Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འདྲ་པར་འདིའི་ཉེན་བརྡ་ལས་ཁ་བརྡ་རེ་བྱེད་ཡ ་་་

Posted on 2009-12-17 By ཀླུ་ 13 Comments on འདྲ་པར་འདིའི་ཉེན་བརྡ་ལས་ཁ་བརྡ་རེ་བྱེད་ཡ ་་་
གོ་ལའི་གནམ་གཤིས་འགྱུར་ལྡོག་
གོ་ལའི་གནམ་གཤིས་འགྱུར་ལྡོག་

ཁོ་པེན་ཧ་གྷན་དུ་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ལ་འཛམ་གླིང་སྤྱི་ཡོངས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར་ཡུལ་ལུང་དང་ས་གནས་འདྲ་མིན་ནས་ཀྱང་དུས་ཚོད་དེ་དང་བསྟུན་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། ཉིན་ཤས་སྔོན་བལ་ཡིག་གི་དུས་དེབ་ཞིག་གི་སྟེང་གོ་ལའི་གནམ་གཤིས་དང་འབྲེལ་བའི་དཔྱད་རྩོམ་རིང་པོ་ཞིག་དང་མཉམ་གོང་གི་རི་མོ་དེ་འཁོད་པར་མི་ཚང་མས་དོ་སྣང་ཆེན་པོ་བྱུང་ཡོད། ཚན་རིག་པས་བཤད་ན་འཛམ་གླིང་ནང་གི་བཟོ་གྲ་ཁག་ནས་ཡོང་བཞིན་པའི་དུག་རླངས་གིས་གཙོ་བའི་གོ་ལའི་གནམ་གཤིས་ལ་གནོད་པའི་ལས་རིགས་ཀྱི་ཚད་གཞི་ཉུང་དུ་གཏོང་ཐབས་ངེས་ཅན་ཞིག་མ་བྱས་ཚེ་འབྱུང་འགྱུར་གྱི་ལོ་བཅུའི་ནང་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་ཚད་ལས་བརྒལ་བ་ཏེ་རྒྱ་མཚོ་འཁྱིལ་བ་སོགས་ཆུའི་འཇིག་པ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད། འདྲ་པར་འདིའི་ཉེན་བརྡ་ལས་ང་ཚོ་འཛམ་གླིང་གི་ཀླད་ནས་ཡིན་མཁན་ཚོས་ཁ་བརྡ་རེ་བྱེད་ཡ ་་་

གསར་འགྱུར།

Post navigation

Previous Post: "ཟ་འོག་"ཅེས་པའི་ཐ་སྙད་ཀྱི་བསྡུས་དོན།
Next Post: བུ་མོ་དང་ཁྱི་ཤ།

Comments (13) on “འདྲ་པར་འདིའི་ཉེན་བརྡ་ལས་ཁ་བརྡ་རེ་བྱེད་ཡ ་་་”

  1. མགོན་པོ་ཕྱག་གཉིས་པ། says:
    2009-12-17 at 1:59 am

    ད་ཁ་བརྡ་བྱེད་རྒྱུ་ཅང་ཡོད་ནི་མ་རེད། ང་ཚོས་རང་ཉིད་ཤི་ལམ་ལ་འཇུག་བཞིན་ཡོད་པ་རེད། ཡར་རྒྱས་འཛུགས་སྐྲུན་ཟེར་བ་དང་ཁོར་ཡུག་སྲུང་སྐྱོབ་ཟེར་བ་འདི་གཉིས་མཉམ་གཅིག་ཏུ་ཡོངས་ཐབས་ཁོ་རང་ཡོད་པ་མ་རེད། ང་ཚོའི་འདོད་པའི་ཁམས་འདི་འདོད་པའི་རང་བཞིན་ཅན་ཡིན་པས་མཐར་ཐུག་འདོད་པའི་བྱས་ཉེས་ལ་བརྟེན་ནས་འཇིག་འགྲོ་གི་རེད།

  2. རི་སྤྱང་ཁེར་འགྲོ says:
    2009-12-17 at 11:17 pm

    རྒན་མགོན་པོ་ཕྱག་གཉིས་བ་ལགས།
    ཁོར་ཡུག་སྲུང་སྐྱོབ་སྐོར་ལའང་ཁ་བརྡ་འདྲ་ཡས་ན་ཧྲ་ས་རི་གོ།
    ༡༩༧༢་ལོར་ཨ་རིའི་གཞུང་གིས་ཤིང་འབུ་དང་ཞིང་འབུ་ རྩ་ཡན་་སོགས་འཇོམས་བྱེད་འདྲེ་འདྲེ་བྲོས་DDT ཟེར་བའི་གཤེར་དུག་རྫས་ངན་དེ་བཀག་མེད་པ་ཡིན་ན། ཨ་རིའི་གླག་མགོ་དཀར་ དང་ངག་སྙན་བྱེའུ་བྲང་དམར་ ད་དུང་ཉ་སེལ་སྨན་སོགས་སྟོང་ཚར་བའི་ཚོད་དཔག་བྱེད་ལ། རྫས་ངན་ལངས་ཤོར་དེས་བུད་མེད་མང་པོར་་ཀན་སེར་བསྐྱེད་ནས་་འཆི་ལམ་དུ་བརྫངས་བའང་རྫས་དུག་ཞིབ་འཇུག་པ་ཚོས་ཁུངས་སྐྱེལ་བྱས་འདུག དེ་ཡང་མི་མང་གིས་ཁ་བརྡ་བྱོས་ རྩོད་གླེང་བྱས་ དེབ་འབྲི་མཁན་ཚོས་དེབ་བྲིས་ ཁྲོམ་སྐོར་བྱེད་མཁན་ཚོས་ཁྲོམ་སྐོར་བྱས གསར་འགོད་པ་ཚོས་གཏམ་རླུང་ལ་བསྐྱོན་ དེ་འདྲ་བྱས་འདུག་ག དཔེར་ན་ ༡༩༦༢ ལོར་ཐོན་པའི་འདབ་ཆགས་ཀྱིས་སྐད་མི་སྒྲོག་པའི་དཔྱིད་ཀའམ་ གྲགས་འགུལ་མེད་པའི་དཔྱིད་ཀ་ཞེས་བ་འདིས་་ཁོར་ཡུག་སྲུང་སྐྱོབ་ལ་ལག་རྗེས་ཆེན་པོ་བཞག་འདུག་ག

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-18 at 3:49 pm

    འཐག་བཞིན་པའི་འགྲོ་བ་མིའི་སེམས།

    སེམས་འདི་ནི་དར་ཐག་ཞིག་ཡིན་པའི་དབང་དུ་བཏང་བ་ཡིན་ན། དར་ཐག་འདི་འཐག་མཁན་གྱི་འགྲོ་བ་མིའི་རིགས་ཀྱི་རང་གི་ཆེད་དུ་དར་སྐུད་འདི་འཐག་བཞིན་ཡོད་པ་ཡིན་དུས། དར་སྐུད་འདི་ཉིད་གང་དུ་འཐེན་ཡོད་མེད་ཀྱི་ཐད་དུ་བསམ་གཞིགས་ནན་མོ་གཏོང་དགོས་མཁན་དེ་ཡང་འགྲོ་བ་མི་ཞིག་ཆགས་དགོས་པ་ཡིན་དུས། དོན་དངོས་སུ་འགྲོ་བ་མིའི་སེམས་པ་འདི་དར་སྐུད་ཅིག་གི་སྣེ་རུ་འདར་བཞིན་པའི་མཛེས་སྡུག་གི་བཟོས་པའི་དར་སྐུད་བཟོས་པའི་དངོས་པོ་ཞིག་ལས་གང་ཡང་མེད་པར་བརྩི་དགོས་པ་ཡིན་ནམ་ཅི་ལགས།

    ངེད་ཀྱི་རང་གི་ནོར་འཁྲུལ་གྱི་སེམས་པ་འདི་དར་ཐག་ལྟ་བུ་འདི་ལ་རྒྱུན་དུ་ཞིབ་དུ་བརྟག་དུས་སུ། དར་སྐུད་འདི་ཉིད་ཐོག་མར་བཟོ་མཁན་གྱི་ཁོར་ཡུག་དེ་ནི་ཆེས་ཐོག་མའི་དར་སྐུད་འདི་འཐག་མཁན་གྱི་འགྲོ་བ་མིའི་རིགས་ཀྱི་མེས་པོ་དག་རེད་ལ། མེས་པོ་དེ་དག་གིས་དར་སྐུད་འདི་དག་མི་ཡུལ་ནས་འཐག་སྟངས་ཀྱང་མི་འདྲ་བའི་རྣམ་གྲངས་ཀྱང་མཐའ་ཡས་པ་ཞིག་བཟོས་འདུག་པ་འདི་ནི། འགྲོ་བ་མིའི་རིགས་ཀྱི་སེམས་པ་འདི་དར་ཐག་ཞིག་ལས་བརྒྱུས་དེ། དར་ཐག་འདིའི་སྣེ་མོ་གང་སར་འཛིང་ནས་འོང་དེ་བཅུགས་ཡོད།

    སྣེ་མོ་རེ་རེ་ན། རིགས་ཞེན་དང་ཕྱོགས་ཁག ང་རྒྱལ་དང་ཧམ་སེམས། རང་གཅེས་དང་གཞན་ཕམ། རིགས་རུས་དང་མཐོ་དམན། ཤ་འདོག་དང་སྐད་རིགས་སོགས་ནི་མེས་པོ་དེ་དག་གི་འཐག་ཚར་བའི་དར་ཐག་དེ་ཡི་སྣེ་མོ་རེ་རེ་ཡིན། སྣེ་མོ་དེ་དག་གི་ཕྱོགས་སྣེ་རེ་ན། ཆོས་ལུགས་དང་ཚན་རིག ལྟ་གྲུབ་དང་གཞུང་ལུགས། གོམས་གཤིས་དང་སྲོལ་རྒྱུན། མི་རེ་རེ་སེམས་ཁོང་དུ་དམར་པོ་མེ་བཞིན་བླུགས་པའི་ཚ་དྲོད་དེ་ནི་ནམ་ཡང་ཡལ་དུ་མེད་པར་གནས་ཡོད་པ་ཡིན།

    དེ་ནས་བཟུང་། དར་སྐུད་དེ་ཡི་སྣེ་མོ་རེ་རེ་ན། ས་མཚམས་ཡོད་ལ། རྒྱལ་མཚམས་ཡོད་ལ། ཁྲིམས་ལུགས་ཡོད། དབྱེ་བ་ཡོད། མཐོ་དམན་ཡོད། ནམ་ཡང་གཏོར་ལོག་བྱེད་ཐབས་མེད་པའི་མི་སེམས་གྲངས་མེད་ཀྱི་དར་སྐུད་ཅིག་ཡོད། དར་སྐུད་དེ་དག་གི་སྣེ་མོ་ཡང་། སྔར་ལས་སྟོབས་ཤུགས་ཆེ་རུ་བྱིན་ནས། འཐབ་འཛིང་དང་དམག་འཁྲུག་ལས་བུད་དེ། སྟོབས་ཤུགས་དང་དཔལ་འབྱོར། ཁེ་ཕན་གྱི་གཡུལ་སར་གྱུར་ནས། དུས་ད་ལྟའང་དར་སྐུད་དེ་ཡི་སྣེ་ན། འགྲོ་བ་མི་དག་གིས་ཁྱོད་ཤི་ང་གསོན་གྱི་འཐབ་མོ་ཆེས་མང་བོ་ཞིག་བསྐྱེད་སྲུང་བྱས་དེ་འཚར་ལོངས་བྱུང་བ་ནི། དུས་རབས་སྔ་མ་དག་ལས་མགྱོགས་ཚད་བརྒྱ་ཕྲག་གིས་མྱུར་དུ་བྱིན་ཡོད་པ་རེད།

    དར་སྐུད་འདིའི་སྣེ་མོ་བཟོ་མཁན་དེ་དག་ཀྱང་གནའ་རབས་ཀྱི་འགྲོ་བ་མི་ཡིན་ལ། དར་སྐུད་འདི་དག་ལ་ཡི་རང་དང་རྗེས་འཛིན་བྱེད་མཁན་ནི། དུས་རབས་ཉེར་གཅིག་པའི་ནང་གི་འགྲོ་བ་མི་ཆགས་ཡོད་པ་དང་། དུས་རབས་ཉེར་གཅིག་ནང་གི་མ་འོངས་དུས་རབས་སུམ་བཅུ་བཞི་བཅུའི་ནང་གི་མེས་པོ་འདི་དག་གིས་ཀྱང་དར་སྐུད་འདིའི་ཕྱོགས་སྣེ་རེ་རེ་ལ་ཡར་རྒྱས་གཏོང་བཞིན་ཡོད་པ་རེད་ལ། དེ་ཉིད་ཡར་རྒྱས་གཏོང་མཁན་དག་ལ་དུས་རབས་འདིས་འགྲོ་བ་མིའི་བསྟོད་བསྔགས་དང་ཡི་རུང་། གུས་བརྩི་དང་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    སྤུན་ཟླ་ཀླུ་མིང་བ་ལགས། གོང་གི་འདི་ཁ་བརྡ་དྲ་ཐོག་ལ་འཇོག་རོགས་ཞུ།

  4. Tenzin Deshal says:
    2009-12-18 at 4:04 pm

    A coral island Country, the world’s smallest country with an about half million populcation in Indian Ocean is about to sink due to rise of sea le vel whcih again caused by Global Warming, check out the link below:

    http://www.cnn.com/2009/WORLD/asiapcf/10/17/maldives.underwater.meeting/

  5. མགོན་པོ་ཕྱག་གཉིས་པ། says:
    2009-12-18 at 10:06 pm

    ཨོ་རི་སྤྱང་ཁེར་འགྲོ་ཨེ། ཁོ་ཚོས་ཁོར་ཡུག་སྲུང་སྐྱོབ་སྐོར་སྐད་ཆ་བཤད་པ་དེ་ཚོ་གོ་ན་ང་གད་མོ་ཤོར་ནས་རིལ་གྲབས་རིལ་གྲབས་བྱེད་གི་འདུག ད་ག་ཚོད་ཤུགས་རྒྱབ་ནའང་ཚེ་ལ་རིང་ཐུང་ཞིག་གི་ཁྱད་མ་གཏོགས་ཡོད་མ་རེད།
    ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྐད་ཆ་དེ་གསར་བ་ཅང་མ་རེད། ལོ་སྟོང་ཕྲག་དུ་མའི་གོང་ནས་ཡོད་པ་རེད། ང་ཚོས་བསྲུང་རྒྱུ་དང་སྤྱོད་རྒྱུ་གཉིས་ཀའི་ནང་ནས་སྤྱོད་རྒྱུ་དེ་ཨང་དང་པོར་བལྟ་གི་རེད། ད་དེ་ཡིན་ན་ཤེས་ག
    ང་ཚོའི་ཁོར་ཡུག་ལ་གཏོར་བརླག་གཏོང་མཁན་དེ་གད་སྙིགས་དང་འགྱིག་ཤོག བཟོ་གྲྭ་དང་མོ་ཊ་སོགས་ཀྱི་རྫས་དུད་དེ་ཚོ་མ་རེད། མིའི་ལྷན་སྐྱེས་ཀྱི་འདོད་པ་དེ་རེད། དེ་ཡིན་དུས་ད་ཐབས་ཤེས་ཡོད་མ་རེད། ང་ཚོ་འཚོ་དགོས་གི་རེད་པ། དེ་ཡང་ཆ་རྐྱེན་ཡག་པ་ཞིག་གི་འོག་འཚོ་དགོས་གི་རེད་བ། ད་ཤེས་ག གསལ་པོ་ཞེ་དྲག་རེད།

  6. མགོན་པོ་ཕྱག་གཉིས་པ། says:
    2009-12-18 at 11:23 pm

    གལ་སྲིད་ཅིག་ཡོང་ན་ང་ཚོས་ཀྱང་། བུང་བ་ནང་བཞིན་མེ་ཏོག་གི་དྲི་དང་ཁ་དོག མཛེས་པ་ལ་མ་གནོད་པར་སྦྲང་རྩི་ཁྱེར་འགྲོ་བ་དེ་བཞིན་་མ་ཡུམ་གྱི་ས་གཞི་ཆེན་པོ་ལ་ཅུང་ཟད་ཙམ་ཡང་མ་གནོད་པར་མཁོ་དངོས་ལེན་ཤེས་ན་ད་བལྟ་རྒྱུ་ཞིག་ཡོད་རྒྱུ་རེད་དེ། མྱི་གློའི་འདི་ཚོ་བླུན་དྲགས་ནས་བུང་བ་ཕར་ཞོག་སེམས་ཅན་གཞན་དང་གཞན་ལྟར་ཡང་བྱེད་ཤེས་གི་མ་རེད། ཁོ་ཚོ་ད་རུང་སེམས་ཅན་ཚང་མའི་ནང་ནས་སྤྱང་ཤོས་ཡིན་བསམ་གི་ཡོད་པ་རེད། ཕུགས་ཕུགས་ལ་བསམ་བློ་བཏང་ན་གླེན་ཤོས་དེ་ཆགས་བསྡད་ཡོད་རེད། སེམས་ཅན་ཚང་མའི་ནང་ནས་དཀའ་ལས་རྒྱག་མ་ཐུབ་པར་སྐྱག་ལངས་ལ་ཤོར་མཁན་དང་པོ་དེ་ཆགས་ཡོད་པ་རེད།
    ད་ལྟོས་ར། མི་ཚང་མའི་དགོས་མཁོ་གད་རྙིགས་རེད། བཟོ་གྲྭ་ཁག་གིས་ཐོན་སྤེལ་བྱེད་རྒྱུ་དེའང་གད་རྙིགས་རེད། གད་རྙིགས་ཀྱིས་ཁོར་ཡུག་ལ་གནོད་སྐྱོན་ཡོང་བཞིན་པ་དེའི་ལྷག་ཅིག་གད་རྙིགས་ཐོན་སྤེལ་ཁྲོད་ཡོང་གི་ཡོད་པ་རེད། མི་མཁོ་དགུ་མཁོ མི་བྱེད་དགུ་བྱེད། རང་གི་མ་ཡུམ་པང་ལ་སྟ་རེས་གཞུ།

  7. རི་སྤྱང་ཁེར་འགྲོ says:
    2009-12-20 at 2:10 pm

    རྒན་མགོན་པོ འོག་ནས་ངས་ཉོག་བཤད་ཐུང་ཐུང་ཞིག་རྒྱག་རྒྱུ ཁྱོ་གད་མོ་མ་དགོད་འ་་་
    ———-
    རེད་རེད། ཉིད་ཀྱིས་གསུངས་བ་བདེན་པ་རེད། ཡིན་ནའང་། སྔོན་ཆད་ཁོར་ཡུག་གི་དཀའ་ངལ་འཕྲད་སྟངས་དང་དེར་གདོང་ལེན་བྱེད་སྟངས་དང་། ཁ་སང་དེ་རིང་གི་འདི་གཉིས་མི་འདྲ་གི།
    འཕྲུལ་ཆས་ཤུགས་ཆེར་མ་དར་གོང་། ང་ཚོའི་བྱེད་སྟངས་དེ་བུང་བས་ཟེ་འབྲུ་ལེན་པ་དང་འདྲ་ལབ་ནའང་མི་ཆོག་མེད་པ་འདྲ། སྐབས་དེར་ང་ཚོས་ཁོར་ཡུག་ལ་འཛིན་པའི་རྣམ་འགྱུར་དེ་ཧམ་པ་ཚ་བོ་མ་རེད་ལ། དེང་སང་ནང་བཞིན་ཁོར་ཡུག་ལ་བཙན་གཡེམ་བྱེད་སྤྱད་ཀྱི་འཕྲུལ་ཆས་ཀྱི་མཐུན་རྐྱེན་ཡང་མེད་ཀི།

    དཔེར་ན། ང་སྐྱེས་སའི་གྲོང་སྡེ་དེར་མཚོན་ན། སྔོན་ཆད་རྫ་མགོ་རི་མགོ་ཚང་མ་ནགས་ཀྱིས་ཁེངས་ཡོད། ཁང་བ་གསར་རྒྱག་ཆེད་ཡུལ་ལྷ་གཞི་བདག་གི་གནང་བ་ཐོབ་ཐོག་གྲོང་སྤྱིའི་མོས་མཐུན་ཡོད་ན་་ཤིང་སྡོང་བཅད་ཆོག་ལ། འབུད་ཤིང་དང་སླེ་བོ་བསླས་སྤྱད་ཀྱི་ལྕུག་ཕྲན་ཡང་སྒྲུག་ཆོག་གི་རེད། དེ་དུས་ལག་ཆ་ནི་སྟ་རེ་དང་སོག་ལེ།ཟོར་བ་མ་གཏོགས་མེད་ལ། ཤིང་ཆ་དང་འབུད་ཤིང་།ནགས་ལྕུག་སོགས་བོང་དྲེལ་དང་མིས་རྒྱབ་ཏུ་འཁུར་ནས་སྐྱེལ་འདྲེན་བྱེད། འདི་སྦྲང་མས་ཟེ་འབྲུ་ལེན་སྟངས་དང་འདྲ་སེ་ཡོད།

    དེ་ནས་བརྒྱད་ཅུ་དང་དགུ་ཅུའི་ནང་ཨ་ཞང་ཚང་སླེབས་ནས། གློག་སྒུལ་ཟོག་ལེ་རང་འཁོར་མ་དེས་ཤིང་ནགས་ཚང་མ་སྐྲ་འབྲེག་འབྲེག་བྱས་སོང་། ཤིང་གཏུན་རླངས་འཁོར་ཆེན་པོའི་ནང་གནམ་ལ་སྙོབ་པ་རེ་བརྩིགས་ནས་་ནང་ཐུར་ར་དྲུད་སོང་།
    རི་ལུང་ཐང་གསུམ་ལ་ཚ་བ་འཕར་བ་ནས དུས་དུས་སུ་སྤྲིན་འཁྲིགས་པ་དང་། དུས་དུས་སུ་འབྲུག་སྒྲ་སྒྲོག་པ། དུས་དུས་སུ་ཆར་བ་འབེབ་པ་ཟེར་བ་སོགས་གནའ་གཏམ་འདྲ་ཞིག་ཆགས་སོང་། ས་བཅུད་ཟུངས་འཛིན་གྱི་རྟེན་འཕུར་་རྨང་ནས་ཕྱུང་ནས་ང་ཚོའི་ཕ་ཡུལ་གྱི་མི་ཚང་མ་ངུ་ན་མིག་ཆུ་མི་ཐོན་པ་ཞིག་བཟོས་པ་རེད། མཚོ་བོད་མཐོ་སྒང་ནས་ཤིང་ནགས་བསྐྱར་གསོ་བྱེད་རྒྱུ་དཀའ་ནོ་ཚང་མར་གསལ་བ་བཞིན།

    ཕྱིས་སུ་ཁུ་ཚང་གིས་ནང་ལོག་ལ་ཆུ་ལོག་རྒྱུག་ནས་མི་བབས་ཀི་བཟེ་ནས་ ཞིང་ཁ་ཚང་མར་རྩ་འདེབས་ཀི་བཅུག་པ་རེད། ཤིང་ནགས་གང་བྱུང་བཅད་མི་ཆོག་ཅེས་གད་མོ་ཤོར་བའི་སྐད་ཆ་བཤད་པ་རེད།

    ཡང་ཞིང་ཁ་དང་ལོ་ཏོག་ནད་པ་བཟོས་བའི་ལོ་རྒྱུས་བཤད་ན། སྔོན་མ་ཡིན་ན་ཞིང་ཁར་རང་བྱུང་གི་ལུད་བླུག་གི་ཡོད་པ་རེད། རྩ་ཡན་དང་ཡུག་ཤོ་ཡང་མིས་ཕྱུང་གི་ཡོད་པ་རེད། རྩ་ཡན་དང་ཡུག་ཤོ་ཕྱུང་བ་འདིར་ང་ཚོས་ཕ་ཡུལ་ནས་ཡུར་མ་ཡུར་ཟེར་ལ། བུད་མེད་སྡུག་རུས་ཅན་དེ་ཚོས་ཟླ་བ་ནས་ཟླ་བ་བྱས། ཁེར་ཡུར་ དང་ཉིས་ཡུར་ སུམ་ཡུར་ཞེས་རིམ་པ་མང་པོ་ཡོད་རེད། འབྲུ་རིགས་ཟ་མཁན་གྱི་བྱ་བྱེའུ་དཀྲོགས་པ་ལ་ཁྲ་ཐོ་དང་གྲུམ་པ་སོགས་ལོ་ཏོག་རྐུ་མཁན་ལ་མི་ཐོ་བསླངས་ནས་ཁ་གཏད་གཅོག་གི་ཡོད་པ་རེད།
    ད་ཡིན་ན་འདི་ཚང་མ་སྤྱང་ཀིའི་རྣ་ལ་ཆོས་བཤད་རེད། རང་བྱུང་ལུད་ཀྱི་ཚབ་ཏུ་མིས་བཟོས་སྦྱར་རྫས། འབུ་སྲིན་གཞོམ་བྱེད་ལ་འབུ་སྨན། རྩ་ལྡོམ་འགོག་བྱེད་ལ་ལྡུམ་སྨན གྲུམ་པ་གསོད་བྱེད་ལ་གྲུམ་སྨན་དང་ཝ་མོ་གསོད་བྱེད་ལ་ཝ་སྨན་ཞེས་དུག་གི་རྫས་སྦྱོར་གང་དགོས་དགོས་ལག་ཐོག་ན་ཡོད་རེད། དེ་ཡང་ཅིག་ཅིག་གི་སྨན མུག་མུག་གི་སྨན་ཟེར་བ་མ་གཏོགས་ཚང་མ་དུག་རེད། དུག་རྫས་དེ་རྣམས་ཀྱིས་ཞིང་ས་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་གླེང་མ་དགོས།
    འབྲུ་རིགས་ཀྱི་་ས་བོན་་ཞིང་ཁར་མ་གཏོར་གོང་། ས་བོན་ལ་སྨན་འཁྲུས་་ཟེར་ནས་འབྲུའི་ས་བོན་ཚང་མ་དུག་རྫས་ཀྱི་གཤེར་ཁུ་་ནང་བསྣོག་གི་ཡོད་རེད།དེ་ཡང་འབུའི་གནོད་པ་འགོད་ཆེད་རེད། འདི་དུག་རྫས་ཐོག་མར་ཟ་འབྲུའི་ནང་འཛུལ་པའི་སྔོན་འགྲོ་རེད། དེ་ནས་མི་བཟོས་སྦྱར་རྫས་ལུད་སྨན་དང་མཉམ་དུ་ས་བོན་ཞིང་ཁར་འདེབས་གི་ཡོད་རེད། འདི་དུག་རྫས་ཟ་འབྲུའི་ཁོག་པར་ཞུགས་པའི་གོམ་པ་གཉིས་པ་རེད། དེ་ནས་སྟོན་ཏོག་ནང་དུ་མ་བསྡུ་བར་འབུ་སྲིན་གསོད་བྱེད་དང་རྩ་ལྡོམ་འགོག་བྱེད་ཀྱི་དུག་རྫས་སོགས་ཞིང་སར་འཕྲོ་རིམ་འཕྲོར་དམིགས་མེད་དུ་གཏོར་གི་ཡོད། མཐའ་མ་དེར་ཞིང་ས་དང་ཟ་འབྲུ་ཡིས་རྫས་ངན་ཚང་མ་ཞུ་ཐུབ་གི་ཡོད་མ་རེད། རྫས་སྙིགས་དུག་གི་རང་བཞིན་ཅན་རྣམས་ཟ་འབྲུ་དང་ཞིང་སར་གནས་བའི་ས་འབུ་སོགས་བརྒྱུད་ནས་དེ་རྣམས་འཛད་སྤྱོད་བྱེད་མཁན་གྱི་མི་དང་ཕྱུགས་ཟོག་འདབས་ཆགས་སོགས་ཀྱིས་ལུས་ལ་འཛུལ་ནས་རྫས་སྙིགས་རིམ་གསོག་གི་ལམ་ནས་གཅིག་ནས་གཉིས་ གསུམ་ནས་དྲུག ལྔ་ནས་བཅུར་འཕེལ་ནས་གང་མཚམས་ཤིག་ནས་དབང་རྩ་འདར་གསིག་གི་་ན་ཚ། སྐྱེ་སྒོ་གེགས་གཅོད་ཀྱི་ན་ཚ། ཕྲ་ཕུང་གཏོར་བཤིག་གི་ན་ཚ་སོགས་འབྱུང་གི་ཡོད་རེད། གནོད་འབུ་་དང་རྩ་ལྡུམ་འགོག་བྱེད་ཀྱི་དུག་རྫས་འདི་ཚོ་ཟ་འབྲུ་དང་སྔོ་ཚོད འབུ་སྲིན་གཅིག་པོ་བརྒྱུད་ནས་ཁྱབ་པ་མ་ཡིན་པར། ས་ལ་འཐིམ་ནས་མཚོ་ལ་འདྲེས། ཆར་བས་དེད་ནས་གཙང་བོར་འདྲེས རླུང་གིས་དེད་ནས་རྒྱང་ཐག་མེལ་བརྒྱ་ཕྲག་བརྒལ་བའི་སར་འཁྱེར་བ་སོགས་བརྒྱུད་ལམ་འདྲ་མིན་ནས་ཁོར་ཡུག་ནང་ཁྱབ་ནས། ང་ཚོའི་འཚོ་གནས་ལ་འཇིགས་སྐུལ་བྱེད་པ་འདི ང་ཚོས་ཁོར་ཡུག་བསྐྱེད་མའི་པང་བར་སྟ་རེས་གཞུས་བ་ཙམ་མ་ཡིན་པར་། རང་ཉིད་ཀྱིས་ཁོག་ལ་རང་གིས་ཁྲོ་ཆུ་ལྡུག་པ་དང་ཡང་ཀུན་ནས་འདྲ།
    ཨ་རི་ལྟ་བུར་མཚོན་ན། དྲུག་ཅུ་རེ་གྲངས་ནང་ཞིང་ས་དང་ཤིང་ནགས་ཀྱི་འབུ་དང་ །རི་འགོའི་རྩ་ཡན་སོགས་ལ་ཁ་གཏད་གཅོག་བྱེད་་དུག་འདུས་སྦྱར་རྫས་ཁ་གྲངས་༥༠༠༠ལྷག་ཡོད་འདུག་ལ། ཉེ་ཆར་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཤིག་གི་ཞིབ་འཇུག་སྙན་ཐོ་ནང་ད་ལམ་རྫས་རིགས་༡༨༠༠༠་ཙམ་ལ་སླེབས་ཡོད་འདུག དེ་ཡང་གྲངས་ཀ་འདི་ཨ་རི་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་གི་ཤིང་འབུ་དང་ཞིང་འབུ། རྩ་ཡན་སོགས་འཇོམ་བྱེད་སྦྱར་རྫས་དེབ་སྐྱེལ་གྱི་གྲངས་འབོར་ནང་ཚུད་ཡོད་པ་ཁོ་ན་་ཡིན་འདུག།
    གོང་དུ་བགྲང་བའི་དུག་རྫས་ལས་གཞན། ཧ་ཡང་དང་ཞ་ཉེ་བཟོ་གྲ། གློགའདོན་བཟོ་གྲ་སོགས་ནས་ཐོན་པའི་དུག་རྫས་དང་དུད་རླངས་། གྲོང་ཁྱེར་ཆེན་པོའི་ལས་ཁུངས་དང་མིའི་སྡོད་གནས་ཀྱི་གྲུ་ཟར་མང་པོ་ནས་འདོར་བའི་རྫས་སྙིགས་སོགས་ཀྱིས་ང་ཚོའི་ཚེ་་སྲོག་གི་རྟེན་གཞིར་་གྱུར་བའི་འབྲུ་རིགས་དང་སྔོ་ཚལ་དང་།ཤིང་འབྲས་སོགས་དང་།མཁའ་རླུང་དང་བཏུང་ཆུ་སོགས་ཀྱང་བསླད་ནས། ད་ཡིན་ན། ཨ་རི་ལྟ་བུར་མཚོན་ན། རི་ནས་གང་དགར་ཆུ་མིག་སྒོག་འཐུང་བྱེད་པ་དང་ཤིང་འབྲས་གང་བྱུང་ཟ་བ། ནགས་ཚལ་དང་ཞིང་ཚིགས་སོགས་སུ་གང་འདོན་འཆམ་ཉུལ་བྱེད་པ་སོགས་གཟབ་གཟབ་བྱེད་དགོས་པའི་ཚད་ལ་སླེབས་ཤིང་། གནས་སྟངས་འདི་འདྲ་ངེད་ཀྱི་ཕ་ཡུལ་དུའང་མི་འགྱངས་བར་འབྱུང་གི་རེད་སྙམ་ནས་བདག་ལ་སེམས་ཁྲལ་ཆེ།
    དེ་མིན། ས་ཆེན་ཚ་བ་འཕར་ནས་གངས་རི་ཞི་ཞིང་རྒྱ་མཚོ་འཕེལ་ཡང་རུང་ ། བར་སྣང་ཨོ་རྫོན་བླ་རེ་བརྡོལ་ནས་དྲག་འོད་ལུས་ལ་ཕོག་ཀྱང་རུང་། མཁའ་ནས་སྐྱུར་ཆར་བབས་ནས་འཁོར་འདས་གཉིས་ཀ་བསྲེགས་ཀྱང་རུང་། སྨུག་པ་དུག་དང་ལྡན་པས་གྲོང་དང་གྲོང་ཁྱེར་བཀུམས་ཀྱང་རུང་། འགྱིག་ཤོག་མ་ཞུ་ས་ཆེན་པང་བར་བརྒྱ་ཕྲག་ཕྱེད་ཀ་འགོར་ཡང་རུང་།། ང་ལ་སེམས་ཁྲལ་སྤུ་ཙམ་མེད་ཅིང་བྱས་ཀྱང་ཕན་འབྲས་འབྱུང་བ་དཀོན་པ་ཉིད།
    འོན་ཏེ།
    སྦྱར་རྫས་ངན་པས་ཆུ་དང་རླུང་དང་བདག་གི་ཟས་ཕོར་དང་།། བདག་གི་སྡོ་ཁང་ཕྱི་ནང་་ནང་གི་བུ་དང་ཆུང་མ་དང་།། གྲིབ་བསིལ་ལྗོན་ཤིང་དེར་གནས་སྐད་སྙན་བྱ་བྱེའུ་དང་།། རི་ཡི་ཤིང་འབྲས་སྤང་གི་རྩ་ལྗང་ཆུ་ནང་ཉ་རིགས་སོགས་།། དམིགས་མེད་གཙེ་འདི་མི་བཟོད་བདག་ནི་སྙིང་ཆུང་ལགས་པས་མཚན་གྱི་་གཉིད་ཀྱང་བོར།

  8. རྩམ་དགའ་ says:
    2009-12-20 at 2:55 pm

    དེང་རྒྱལ་ཁབ་ཚང་མས་དཔལ་འབྱོར་དང་དབང་ཤུགས་ཁོ་ནའི་ཐོག་ནས་ཁྱོད་རྒྱལ་ང་ཕམ་རྩོད་པ་ལས་སྤྱི་བའི་སྒང་ལ་སེམས་ཁུར་ཡོད་ནི་མ་རེད། མི་འགྱངས་པར་སའི་གོ་ལའི་ཁྱིམ་གཞི་ཆུང་ཆུང་འདི་འབར་གས་ཤིག་གམ་ཡང་ན། ཁོར་ཡུག་ལ་དུག་རླངས་བཙོག་པ་འགོས་པ་འདིས་ཚར་འགྲོ་ནི་རེད་ལགས།

  9. རི་སྤྱང་ཁེར་འགྲོ says:
    2009-12-20 at 3:55 pm

    ས་གཞི་དང་ནམ་མཁའ། མཁའ་རླུང་དང་གཙང་བོ། རི་ལུང་དང་ནགས་ཚལ། འདབ་ཆགས་དང་སྲོག་ཆགས། ཟ་འབྲུ་དང་སྔོ་ཚལ་འདི་ཚང་མ་ང་ཚོའི་ཐུན་མོང་གི་བདེ་ཐང་དང་འཚོ་གནས་ལ་མེད་ཐབས་མེད་ལ་འབྲལ་ཐབས་ཀྱང་མེད་པས། འདི་རྣམས་ལ་གནོད་འཚེ་རྩོམ་པ་མིའི་ེཧམ་པ་ལགས་པས་་འགོག་ཐབས་མེད་ལབ་ནས་སྣང་མེད་དུ་བསྐྱུར་ན་གྱོང་རེད། ཁྲིམས་ཀྱིས་སྟངས་འཛིན་ཁོ་ནས་ད་གཟོད་འདི་དག་ལ་གདོང་ལེན་བྱེད་ཐུབ་ལ་དང་གཅུན་པར་བྱེད་ཀྱང་བྱེད་ཐུབ་པས་མི་མང་གིས་ཤེས་རྟོགས་སྤེལ་་རྒྱུ་དང་ལས་འགུལ་སྥེལ་རྒྱུ་གལ་ཆེན་རེད། གལ་སྲིད་ཚོང་བ་སྟོབས་ཆེན་ཞིག་གིས་ཨ་སྒོར་བརྩེགས་མ་ས་ཡ་བཅུ་་བསྟན་ནས་ཁྱེད་ཚང་གི་ལྟག་རྒྱབ་ནས་ཧ་ཡང་གི་བཟོ་གྲ་ཞིག་རྒྱག་གི་ཡིན། ཆ་རྐྱེན་ངེས་པར་དུ་དང་ལེན་དགོས་བ་ཞིག་ནི་ཁྱེད་ཀྱི་བུ་རབས་ཚ་རྒྱུད་དང་བཅས་པ་གནས་གཞན་དུ་སྤོར་མི་ཆོག་ལ བཏུང་ཆུ་དང་འབྲུ་རིགས་་སྔོ་ཚལ ཐ་ན་ཤ་དང་སྒོ་ང་སོགས་ཀྱང་གཞན་ནས་ནང་འདྲེན་བྱེད་མི་ཆོག་པར་ས་གནས་དེ་རང་ནས་གང་ཐོན་སྤྱོད་དགོས་ལབ་ན་ཉིད་ནས་གང་ཞིག་འདེམས་སམ།
    ངས་གོང་དུ་ཞུས་པ་བཞིན། DDT ཞེས་པ་འདི་དུག་སྦྲང་གསོད་བྱེད་ཀྱི་དུག་ལྡན་རྫས་སྦྱོར་ལྟེ་བ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འདིས་མ་ལ་རེ་ཡ་ན་ཚ་སྔོན་འགོག་ལ་ཕན་ཆེན་པོ་ཐོགས་པ་རེད། དེ་བཞིན་མི་དང་ཁོར་ཡུག་ལའང་གནོད་པ་ཆེན་པོ་བྱས་པ་རེད། ཕྱིས་སུ་ཨ་རི་ནང་DDT འདི་ཞིང་ས་དང་ནགས་ཚལ རྩ་ཐང་སོགས་ལ་གནམ་གྲུ་ནས་ཕོན་ཆེན་སྣུམ་དང་བསྲེས་ནས་དམིགས་མེད་དུ་གཏོར་ནས་ཁོར་ཡུག་དང་མི་དང་སེམས་ཅན་གྱི་འཕྲོད་བསྟེན་ལ་ལྟོས་ཟེར་བ་ཞིག་བཅོས་འདུག ༡༩༦༢་ལོར་ཁུ་སིམ་པའི་དཔྱིད་ཀ་ཞེས་བའི་དཔེ་དེབ་སྐད་གྲགས་ཅན་མ་ཐོན་བར་གནོས་འཚེ་་མྱོང་མཁན་མི་མང་དཀྱུས་མ་ཚོས་འདི་ཤེས་ཀི་ཡོད་པ་མ་རེད། དེབ་འདི་ཐོན་རྗེས་གཞི་ནས་དམངས་ཁྲོད་དུ་དོ་སྣང་ཆེན་པོ་སླེབས་ནས་ཨ་རི་ནང་ཁོར་སྲུང་སྐྱོབ་ལས་འགུལ་གྱི་ཚ་རླབས་འཕྱུར་བ་རེད། མགོ་སྲིད་འཛིན་དང་གྲོས་ཚོགས་ཀྱི་མི་སྣ་ནས་འོག་མི་སེར་དཀྱུས་མའི་ཁྱིམ་ཕུག་་ཏུ་་གླེང་སློང་ཆེན་པོ་ཆགས་པོ་རེད། དེ་ནས་ཁྲིམས་ཐོག་ནས་དུག་རྫས་སྦྱོར་སྟངས་དང་བེད་སྤྱོད་བྱེད་སྟངས་ཁྲིམས་གཞི་གསར་བ་བཟོས་པ་མ་ཟད། ༡༩༧༢ོར་DDT འདི་ཨ་རི་ནང་བེད་སྤྱོད་མི་ཆོག་པ་ཁྲིམས་ཐོག་ནས་བཀག་རེད། ཡིན་ནའང་། ཨ་རིའི་དུག་རྫས་བཟོ་གྲ་ཁག་ནས་དུག་རྫས་འདི་འབོར་ཆེན་ཐོན་བསྐྲུན་བྱས་ནས་ཕྱི་རྒྱལ་ཁག་ལ་སྡེབ་འཚོང་བྱེད་ཀི་ཡོད་རེད། རྒྱག་ནག་ཚང་ཉོ་མཁན་ལྟེ་བ་རེད་ལ་ཁྱེད་དང་ངའི་ཕ་ཡུལ་ན་འུ་ཅག་གི་ནང་མིས་བེད་སྤྱོད་གཏོང་དང་གཏོང་བཞིན་པ་རེད།

  10. རི་སྤྱང་ཁེར་འགྲོ says:
    2009-12-20 at 4:02 pm

    རྩམ་དགའ་བཟེ་འེ། གཟའ་གཟའ་བྱོས་མ་གཏོགས་ ཁྱོའི་རྩམ་པའི་ནང་འ་འང་DDT་ཐོན་ཡོད་ན་ཐང་གོ །

  11. མགོན་པོ་ཕྱག་གཉིས་པ། says:
    2009-12-20 at 4:25 pm

    རི་སྤྱང་གིས་བཤད་པ་དེར་གད་མོ་དགོད་རྒྱུ་ཞིག་གང་ན་ཡོད་ངུ་ཤོར་བ་ཞིག་མ་གཏོགས་མི་འདུག ད་རུང་བྱ་དེས་མཚོན་པའི་སེམས་ཅན་ཚོ་མགྱོགས་པོར་འཚར་ཆེད་དང་ཆེན་པོ་ཆགས་དགོས་གི་འདུག་ཟེར་ནས་དུག་རྒྱག་གི་འདུག འབྲོག་པ་ཚོས་ཨ་བྲས་རྩྭ་ས་ལ་གནོད་གི་འདུག་ཟེར་ནས་ཁུང་བུ་ཚང་མའི་ནང་དུག་བཞག་གི་བཞག་གི་འགྲོ་གི་འདུག ད་དེའི་སྐོར་གླེང་ནས་རྫོགས་མཐའ་མི་འདུག ད་ས་ལྷ་མེ་ལྷ་ཆུ་ལྷ་རླུང་ལྷ་དེ་ཚོ་ཡང་བྲོས་ཚར་ཡོད་པ་དང་བྲོས་མེད་པ་དེ་ཚོའང་གྲིབ་ཀྱིས་ཟིན་ནས་ཡང་ན་མིག་ཞ་ར། དེ་མིན་ན་རྣ་འོན་པ། ཡང་མིན་ན་རྐང་པོ་ཞ་བོ་ཆགས་བསྡད་ཡོད་པ་ངས་མཐོང་གི་འདུག དེ་མ་ཟད་ནམ་མཁའི་རྒྱུ་སྐར་གྱི་ལྷ་དེ་ཚོའང་འབྲོ་རྩིས་བྱེད་གི
    ད་ང་ཚོས་གང་ཐུབ་པ་དེ་ཆུ་གློག་གང་ཉུང་ཉུང་བེད་སྤྱོད་གཏོང་། གད་རྙིགས་གང་ཉུང་ཉུང་བྱེད། བཅའ་དངོས་གང་ཉུང་ཉུང་ཉོ།
    གོན་རྒྱུ་རྙིང་བ་གོན་ནས་རལ་སོང་ན་ལྷན་པ་རྒྱབ་ཕྱིན་ན་འགྲིག་གི་འདུག་སྟེ་ངོ་ཤེས་གཉེན་ཉེ་ནང་མི་ཚུད་ཆད་ཀྱིས་ང་ཚོ་སྤྲང་པོ་མ་རེད་ཟེར་ནས་ལེ་བདའ་བྱས་མང་པོ་ཞིག་བཤད་ན་དེ་ཡང་ཁག་སེ་འདུག་ག
    ལྷ་སའི་སྐད་ནང་ཡ་མ་ན་ཡ་ཞིག་འདུག་ཟེར་བ་ལྟར། ཡ་མ་ན་བྱེད་ང་ཚོས་བཟོས་ནས་ད་ཡ་མ་ན་མཁན་གྱིས་གང་སར་ཁེངས་མི་འདུག་གམ། ང་ལ་ཡང་ཡ་མ་ན་ནས་དྲག་ཡ་མི་འདུག

  12. རྩམ་དགའ་ says:
    2009-12-20 at 5:20 pm

    སྐུ་ཉིད་ནས་གསུངས་པ་བདེན་པ་རེད་བསམ་བཞིན་ཡོད།
    ཡིན་ནའང་དེང་སང་མཚན་རིག་པ་དང་མཁས་པ་ཕར་ཆེ་བས་ཁོར་ཡུག་ལ་གནོད་སྐྱོན་ཡོང་བཞིན་ཡོད་པར་མཁྱེན་བཞིན་རང་གི་ཁེ་འཕན་ཕྲན་བུ་རེའི་ཆེད་དུ་སྣང་མེད་ལ་འཇོག་གི་ཡོད་པ་རེད། དཔེར་ན་འབར་གས་སོགས་གཉེན་ཁ་ཆེ་བའི་དུག་རྫས་རིགས་འདི་དག་གི་འཇུག་འབྲས་ངན་ནོ་མཐོང་ཡང་།ད་དུང་སྣེ་མཐུད་ནས་ཁོང་ཚོ་མཉམ་འབྲེལ་བྱས་ནས་བཟོ་གིན་ཡོད་ལ་སྐབས་རེར་ངོ་རྒོལ་ཡང་བྱེད་ཀྱིན་ཡོད། མི་དམངས་ནང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་གོ་རྟོགས་ཡོད་མཁན་ཉུང་ཉུང་རེད། གོ་རྟོགས་ཡོད་པའི་ཕོ་མོ་རེ་ཟུང་ལོས་ཡོད་ཀྱང་གོ་རྟོགས་ཡོད་པ་ཙམ་གྱིས་ག་ལ་འགྲིག གོ་རྟོགས་དང་ལྷག་བསམ་ཟུང་འབྲེལ་ཐོག་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ལས་འགུལ་རེ་བྱེད་མ་ཐུབ་ན་གོང་དང་གཅིག་མཚུངས་རེད། རྒྱུ་མཚན་འདི་དག་ལ་བལྟས་ནས་ཁོ་བོས་ང་ཅག་གི་ས་སྒང་རིན་པོ་ཆེ་འདི་ཉིད་མི་འགྱངས་པ་འགྱུར་རྒྱུ་རེད་ཅེས་གླེང་གིན་ཡོད།
    འདིའི་ཕྱོགས་ལ་ང་ཚོའི་རང་ངོས་ནས་ཐུབ་ཚོད་ཀྱིས་ལས་འགུལ་གང་ཞིག་སྤེལ་དགོས་སམ་གྲོགས་པོ་ལགས།

  13. Tenzin Deshal says:
    2009-12-21 at 10:13 am

    Don’t miss to watch the film
    “2012′

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme