངན་ཐོག་ཏུ་བབས་དུས་ཉོན་མོངས་ཤིག

དེང་རབས་ནད་ཀྱི་ཚད་གཞི།
ཁྲག་རྩ་བརྒྱུད་ནས་ལུར་པོར་ཁྱབ་པ་ཞིག
ལུས་པོར་ཁྱབ་དུས་བཅོས་ཐབས་མེད་པ་ཞིག

དེང་རབས་སྨན་ཁང་གི་ཚད་གཞི།
སྨན་གྱི་རིན་གོང་གནམ་ལ་འཕར་བ་ཞིག
སྨན་རིན་མེད་ན་ནད་པ་འདོར་བ་ཞིག

དེང་རབས་སྨན་པའི་ཚད་གཞི།
སྨན་པ་ཟེར་ཡང་ཚོང་དཔོན་ཁ་འཇམ་ཞིག
ནད་གཡོག་ཟེར་ཡང་ཁྲག་འཇིབ་གདོན་འདྲེ་ཞིག

དེང་རབས་གཉེན་སྒྲིག་གི་ཚད་གཞི།
དཀོན་མཆོག་དཔང་བཙུགས་དམ་བཅའ་འཇོག་ནི་ཞིག
ཟླ་བ་གསུམ་ནས་སོ་སོར་གྱེས་ནི་ཞིག

དེང་རབས་རྩོམ་འཇུག་གི་ཚད་གཞི།
ཡོངས་རྫོགས་བཀླགས་ཀྱང་བྲོ་བ་མེད་པ་ཞིག
བྲོ་བ་ཡོད་ཚད་ཚོར་སྣང་མེད་པ་ཞིག

དེང་རབས་རྩོམ་དེབ་ཀྱི་ཚད་གཞི།
པར་སྐྲུན་བྱེད་ཐབས་ཀྱི་བྲེལ་འཚབ་ཆེ་བ་ཞིག
ཀློག་མཁན་ཡོད་མེད་ཀྱི་བསམ་གཞིགས་མེད་པ་ཞིག

རྒྱལ་ཁབ་ཀྱི་ཚད་གཞི།
ནང་ལོགས་ཀྱི་སྒྲིག་ཁྲིམས་དམ་ནི་ཞིག
ཕྱི་ལོགས་ལ་ངོ་ཚ་ཡོད་ནི་ཞིག

སྲིད་འཛིན་གྱི་ཚད་གཞི།
སྐྱག་རྫུན་ལ་ཚོད་འཛིན་ཡོད་ནི་ཞིག
སྤྱི་དམངས་ཀྱི་བདེ་སྡུག་ཤེས་ནི་ཞིག

སྲིད་ཇུས་ཀྱི་ཚད་གཞི།
མང་ཚོགས་ཀྱི་ནང་དུ་བསླེབ་ནི་ཞིག
མང་ཚོགས་ལ་ཕན་ཐོགས་ཡོད་ནི་ཞིག

ཁྲིམས་ལུགས་ཀྱི་ཚད་གཞི།
བཙན་པོ་ཡི་མགོ་ནས་གནོན་ནི་ཞིག
གཉོམ་ཆུང་གི་རྩིབས་ནས་སྐྱོར་ནི་ཞིག

གཙང་སྦྲ་ཡི་ཚད་གཞི།
སྤྱི་ལམ་ན་གཅིན་སྐྱག་མེད་པ་ཞིག
སྒེར་ལུས་ན་ཤི་སྲོ་མེད་པ་ཞིག

རྣམ་མཁྱེན་གྱི་ཚད་གཞི།
མཉམ་རྗེས་ལ་བར་སྟོང་མེད་པ་ཞིག
ཐོབ་ཤོར་ལ་རེ་དོགས་མེད་པ་ཞིག

བྱང་ཆུབ་སེམས་དཔའི་ཚད་གཞི།
སེམས་རྩ་ན་སྙིང་རྗེ་ཡོད་པ་ཞིག
མིག་མཐའ་ན་མཆི་མ་ཡོད་པ་ཞིག

སེམས་ཀྱི་ཚད་གཞི།
རྒན་མོ་ལ་ཆགས་པ་སྐྱེ་ནི་ཞིག
ལྷ་མོ་ལ་ཞེན་པ་ལོག་ནི་ཞིག
(དགེ་ཆོས་ཀྱི་ཚིག་ཟུར་འཆོས་པ་ཡིན)

ཕ་མའི་ཚད་གཞི།
མི་ལུས་འདི་དང་བོ་བཟོ་ནི་ཞིག
མི་ཚེ་ཡི་ཁ་ཕྱོགས་སྟོན་ནི་ཞིག

བུ་ཕྲུག་གི་ཚད་གཞི།
ཕ་མ་ལས་སྐྱེས་པ་ཡིན་པ་ཞིག
ཕ་མ་ཡི་དྲིན་ངོ་ཤེས་ནི་ཞིག

བྱིས་པའི་ཚད་གཞི།
གྲང་ལྟོགས་རེ་བྱུང་ན་ངུ་ནི་ཞིག
གྲོད་པ་རེ་བརྒྱགས་ན་རྙང་ནི་ཞིག

རྒན་རྒོན་གྱི་ཚད་གཞི།
རིག་ཚད་ལ་ཞེན་ཆགས་སྐྱེ་ནི་ཞིག
ཡོད་ཚད་ལ་བྲོ་བ་མེད་ནི་ཞིག

དགེ་སློང་གི་ཚད་གཞི།
ཆོས་གོས་དང་སྣམ་སྦྱར་ཡོད་པ་ཞིག
དགེ་ཚུལ་གྱི་ཉལ་རོགས་མེད་པ་ཞིག

སྔགས་པའི་ཚད་གཞི།
སྔགས་རལ་གྱིས་མགོ་བོ་སྒུར་བ་ཞིག
སྔགས་ནུས་ཀྱིས་མགོ་བོ་དགྱེ་བ་ཞིག

དགྲ་བོའི་ཚད་གཞི།
ཐུག་མ་ཐུག་གཟུར་ནས་འགྲོ་ནི་ཞིག
མཐོང་མ་ཐག་ངོ་མདོག་འགྱུར་ནི་ཞིག

གྲོགས་པོའི་ཚད་གཞི།
དགའ་དུས་སུ་མགྲོན་ལ་ཡོང་ནི་ཞིག
སྡུག་དུས་སུ་རོགས་ལ་ཡོང་ནི་ཞིག

ཕྱུག་པོའི་ཚད་གཞི།
རྒྱུ་ནོར་མེད་དུས་གསོག་ཤེས་ནི་ཞིག
རྒྱུ་ནོར་ཡོད་དུས་བཀོལ་ཤེས་ནི་ཞིག

རྩོམ་རིག

Post navigation

Previous Post: དཔེ་དེབ་ལ་དགའ་བ་རྣམས་འདིའི་གཟའ་སྤེན་པའི་ཉིན་ལ་རྩེ་དཔེ་མཛོད་ཁང་ལ་འགྲོ་རྒྱུ་མ་བརྗེད།
Next Post: གྲོས་ཚོགས་ཚོགས་དུས་ ༦ པ་དབུ་འཛུགས་སྐབས་ཀྱི་ཚོགས་གཙོའི་གསུང་བཤད།

Comments (7) on “ཚད་གཞིའི་བསྟན་བཅོས་འཚོ་བའི་མེ་ལོང་།”

  1. ཀ་ཁའི་རྫི་བོ། says:
    2013-09-18 at 11:38 pm

    ལ་ལ་བདེན་ཡང་བདེན་ལ་དགོད་ཀྱང་ཤོར།

  2. དྲན་དཀར་དཔལ་ཡོན་ says:
    2013-09-18 at 11:51 pm

    ཨ་ལ་ལ་འཛམ་པའི་གླིང་དུ་དྲ་བའི་འཁོར་བསྐོར་རོ། མཁས་པར་བྱ་བའི་གནས་རེ་དགུ་ལ་མཁས་པ་རེད་འདུག བཟང་གི

  3. གནམ་ says:
    2013-09-19 at 7:37 am

    བསམ་བློ་མི་འཁོར་དགུ་འཁོར།།
    འཁོར་སྔར་དཔྱང་ཐག་སྐེར་ལེན།

    ཨ་མའི་ཞབས་ཚ། ཨ་ཕའི་རྣ་ཚ་ནོའི་དོན་མགོ་ཆོད་ཡོད་པ་འདྲ། ཧ་ཧ།

  4. དགེ་འདུན་རྒྱ་མཚོ། says:
    2013-09-19 at 8:14 am

    ཡག་པོ་བྲིས་འདུག ཁ་བདེ་གོ་བདེ་གཉིས་ཀ་རེད་འདུག ཁྱབ་པ་གཅོད་ཁག་པོ་རེད་མ་གཏོགས་ནང་ན་བསླབ་བྱ་དང་སློབ་གསོ་མང་བོ་ལེན་རྒྱུ་འདུག
    དཔེར་ན་་་་བླ་མའི་ཚད་གཞི་ལ་ཡོན་ཏན་བཅུ་ཟུང་སོགས་ཡོད་པས་དེ་ལྟར་བཞག་ན་གཞུང་དང་མཐུན་སྙམ། དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ། བཀའ་དྲིན་ཆེ་ཞུ།

  5. དགེ་འདུན་རྒྱ་མཚོ། says:
    2013-09-19 at 8:15 am

    ཡག་པོ་བྲིས་འདུག
    ཁ་བདེ་གོ་བདེ་གཉིས་ཀ་རེད་འདུག
    ཁྱབ་པ་གཅོད་ཁག་པོ་རེད་མ་གཏོགས་ནང་ན་བསླབ་བྱ་དང་སློབ་གསོ་མང་བོ་ལེན་རྒྱུ་འདུག
    དཔེར་ན་་་་བླ་མའི་ཚད་གཞི་ལ་ཡོན་ཏན་བཅུ་ཟུང་སོགས་ཡོད་པས་དེ་ལྟར་བཞག་ན་གཞུང་དང་མཐུན་སྙམ།
    དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ།
    བཀའ་དྲིན་ཆེ་ཞུ

  6. བཀྲ་ཤིས་རྒྱལ། says:
    2013-09-19 at 4:03 pm

    འདྲ་བོ་བྲིས་འདུག

  7. སྐལ་ལྡན་ཕུན་ཚོགས། says:
    2013-09-20 at 8:27 am

    བོད་མིའི་ཚད་གཞི་ཞིག་འཇོག་རྒྱུ་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme