Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོལ་རྒྱལ་ཏང་ལ་ཞུགས་པའི་རྟོགས་བརྗོད་ལེའུ་བཅུ་གསུམ་མ།

Posted on 2013-09-062013-09-07 By སྤོབས་པ་མཐའ་ཡས། 10 Comments on དོལ་རྒྱལ་ཏང་ལ་ཞུགས་པའི་རྟོགས་བརྗོད་ལེའུ་བཅུ་གསུམ་མ།

སྤོབས་པ་མཐའ་ཡས།

བོད་མི་ལ་ལས་དོལ་རྒྱལ་བརྟེན།།
བོད་མི་ལ་ལས་དོལ་རྒྱལ་དགག །
དེ་ལ་ཡ་མཚན་མ་མཆིས་ཏེ།།
བོད་མི་ལྷ་འདྲེའི་ཆོས་ལ་དགའ།།
དེང་སང་དུས་རབས་ཉེར་གཅིག་པའི།།
དངོས་གཙོ་སྨྲ་བ་གུང་ཁྲན་ཏང་།།
དོལ་རྒྱལ་བརྟེན་སྲོལ་སྤེལ་ལ་བྲེལ།།
འདི་ཉིད་ངོ་མ་ཡ་མཚན་ཆེ།།
དང་པོ་དོལ་རྒྱལ་ཤུགས་ལྡན་ཟེར།།
ས་སྐྱ་ཚང་གིས་འདྲེ་ལ་བརྩིས།།
དགེ་ལུགས་ཚང་གིས་བདུད་ལ་བརྩིས།།
དེ་ནས་གུང་ཁྲན་ཏང་ལ་ཞུགས།།
ཏང་སྲིད་སྐྱོང་བའི་ལྷ་རུ་གྱུར།།
མཚན་ལ་ཏང་རྒྱལ་ཤུགས་ལྡན་གསོལ།།
ཏང་རྒྱལ་གྱི་འབྱུང་ཁུངས་བསྟན་པའི་ལེའུ་སྟེ་དང་པོའོ།།

ཀྱེ་ཡུལ་ཕྱོགས་དེ་ནས་ཕ་ཀི་ན།།
ཉི་མ་ཤར་ཕྱོགས་ཕ་ཀི་ན།།
པེ་ཅིང་གསེར་གྱི་མཁར་ཆེན་ན།།
ཏང་རྒྱལ་བཞུགས་གནས་བརྟན་པར་ཆགས།།
ཏང་རྒྱལ་གྱི་བཞུགས་གནས་བསྟན་པའི་ལེའུ་སྟེ་གཉིས་པའོ།།

རྒྱལ་ཚོང་བ་དང་བཙན་འཛུལ་བ།།
རྐུན་ཇག་ཁ་ལག་མཐུན་ས་ན།།
བཅིངས་འགྲོལ་དམག་མིའི་འཁོར་གྱིས་བསྐོར།།
ཏང་ཕྲུག་མང་པོ་བྲན་ཏུ་བཀོལ།།
ཏང་རྒྱལ་གྱི་འཁོར་ཚོགས་བསྟན་པའི་ལེའུ་སྟེ་གསུམ་པའོ།།

རྒྱ་ནག་ཡུལ་དུ་ལྟ་སྐོར་ཁྲིད།།
མི་དམངས་ཤོག་སྒོར་ཆར་དུ་བསྙིལ།།
ཕྱིར་སྡོད་བོད་མིའི་སྐུ་ཚབ་བསྐོ།།
ཏང་སྲིད་ཁྱབ་བསྒྲགས་ལས་འགན་རག །
ཏང་རྒྱལ་གྱི་དངོས་གྲུབ་བསྟན་པའི་ལེའུ་སྟེ་བཞི་པའོ།།

ཁ་བྲལ་བ་ལ་རྒོལ་རྡུང་བྱེད།།
ཏང་གཅེས་མི་སྣའི་དཔུང་ཁག་འཛུགས།།
བོད་མིའི་མཐུན་སྒྲིལ་དུམ་བུར་གཏོར།།
ཏང་རྒོལ་ནུས་ཤུགས་ཉམས་དམས་བྱེད།།
ཏང་རྒྱལ་གྱི་ཕྲིན་ལས་བསྟན་པའི་ལེའུ་སྟེ་ལྔ་པའོ།།

དོལ་རྒྱལ་བོད་ལ་ཡོད་པའི་དུས།།
བཀྲ་མི་ཤེས་པའི་འདྲེ་ཞིག་ཡིན།།
དོལ་རྒྱལ་ཏང་ལ་ཞུགས་ཕྱིན་ནས།།
དོལ་རྒྱལ་ཆབ་སྲིད་ལག་ཆ་ཞིག །
དོལ་རྒྱལ་གྱི་ངོ་བོ་བསྟན་པའི་ལེའུ་སྟེ་དྲུག་པའོ།།

རྒྱལ་ཁབ་བཙོངས་པའི་རིན་ལ་དགྱེས།།
མཐུན་སྒྲིལ་གཏོར་བའི་ཡོན་ལ་དགྱེས།།
ཏང་གིས་གནང་སྦྱིན་བཞེས་ལ་དགྱེས།།
ཏང་འགན་བསྒྲུབས་པའི་གླ་ལ་དགྱེས།།
ཏང་རྒྱལ་མཆོད་ཐབས་བསྟན་པའི་ལེའུ་སྟེ་བདུན་པའོ།།

བཙན་འཛུལ་བ་ཡི་ལག་ཆ་དང་།།
རྒྱལ་ཚོང་པ་ཡི་ལག་ཁྱེར་དང་།།
སྐབས་འཚོལ་བ་ཡི་རྐང་སྟེགས་དང་།།
འཇིགས་སྐུལ་བ་ཡི་ལག་འབོམ་ཡིན།།
ཏང་རྒྱལ་གྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།

རྙིང་མ་པ་ལ་སྡང་སེམས་འཆངས།།
དགེ་ལུགས་ནང་ལ་ལྟ་ལོག་སྤེལ །
ས་སྐྱ་ཁ་ཁྱེར་མིང་ཆད་བཟོས།།
ལྷག་པར་ཏཱ་ལའི་བླ་མར་སྡང་།།
ཏང་རྒྱལ་གྱི་དགྲ་བོ་བསྟན་པའི་ལེའུ་སྟེ་དགུ་པའོ།།

ལྷ་མེད་སྨྲ་བའི་གུང་ཁྲན་ཏང་།།
དོལ་རྒྱལ་ཚང་གི་ལྷ་འབངས་ཡིན།།
ངོ་མཚར་ལས་ཀྱང་འདི་ངོ་མཚར།།
ཡ་མཚན་ལས་ཀྱང་འདི་ཡ་མཚན།།
ཏང་རྒྱལ་གྱི་ཁྱད་ཆོས་བསྟན་པའི་ལེའུ་སྟེ་བཅུ་པའོ།།

དོལ་རྒྱལ་སྐུ་བསོད་རྒྱས་པ་ལས།།
བལ་ཡུལ་མཐིལ་ལ་ཚོགས་ཤིག་འཚོགས།།
པར་ཞིག་བརྒྱབ་ན་གླ་ཞིག་གནང་།།
བལ་སྒོར་སྟོང་ཕྲག་གསུམ་རེ་སྦྱིན།།
ཏང་རྒྱལ་གྱི་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།

གནའ་བོའི་དོལ་རྒྱལ་ཆོས་དང་འབྲེལ།།
མགོན་ཁང་སྦུགས་སུ་ཇ་ཕུད་བཞེས།།
དེང་སང་དོལ་རྒྱལ་སྲིད་དང་འབྲེལ།།
དར་དམར་འཕྱར་ནས་ཏང་སྲིད་སྒྲུབ།།
དོལ་རྒྱལ་དེང་རབས་ཅན་དུ་གྱུར་པའི་ལེའུ་སྟེ་བཅུ་གཉིས་པའོ།།

གནམ་བདེ་སྒོ་མོའི་ཐང་ཆེན་དུ།།
སྐར་ལྔའི་དར་དམར་གནམ་ལ་བསྒྲེངས།།
དོལ་རྒྱལ་ཏང་ལ་ཞུགས་པ་ཡི།།
མངའ་གསོལ་གཟེངས་བསྟོད་དེ་རིང་བྱ།།
ཀི་ཀི་བསོ་བསོ་ཏང་རྒྱལ་ལོ།།
ཏང་རྒྱལ་མངའ་གསོལ་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།།

སྙན་ངག

Post navigation

Previous Post: སྦྲགས་སྐད་རྒྱུན་སྐྱོང་བྱེད་པའི་ཕྱི་སྡོད་བོད།
Next Post: རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གློག་བརྙན་ལ་སླར་ཡང་སྐད་གྲགས་བྱུང་བ།

Comments (10) on “དོལ་རྒྱལ་ཏང་ལ་ཞུགས་པའི་རྟོགས་བརྗོད་ལེའུ་བཅུ་གསུམ་མ།”

  1. བཀྲ་ཤིས་དོན་འགྲུབ། says:
    2013-09-06 at 11:53 pm

    ཧཧཧཧཧཧཧཧཧཧཧཧ བོད་མི་ཚོའི་ལྷ་འདྲེའི་འདུ་ཤེས་དེ་ཡང་སྙིང་ཅི་ཞིག་ཡིན་མིན་གསལ་བཤད་བྱས་འདུག

  2. དྲན་དཀར་དཔལ་ཡོན་ says:
    2013-09-07 at 12:59 am

    ཀྱེ། རང་བཙན་གཙང་མའི་གཡང་ཁུག་ཅིག
    རྒྱུ་ནོར་རྒྱ་དང་མ་འདྲེས་པར།
    དོལ་དང་དོགས་པར་མི་འགྱུར་བའི།
    སྤོབས་པ་མཐའ་ཡས་མངའ་གསོལ་ལོ།
    ཀི་ཀི་གསོལ་གསོལ་གངས་ཅན་པ།

    ཀྱེ། རང་བཙན་གཙང་མའི་གཡང་ཁུག་ཅིག
    དོལ་དང་ཁ་ལག་མ་འདྲེས་པར།
    རྒྱ་ཡི་གཡོག་ཏུ་མ་གྱུར་པའི།
    སྤོབས་པ་ཡོད་མདོག་མངའ་གསོལ་ལོ།
    ཀི་ཀི་གསོལ་གསོལ་གངས་ཅན་པ།

    ཀྱེ། རང་བཙན་གཙང་མའི་གཡང་ཁུག་ཅིག
    དབུ་མར་དགྲ་ཁ་མི་གཏོད་པར།
    ཐབས་ཇུས་ཐུགས་ཀྱང་མི་བསུན་པའི།
    བླ་སྲོག་ཁར་གནས་མངའ་གསོལ་ལོ།
    ཀི་ཀི་གསོལ་གསོལ་ཁ་བ་ཅན།

    ཀྱེ། རང་བཙན་གཙང་མའི་གཡང་ཁུག་ཅིག
    སྔོན་དུས་གྲོས་མོལ་རྒྱ་ཡིས་སྐུལ།
    ད་ལྟར་བོད་ཀྱིས་བསྐུལ་བ་འདྲ།
    མི་གསོད་རྟ་འགྱེལ་མེད་ན་ནི།
    ལྕགས་གིས་གཞུས་པ་མེད་ན་ནི།
    གྲོང་བསྲེགས་སྡེབ་གསོད་མེད་ན་ནི།
    མེ་ས་རླུང་ཆུ་མེད་ན་ནི།

    ཐབས་ནི་ཟབ་ཅིང་གོ་བ་དཀའ།
    སྐད་ཆ་བཤད་ཅིང་རྒྱའི་མི་གོ
    ཀི་ཀི་ཀི་སོ་སོ་སོ་བོད་རྒྱལ་ལོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-09-07 at 2:17 am

    དོལ་རྒྱལ་གདོན་འདྲེའམ། ཤུགས་ལྡན་འདི།

    རྙིང་མ་པ་ལ་སྡང་སེམས་འཆངས།།
    དགེ་ལུགས་ནང་ལ་ལྟ་ལོག་སྤེལ །
    ས་སྐྱ་ཁ་ཁྱེར་མིང་ཆད་བཟོས།།
    ལྷག་པར་ཏཱ་ལའི་བླ་མར་སྡང་།།
    ཏང་རྒྱལ་གྱི་དགྲ་བོ་བསྟན་པའི་ལེའུ་སྟེ་དགུ་པའོ།།

    འདི་ལྟར་ཡིན་ན།

    གནམ་བདེ་སྒོ་མོའི་ཐང་ཆེན་དུ།།
    སྐར་ལྔའི་དར་དམར་གནམ་ལ་བསྒྲེངས།།
    དོལ་རྒྱལ་ཏང་ལ་ཞུགས་པ་ཡི།།
    མངའ་གསོལ་གཟེངས་བསྟོད་དེ་རིང་བྱ།།
    ཀི་ཀི་བསོ་བསོ་ཏང་རྒྱལ་ལོ།།
    ཏང་རྒྱལ་མངའ་གསོལ་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།།

    དོལ་རྒྱལ་ལམ། ཁྱེད་ཀྱི་ཏང་རྒྱལ་འདི་མངའ་གསོལ་བྱེད་དགོས་དོན་ཅི་ཡིན་ནམ། དྲ་གྲོགས་མཁས་དབང་སྤོབས་པ་མཐའ་ཡས་ལགས།

  4. སྤོབས་པ་མཐའ་ཡས། says:
    2013-09-07 at 8:38 am

    ཀ་རྡོ་རིན་པོ་ཆེ་ལགས། ངས་ཏང་རྒྱལ་ལ་མངའ་གསོལ་བྱས་པ་མ་རེད་ལགས། ཁོ་ཏང་རྒྱལ་ལ་མངའ་གསོལ་མཁན་དེ་དེ་རྒྱལ་ཚོང་བ་དང་བཙན་འཛུལ་བ་གཉིས་ཀ་རེད་ལགས། དྲི་བ་ཡོད་ན་དྲིས་ཤོག ངས་ཚིག་རེ་རེ་ལ་ཁུངས་སྐྱེལ་རེ་རེ་བསྒྲིགས་ནས་བསྡད་ཡོད།

  5. རྟེན་འབྱུང་། says:
    2013-09-07 at 9:37 am

    སྤོབས་པ་མཐའ་ཡས་ཀྱིས་དོལ་རྒྱལ་དང་དེའི་རྗེས་འབྲང་གི་བྱ་སྤྱོད་སྒྱུ་རྩལ་གྱི་ལམ་ནས་དམར་རྗེན་བཏོན་འདུག་པ་ཐུགས་རྗེ་ཆེ་ཞུ། ད་དུང་མུ་མཐུད་རོགས་གནང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-09-07 at 10:26 am

    # 4 སྤོབས་པ་མཐའ་ཡས་ལགས་ཀྱིས།
    མཆན་བུ་བཞི་པའི་གསལ་བཤད་གནང་བར་བཀའ་དྲིན་ཆེ།

  7. ཉི་ནུབ says:
    2013-09-07 at 12:10 pm

    ཁ་བརྡ་དྲ་བའི་ནང་རྩོམ་པ་པའི་མིང་ཟིན་པ་སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་རེད་ལ་མུ་མཐུད་འབད་པ་བྱེད་པ་ང་ལ་ཡིད་ཆོས་ཟབ་མོ་ཡོད། ཡིན་ནའང་ཁོང་གྲ་ལོག་ཞིག་དང་གྲ་བ་ཞིག་མིན་པའི་རེ་བ་ཡོད་། ང་གྲ་ལོག་དང་གྲ་བའི་རྩོམ་ལ་མི་དགའ་ཁོང་ཚོའི་རྩོམ་དངོས་ནས་རྫུན་མ་རེད། ཁོང་ཚོ་ལ་ལ་གོ་སྐབས་རག་དུས་གང་ཡང་སྒྲུབ་སྲིད།

  8. དྲན་དཀར་དཔལ་ཡོན་ says:
    2013-09-07 at 12:29 pm

    མི་དྲག་ཐུབ་བསྟན་ལུང་རིགས་ཀྱིས་བསོད་རིན་སོགས་དགག་གིས་འདུག
    རང་དབང་གི་རྩ་དོན་རྩོད་གཤེར་བ་རྩོམ་པ་པོ་སྤོབས་པ་མཐའ་ཡས་ཀྱིས་ཀྱང་དོལ་རྒྱལ་བའི་སྐོར་གསལ་གསལ་འབྲི་གིན་འདུག ད་གང་ལྟར་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་རང་གི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་འཇོག་གནང་མཁན་པན་ཆེན་རིན་པོ་ཆེ་ལགས་སྐུ་གཤེགས་ཟིན་ནའང་། ད་དུང་ཁ་བ་གངས་ཅན་པ་བོད་མི་རིགས་གཅིག་གྱུར་གྱི་དོན་དུ་ཕོ་བྲང་ཆེན་པོ་པོ་ཏ་ལ་བཞིན་དུ་བརྟན་ཅིང་སྒམ་ཚུགས་ཀྱིས་འགྱིང་ངེར་བཞུགས་པའི་མི་བུ་དགའ་རབས་འདུག་པ་ནི་ཅི་འདྲ་འི་བོད་མི་རིགས་འདི་མདུན་ནས་མདུན་དུ་བསྐྱོད་པའ་མཚམས་མི་འཇོག་པའི་གོམ་འགྲོས་གཅིག་རེད་ཨང་།

  9. དོན་དགའ། says:
    2013-09-07 at 1:23 pm

    སྤོབས་མཐའ་ལགས་ངོ་མ་སྙན་པོ་འདུག་ལ་དོན་ལ་གནས་པའི་སྙན་རྩོམ་རེད་འདུག
    སྐུ་ཚེ་རིང་རྒྱུ་མང་ཙམ་ཡིན་ད་ལོ།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-09-09 at 6:12 am

    རྣམ་རྟོག་ཡོད་ན་ལྷ་འདྲེ་འོང་།
    གནམ་ལངས་ཉི་མ་ཤར་བ་ན།
    དོགས་པ་མེད་པས་ལྷ་འདྲེ་བྲོས།
    དེས་ན་རྣམ་པར་རྟོག་པ་སྤོངས་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme