Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་རོ་བྷུར་ཏྲི་ངོ་སྤྲོད་མདོར་བསྡུས་།

Posted on 2013-09-132013-09-13 By སྤོབས་པ་མཐའ་ཡས། 12 Comments on སྐུ་ཞབས་རོ་བྷུར་ཏྲི་ངོ་སྤྲོད་མདོར་བསྡུས་།

སྤོབས་པ་མཐའ་ཡས།
(བོད་སྡེ་པ་གཞུང་གིས་སྐབས་དེར་ཁོང་གི་ཟླ་ཕོགས་ཕྱིར་འགྱངས་ཤོར་བ་དེ་ད་ལོར་བོད་གཞེས་གྱར་སྲིད་གཞུང་གིས་ཕུལ་བའི་སྐོར་ཡང་བསྡུས་ཡོད།)
སྐུ་ཞབས་རོ་བྷུར་ཏྲིའི་མཚན་ཆ་ཚང་ལ་རོ་བྷུར་ཏྲི་སྒྲ་བྷུར་ཡུ་ཧྥོར་ཏྲི་(Robert W Ford)ཟེར། ཁོང་ནི་༡༩༥༠ལོར་རྒྱ་དམར་བཅིངས་འགྲོལ་དམག་གིས་བོད་དུ་བཙན་འཛུལ་བྱེད་སྐབས་སུ་ཆབ་མདོར་བོད་གཞུང་གི་རླུང་འཕྲིན་ལས་བྱེད་པ་ཡིན་སྟབས་རྒྱདམར་གྱིས་ལོ་ལྔ་ཙམ་ལ་བཙོན་འཇུག་བྱས་མྱོང་།
སྐུ་ཞབས་རོ་བྷུར་ཏྲི་མཆོག་ནི་༡༩༢༣ལོའི་ཟླ་གསུམ་པའི་ཚེས་༢༧ཉིན་ཨིང་ལན་དུ་འཁྲུངས། ཁོང་གིས་ཨིང་ལན་གྱི་ཕྱི་འབྲེལ་ལས་བྱེད་པ་དང་། རླུང་འཕྲིན་ལས་ལག་རྩལ་བ། ༡༩༤༠སྨད་དུ་བོད་ལ་ཕེབས་ནས་རླུང་འཕྲིན་ལག་རྩལ་བའི་ལས་ཀ་བྱས། ཁོང་ནི་བོད་རང་བཙན་ཡོད་པའི་དུས་ནུབ་ཕྱོགས་པ་ཆེས་ཉུང་ཤས་ཤིག་ལས་སྣེ་རུ་བསྐོས་མྱོང་བའི་མི་སྣའི་གྲས་ཡིན།
ཁོང་བོད་དུ་ལོ་ལྔ་ཙམ་བསྡད་པ་དང་། དེའི་སྐོར་ལ་ཁོང་གིས། ཁོང་ནི་བོད་རང་དབང་རང་བཙན་གྱི་བདེན་དོན་དངོས་སུ་མཐོང་བའི་གོ་སྐབས་བྱུང་མྱོང་མཁན་ཞིག་ཡིན། ཞེས་གསུངས་མྱོང་།
འཛམ་གླིང་འཁྲུགས་ཆེན་གཉིས་པའི་རིང་ལ་ཁོང་གིས་དབྱིན་ཡུལ་དང་རྒྱ་གར་དུ་ཨིང་ལན་གྱི་དམག་ཁོངས་སུ་མཁའ་དམག་གི་རླུང་འཕྲིན་ལག་རྩལ་པ་བྱས། ༡༩༤༥ལོར་ཁོང་ལྷ་སར་བཅའ་སྡོད་དབྱིན་ཅིའི་དོན་གཅོད་ཁང་དུ་ཞུགས་ནས་རླུང་འཕྲིན་ལས་ཀ་བྱེད་སྐབས་སུ་དགུང་ལོ་བཅུ་བཞིར་སོན་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཇལ་བའི་སྐལ་བཟང་ཐོབ། ལོ་དེར་ཁོང་འབྲས་ལྗོངས་སུ་ལས་གནས་བསྒྱུར་ཞིང་རྒྱ་གར་དབྱིན་གཞུང་གི་བོད་འབྲེལ་ལས་བྱེད་པར་བསྐོས།
རྒྱ་གར་རང་བཙན་ཐོབ་རྗེས་སུ་རོ་བྷུར་ཏྲི་བོད་གཞུང་གིས་ལས་བྱེད་དུ་བསྐོ་བཞག་བྱས་པས་ལྷ་སར་བཞུགས། ཁོང་ནི་ནུབ་ཕྱོགས་པ་ཞིག་བོད་གཞུང་གི་ལས་བྱེད་དུ་བསྐོ་བཞག་བྱས་པ་ཆེས་ཐོག་མར་བརྩི་ཆོག་པར་སེམས།
ལོ་དེས་རྗེས་སུ་ཆབ་མདོར་ལས་བསྒྱུར་བྱས། ༡༩༤༩ལོར་བོད་མི་རླུང་འཕྲིན་ལག་རྩལ་སློབ་མ་གསུམ་ཁྲིད་ནས་ཆབ་མདོར་བསྐྱོད། དེ་ཡང་ཁོང་གི་ལས་འགན་ནི་ཆབ་མདོ་ནས་ལྷ་ས་བར་དུ་སྐུད་མེད་རླུང་འཕྲིན་གྱི་གྱི་འབྲེལ་ལམ་མཐུད་རྒྱུ་དེ་ཡིན་པས་བདེ་བླགས་སུ་གྲུབ། སྐུད་མེད་རླུང་འཕྲིན་ལག་ལེན་ཐུབ་པ་དེ་ལ་བརྟེན་ནས་སྐབས་དེའི་མདོ་སྨད་སྤྱི་ཁྱབ་པ་དང་ཡུལ་དེའི་དམག་སྤྱི་གཅིག་ལྕོག་ལྷ་ཀླུ་ཚེ་དབང་རྡོ་རྗེའི་མཐའ་མཚམས་བརྟན་སྲུང་ལ་རོགས་འདེགས་བྱས། དེ་ནི་ལྷ་ས་དང་ཆབ་མདོའི་བར་ལ་སྐུད་མེད་གློག་འཕྲིན་ཐད་ཀར་མཐུད་པ་ལོ་རྒྱུས་ཀྱི་སྟེང་གི་ཐེངས་དང་པོ་ཡིན།
༡༩༥༠ལོར་རྒྱ་དམར་བཙན་འཛུལ་དམག་གིས་ཆབ་མདོའི་བོད་དམག་ཕམ་པར་བྱས་ནས་ཆབ་མདོ་བཙན་བཟུང་བྱས། སྐབས་དེར་བོད་ཕྱོགས་ཀྱི་གཡུལ་ངོ་ཕམ་པས་མདོ་སྨད་སྤྱི་ཁྱབ་ང་ཕོད་ངག་དབང་འཇིགས་མེད་དང་ཁོང་གི་ལས་རོགས་དག་དང་ལྷན་དུ་སྐུ་ཞབས་རོ་བྷུར་ཏྲི་ཡང་བཟུང་ནས་བཙོན་དུ་བཅུག
རྒྱ་དམར་གཞུང་གིས་ཐོག་མར་བོད་སྐྱོད་བཅིངས་འགྲོལ་དམག་མི་ལ་རོགས་འདེགས་བྱེད་མཁན་གྱི་ནང་མི་རྣམས་ལ་མི་མང་བཅིངས་འགྲོལ་དམག་བོད་དུ་སྐྱོད་དགོས་དོན་ནི་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་དབང་སྒྱུར་མཐར་སྐྲོད་དུ་འགྲོ་བའི་རྫུན་གཡོའི་ཁྱབ་བསྒྲགས་སློབ་གསོ་ལ་བརྟེན་ནས་མི་མང་ལ་ངར་སློང་ཐབས་བྱས་ཡོད། དོན་དུ་བཅིངས་འགྲོལ་དམག་མི་ཚོ་སེམས་ཤུགས་ཆེན་པོས་བོད་དུ་སླེབས་དུས་དབྱིན་ཇིའི་དབང་བསྒྱུར་གྱི་རྗེས་ཤུལ་ཤིག་ཀྱང་མཐོང་རྒྱུ་མེད་པས་ཇུས་འགོད་བྱེད་མཁན་ཚོས་འགྲེལ་བཤད་རྒྱག་ཁག་པོ་བྱུང་། གཞུང་ཕྱོགས་ཀྱི་ཇུས་འགོད་པ་ཚོས་སྐྱག་རྫུན་གྱི་སྐུབ་འགེབས་ཆེད་དུ་སྐུ་ཞབས་རོ་བྷུར་ཏྲི་ནུབ་ཕྱོགས་པ་མི་གཅིག་རང་འཛིན་ཐུབ་པ་དེ་ལ་ནག་ཉེས་ཆེན་པོ་ཞིག་འཛུགས་ཐབས་བྱས། དེ་ནི་དམར་དམག་རྒྱང་སྐྱོད་ཀྱི་སྐབས་སུ་ཀྲུའི་ཏེ་སོགས་ཀྱིས་ནུབ་ཁམས་ཞིང་ཆེན་གྱི་མགོ་གཙོར་བསྐོ་བཞག་བྱས་མྱོང་བའི་ཁམས་ཏྲེ་ཧོར་བེ་རི་དགོན་པའི་སྤྲུལ་སྐུ་དགེ་སྟག་རིན་པོ་ཆེ་ཟེར་བ་ཞིག་ཡོད། སྐུ་ཞབས་རོ་བྷུར་ཏྲི་ཆབ་མདོར་བཞུགས་སྐབས་སུ་སྐུ་ཞབས་དགེ་སྟག་རིན་པོ་ཆེ་དབུས་སུ་བསྐྱོད་པའི་ལམ་དུ་ཆབ་མདོར་བསྙུན་བཞེས་ཀྱིས་གཤེགས། དེ་ནི་སྐབས་དེར་རྒྱ་དམར་གྱི་བཙན་འཛུལ་ཇུས་འགོད་པ་ཚོས་གོ་སྐབས་སུ་བཟུང་ནས་སྐུ་ཞབས་དགེ་སྟག་གུང་ཁྲན་ཏང་གི་སྐུ་ཚབ་ཡིན་པས་དབྱིན་ཇི་མ་དགའ་བས་དུག་བླུད་ནས་བཀྲོངས་པ་རེད་ཅེས་པའི་རྫུན་གླེང་བཏབ། དུག་དྲངས་མཁན་ནི་རོ་བྷུར་ཏྲི་རེད་ཅེས་བཙན་ཤེད་ཀྱིས་ཁས་ལེན་དུ་འཇུག་ཐབས་བྱས།
ཡིན་ན་ཡང་སྐུ་ཞབས་རོ་བྷུར་ཏྲི་ཡིས་ཁས་མ་བླངས། དེར་ཆབ་མདོར་མི་མང་ཚོགས་འདུ་བསྡུས། དེར་ཁོ་ཚོས་གོ་ཐོས་ལ་ཁམས་པ་ཚོ་དབུས་སྡེ་པ་གཞུང་ལ་མི་དགའ་ཚུལ་ཞིག་ཡོད་པ་བེད་སྤྱོད་པའི་བསམ་པས་མི་མང་གི་ཚོགས་འདུ་བསྡུས། མི་མང་ལ་བསམ་འཆར་གང་བཤད་ཀྱང་རྩད་གཅོད་དང་ཉེས་ཆད་མེད་ལུགས་བཤད། དེ་ནས་མི་མང་ལ་རོ་བྷུར་ཏྲིས་སྐུ་ཞབས་དགེ་སྟག་ལ་དུག་དྲངས་པ་རེད་དམ་ཅེས་དྲི་བ་དྲིས། མི་མང་གིས་ཅི་ཡང་བཤད་མ་ཕོད། དེར་རྒྱ་དཔོན་རྣམས་ཀྱིས་ཡང་དང་ཡང་དུ་དྲིས། མཐར་ཆབ་མདོ་དགོན་པར་གྲྭ་བ་བྱེད་མྱོང་བ་རིན་ཆེན་དོན་གྲུབ་ཟེར་བ་ཞིག་ཡར་ལངས་ནས། གུང་ཁྲན་དམག་གིས་མི་མང་གི་རྒྱུ་ནོར་མི་འཕྲོག་པ་དང་བསམ་འཆར་བཤད་ཆོག་ན་ཡག་པོ་རེད། སྐུ་ཞབས་དགེ་སྟག་རང་བཞིན་གྱིས་སྐུ་བསྙུན་ནས་གཤེགས་སོང་བ་མ་གཏོགས་ཕྱི་མི་འདིས་དུག་དྲངས་བ་ཡིན་པ་དེ་རིང་མ་གཏོགས་གོ་ཡང་མ་མྱོང་སོགས་ཁོ་རང་གིས་གང་བསམ་དྲང་པོར་བཤད། ཕྱི་ཉིན་རིན་ཆེན་དོན་གྲུབ་བཀག་ཉར་བྱས་པས་བསམ་འཆར་གང་ཡོད་བཤད་ཆོག་པའི་སྐུབ་དེ་ག་རང་ནས་བུད་ཅེས་གྲགས།
སྐུ་ཞབས་རོ་བྷུར་ཏྲི་ལོ་ལྔར་བཙོན་འཇུག་བྱས། སྲོག་ཐོག་ལ་ནམ་གཏང་ཡོང་བསམ་པའི་འཇིགས་སྐྲག་ཆེན་པོ་རྒྱུན་མ་ཆད་པར་བཙོན་ཁང་དུ་འདུག་དགོས་བྱུང་། ༡༩༥༤ལོ་བར་དུ་ཕ་མ་སོགས་ལ་འཕྲིན་ཡིག་ཀྱང་གཏོང་དུ་མ་བཅུག ༡༩༥༤ལོའི་མཇུག་ཏུ་ཁྲིམས་ཐོག་གི་ཐག་གཅོད་ཡིན་ཟེར་ནས་ཐོག་མར་ལོ་བཅུ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཡིན་ན་ཡང་ལོ་དེ་རང་ལ་བཙོན་གྲོལ་དང་ཕྱིར་འབུད་བྱས།
༡༩༥༧ལོར་ཁོང་གིས་རང་གི་དངོས་མྱོང་བྲིས་པའི་དེབ་བོད་དུ་བཙོན་བཀག་ཟེར་བ་དཔར་དུ་བསྐྲུན། དེབ་དེ་ཉིད་༡༩༩༠ལོར་དེབ་མིང་ལ་བཙན་འཛུལ་ཞེས་བསྒྱུར་ནས་བསྐྱར་དུ་དཔར། དེ་ལ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་སྔོན་དུ་གླེང་བའི་གཏམ་ཡང་བྲིས་ནས་གནང་།
༡༩༥༦ལོར་ཨིང་ལན་གཞུང་གིས་ཁོང་ཕྱི་འབྲེལ་ལས་བྱེད་པར་བསྐོས་ནས་རྒྱལ་ས་ལོན་དྲོན་དུ་ཡོད་པའི་ལས་ཁུངས་སུ་ལས་ཀ་བྱས། དེ་ནས་རིམ་གྱིས་ཨིན་དྲོ་ནི་ཤི་ཡ་དང་། ཝིཏ་ཏི་ནམ། ཨ་མེ་རི་ཁ་མངའ་སྡེ་གཅིག་སྒྲིལ། མོ་རོ་ཀོ། ཨང་གོ་ལ། སི་ཝིསསྒྲིན། ཧྥ་རན་སི་བཅས་སུ་ལས་ཀ་བྱས་པ་དང་། མཐར་རྗི་ནི་ཝར་ཡོད་པའི་ཨིང་ལན་གྱི་དོན་གཅོད་པར་བསྐོས།
༡༩༨༧ལོར་ཁོང་གིས་རྒན་ཡོལ་ངལ་གསོ་བྱས། ཁོང་ལ་དབྱིན་ཇིའི་གོང་མ་ཆེན་པོའི་ཞབས་འདེགས་པའི་གཟེངས་བསྟོད་ཐོབ་པ་དང་། སི་ཝི་སི་རུ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པས་ཁོང་ལ་བོད་ཀྱི་བདེན་དོན་སྟོན་པའི་འོད་སྣང་ཞེས་པའི་མཚན་བསྟོད་ཆོ་ལོ་གནང་།
ད་ལོའི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནི་ཁོང་དགུང་ལོ་དགུ་བཅུར་སོན་པའི་འཁྲུངས་སྐར་དུས་ཆེན་ཡིན་པ་རེད། སྔོན་མ་ཁོང་རྒྱ་དམར་བཙན་འཛུལ་དམག་གིས་བཙོན་དུ་འཇུག་སྐབས་སུ་བོད་སྡེ་པ་གཞུང་གིས་ཁོང་གི་ཟླ་ཕོགས་སྤྲོད་རྒྱུར་ཉེ་ཡང་སྐབས་དེར་ཁོང་བཙོན་དུ་ཚུད་པ་དང་དུས་མཉམ་དུ་བོད་རང་བཙན་ཡང་ཤོར་བས་ཁོང་ལ་ཟླ་གཅིག་གི་ཟླ་ཕོགས་སྤྲད་རྒྱུ་ཆད་ཡོད་པ་རེད། ཁོང་གི་ཟླ་ཕོགས་དེ་༡༩༥༠ལོའི་ཟླ་བ་བཅུ་པའི་ནང་དུ་འབུལ་དགོས་མོད་སྐབས་དེར་ཁོང་བཙོན་དུ་ཚུད་སོང་བ་རེད། ཁོང་ཟླ་ཕོགས་ནི་སྐབས་དེའི་བོད་ཀྱི་ཤོག་དངུལ་བརྒྱ་ཡིན་པ་དང་། དེ་སྐབས་དེར་དབྱིན་སྒོར་དྲུག་ཅུའི་འཛའ་ཐང་ཡིན་པ་རེད། དེང་སྐབས་སྒྲོ་ལར་ལ་བསྒྱུར་དུས་བདུན་བརྒྱ་དྲུག་ཅུ་རེ་བཞི་ཙམ་ཡིན་འདུག ད་ལོར་རྡ་རམ་ས་ལར་ཆགས་པའི་གཞེས་གྱར་བོད་གཞུང་གིས་ཁོང་གི་ཟླ་ཕོགས་སྤྲད་དགོས་བྱུང་བ་རེད། ཁོང་ལ་དུས་རབས་ཕྱེད་ཀའི་རིང་མ་སྤྲད་པའི་ཟླ་ཕོགས་དེ་གཞེས་གྱར་བོད་གཞུང་གིས་ཕུལ་བས་ཁོང་ཐུགས་མཉེས་པོ་ཧ་ཅང་བྱུང་བ་རེད། དེ་ཡང་ཁོང་གིས་ཡུན་རིང་པོ་ཞིག་ལ་ཟླ་ཕོགས་དེ་སྒུགས་དགོས་ཐུག་ཀྱང་ད་ལྟ་ཁྲིམས་མཐུན་གྱི་བོད་གཞུང་རང་ངོས་ནས་གནང་བ་དེ་ང་ལ་མཚོན་ན་གནད་འགག་ཅན་ཞིག་ཡིན། ཡིན་ན་ཡང་། དེང་དུས་བོད་ནང་གི་བོད་མི་མང་གི་གནས་སྟངས་ལ་རེ་བ་བཟང་པོ་ཞིག་མཐོང་མི་ནུས་པས་སེམས་སྐྱོ་བ་འདུག སོགས་གསུངས་འདུག
ཁོང་ལ་ཕྱིར་འགྱང་ཤོར་བའི་ཟླ་ཕོགས་དེ་གནང་བའི་སྐོར་ལ་གཞེས་གྱར་བོད་གཞུང་གི་ཨིང་ལན་དུ་བཅའ་སྡོད་དོན་གཅོད་པ་ཐུབ་བསྟན་བསམ་འགྲུབ་ཀྱིས་ཀྱང་དགོངས་སེལ་ཞུས་ཤིང་། ཁོང་གི་དགུང་ལོ་དགུ་བཅུར་སོན་པའི་འཁྲུངས་སྐར་དུས་ཆེན་ལ་བོད་མི་མང་གི་ཚབ་བྱས་ནས་རྟེན་འབྲེལ་ཞུ་བ་དང་སྦྲགས་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་འགན་དེ་མཇུག་དྲིལ་ཡོད་པ་རེད།
ཞིབ་པར་ཤེས་འདོད་ན་ཁོང་གིས་བརྩམས་པའི་དེབ་ལ་གཟིགས་ཞིབ་མཛོད་དང་སྐབས་དེའི་ལོ་རྒྱུས་གནད་ཅན་ཁ་ཤས་རེ་གསལ་འདུག ཁོང་གི་སྐོར་ཅུང་ཟད་རེ་བོད་ཀྱི་སྲིད་དོན་རྒྱལ་རབས་དང་། རྒྱ་དམར་གཞུང་གི་སྟངས་འཛིན་འོག་ཏུ་དཔར་བའི་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་བདམས་སྒྲིག་སོགས་སུ་མདོར་བསྡུས་རེ་གསལ། ཡིན་ན་ཡང་ཞིབ་གསལ་མི་སྣང་བས་འདིར་ངོ་སྤྲོད་མདོར་བསྡུས་ཤིག་བྱས་པ་ཡིན།

དེབ་ཐེར།

Post navigation

Previous Post: དུས་ཀྱི་བྱུང་རབས་མདོར་བསྡུས།
Next Post: གྲོད་ཁོག་རྫུས་མའི་ནང་དུ་བཟི་སྨན་འཁྱེར་ཡོད་པའི་བུད་མེད་ཅིག་འཛིན་བཟུང་།

Comments (12) on “སྐུ་ཞབས་རོ་བྷུར་ཏྲི་ངོ་སྤྲོད་མདོར་བསྡུས་།”

  1. གཅན་ཚ བཟོད་རྒྱམ། says:
    2013-09-13 at 3:25 am

    བཀའ་དྲིན་ཆེ་སྤོབས་པ་ལགས།

  2. དྲན་དཀར་དཔལ་ཡོན་ says:
    2013-09-13 at 4:38 am

    བཟང་གི་བཟང་གི་དོན་སྙིང་འདུག དེ་དུས་ང་མ་སྐྱེ་པ་གང་ཡིན་ནམ་སྙམ་ཞོར་ལ་ཡང་སྐྱེས་ནས་ཤི་སོང་བ་ཞིག་གི་སྤྲུལ་སྐུ་ཡིན་བགྱི་རེད་བསམ་ནས་དགའ་ཡོད། དྲན་གསོ་བྱེད་དགོས་གྱིན་འདུག དེང་སང་གང་ང་ཚོས་འབད་པ་བྱེད་དགོས་འདུག
    དཔང་མི་གལ་ཆེན་རེད། རྗེས་མར་བོད་མི་རྐང་ཆག་ལག་ཆག་མང་པོ་ལ་ཡང་དཔང་མི་བྱེད་དགོས་ན་སེམས་སྐྱོ་སྤྱད་རེད།

  3. དམུ་ཐག་གི་བུ་རྒྱུད། says:
    2013-09-13 at 6:55 am

    བཀའ་དྲིན་ཆེ། གནས་ཚུལ་འདི་འདྲ་སྤེལ་བར་སྙིང་ནས་དགའ། ཧ་ཅང་གལ་ཆེ་བ་མང་པོ་ཞིག་ཟ་ཟུར་ནས་ལུས་འགྲོ་ཞིང་གཡས་གཡོན་ནས་བརླག་འགྲོ་བ་འདི་ཧ་ཅང་ཡིད་ཕངས་པ་ཞིག་རེད། ཡང་བསྐྱར་བཀའ་དྲིན་ཆེ་ཞུ།

  4. གཡག says:
    2013-09-13 at 8:11 am

    སྐུ་ཞབས་སྤོབས་པ་ལགས། ངས་ཀྱང་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ཡིག་ནོར་མང་ཙམ་འདུག མི་སྐྱོན་གི་་སྤོབས་པ་གཉིས་པ་དང་གསུམ་པ་གང་རུང་ཡིན་རྒྱུ་རེད།

  5. གཞོན་ནུ་ཟླ་མེད། says:
    2013-09-13 at 9:10 am

    དེ་རིང་ངོ་ནས་རྩོམ་ཡིག་ཡག་པོ་ཞིག་བྲིས་ཡོད་ས་རེད། འོན་ཀྱང་ལས་ཀ་འགྲོ་རན་སོང་། དོ་དགོངས་ངེས་པར་དུ་ཞིབ་ཏུ་ཀློག་གི་ཡིན། ཐུགས་རྗེ་ཆེ། མ་གཞི་ཁྱོད་ཀྱི་རྩོམ་ཡིག་ཡག་པོ་དེ་ཚོ་མི་ཁོམ་པའི་སྐབས་ལ་ཡོང་གི་འདུག ཁ་འབར་དེ་ཚོ་དུས་ཚོད་ལྷོད་ལྷོད་ཡིན་པའི་སྐབས་ལ་ཡོང་གི་འདུག ཧཧ

  6. རྒྱང་མིག says:
    2013-09-13 at 9:29 am

    སྤོབས་པ་མཐའ་ཡས་ཀྱིས་བོད་ཀྱི་གྲོགས་པོ་ཕྱི་མི་ཁོང་གི་ལོ་རྒྱུས་ངོ་སྤྲོད་བྱས་པ་ཧ་ཅང་ཡག་པོ་འདུག དེ་བས་ཀྱང་དེ་སྔའི་བོད་ཀྱི་ཤོག་དངུལ་གྱི་འཛའ་ཐང་སྐོར་དེ་གནད་འགག་དང་ཡིད་དུ་འཐད་པོ་བྱུང་།
    ངོ་སོ་བསྟོད།

  7. གནམ་ says:
    2013-09-13 at 10:02 am

    མྱི་འདིའི་དངས་འཐིབས་དབྱར་ཁའི་གནམ་ངོ་འདྲ་མོ་རེད། ཤེས་རྒྱུ་འདྲ་ཡོད་ནི་མ་རེད། བཤད་ཀི་སྔོན་མ་ཁོ་ཡིན་ཟེར་ནི་རེད། ཤེས་འི་སྔོན་མ་ཁོ་ཡིན་ཟེར་ནི་རེད། དོན་རྩ་དགོས་རྒྱུ་ཅན་གི་ཁ་ཚང་དོན་དྲུག་ཞིག་བྲིས་ཡོད་མེད་ཁ་བརྡ་ཚང་གི་ཁ་མེད་མགོ་མེད་ཚོས་ཏག་ཏག་ཤེས་ནི་རེད།
    སྔོན་མ་ཞིག་ལ་མྱི་འདིའི་ཁར་བརྒྱུགས་ནས། ཅིག་ཅིག་མིན་ན། ང་ལྟ་ལོག་པ་ཁ་ཕྱིན་ཅིའི་འཇིག་རྟེན་ཞིག་ལ་སྐྱེལ་སོང་། མྱི་འདིར་ཡ་ང་ངོ་ཚ་མེད། དྲིན་ཆེན་ལ་དྲིན་ལོག་མང་། གཡང་ཟོག་ལ་རྡག་ཐོ་མང་། འདིའི་རྩར་ཞེ་དྲག་དུད་རྒྱུ་མེད།

  8. ཨ་ནུ་ཐང་བསོད་ནམས། says:
    2013-09-13 at 1:51 pm

    ལོ་རྒྱུས་ཀྱིི་རང་བཞིན་ལྡན་པའི་རླབས་ཆེན་གྱི་མི་སྣ་ཁོང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

  9. ཁྲི་གཡུང་དྲུང་། says:
    2013-09-14 at 2:19 pm

    བཀླགས་ཟིན་པ་ཡིན། ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-16 at 4:46 am

    སྤོབས་པ་མཐའ་ཡས་མཆོག་གིས་བོད་དུ། སྔོན་ད་ལྟ་མ་འོངས་སྐབས་སུ་ཅི་བྱུང་དང་ཅི་འབྱུང་ལ་ཐུགས་སྣང་ཆེན་པོས་འཚོལ་སྒྲུགས་ཀྱིས་འབྱུང་རབས་ཡིག་ཐོག་ཏུ་སྤེལ་བ་ལ་རྣམ་དཔྱོད་ལྡན་པའི་བོད་མི་ཡོངས་ཀྱིས་གཟེངས་བསྟོད་ཞུ་བར་ངེས། ༡༩༤༧ ལོར་རྒྱ་གར་སོགས་ལ་ཨིན་ཇིས་དབང་བསྒྱུར་ནས་རང་བཙན་ཐོབ་དུས་སུ། ཧིནྡུ་དང་མུ་སུ་མན་གཉིས་ཀྱི་བར་ལ་འཁྲུགས་འཛིངས་ཀྱི་མི་གྲངས་ས་ཡ་གཅིག་གི་སྲོག་ཤོར། ༡༩༤༨ལོར་པཱ་ཀི་སྟན་གྱི་དམག་མི་ངའི་གྲོང་དུ་འོངས་པ་མཐོང་ནས། ལུས་པོ་འདར། སྟབས་ལེགས་ཀྱིས་མི་མངས་ལ་དབང་ཀྱིས་རྡུང་རྡེག་སོགས་བྱས་པ་མེད།
    རོ་བྷུར་ཏྲི་མཆོག་ ༡༩༤༩ལོར་ང་གཙང་དུ་སླེབས་དུས་སུ་བོད་ན་ཡོད་ངེས། ཁོང་གི་མཚན་དང་མཛད་པ་ཅི་ཡོད་དི་རིང་མ་གཏོགས་མ་ཤེས། དེ་ལྟར་ཤེས་རྟོགས་ཐུབ་པ་དེ་སྤོབས་པ་མཐའ་ཡས་ཀྱི་ཕྱག་རྗེས་ལས་བྱུང་བས། རྩོམ་ཡིག་སྤེལ་བ་པོ་ཁོང་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་འོས་སོ།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-16 at 4:50 am

    དབང་ཀྱིས་རྡུང་རྡེག་སོགས་བྱས་པ་མེད། ཅེས་པ་དབང་ཡོད་ཀྱིས་རྡུང་རྡེག་སོགས་བྱས་པ་མེད། ཅེས་བཅོས་སོ།

  12. གསར་བུ། says:
    2013-10-05 at 3:01 pm

    ཀློག་སྙིང་ཡོད་པ་གཅིག་རྩོམ་འདི་རེད་མི་ཟེར་ཐབས་མེད་ཆགས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme