Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།

Posted on 2009-12-112009-12-14 By བེ་རི་འཇིགས་མེད 18 Comments on ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།

བེ་རི་འཇིགས་མེད།

ཐུགས་བསྐྱེད་རླུང་གིས་བསྐུལ་བའི་འུར་གྱིས་མི་མངོན་གནམ་གྱི་མཐོངས་ན་ལྡིང།།
གནམ་གྱི་དགུ་ཚིགས་ཚལ་བར་གཤགས་ཏེ་ཟླ་བའི་གོ་ལའི་འཇིངས་ན་རྩེན།།
བྱམས་བརྩེ་དཀྱིལ་འཁོར་ཟླུམ་པོའི་གུར་དུ་དཀར་གསལ་འོད་རིས་འཁྱིལ་བའི་ཀློང་།།
གཞན་ཕན་སྤྱན་གྱི་དོན་ཡོད་ཞགས་པས་གོ་ལའི་ཁྱོན་འདི་འཆིངས་བཞིན་འགྱིང་།།

འཚེ་མེད་ཐབས་འཕྲུལ་འཐོར་རླུང་འཚུབ་མས་སྤྲིན་དང་སྨུག་པ་དབྱིངས་ནས་དབྲལ།།
ཞི་བདེའི་འོད་ཀྱི་ཞུན་ཐིགས་བསིལ་མས་གོ་ལ་ཟླུམ་པོའི་མེ་དྲོད་བཅིལ།།
འདྲ་མཉམ་གཉིས་ཕན་རླབས་ཆེན་མཛད་པས་རེ་དོགས་མུན་པའི་གྲོང་ཁྱེར་འཇོམས།།
ལེགས་ཉེས་འབྱེད་པའི་ཤེས་རབ་རླབས་ལྡན་མུ་མེད་རྒྱ་མཚོ་མཁའ་ལ་འཕྱུར།།

སུ་དང་གང་གི་བསམ་པའི་ར་བར་བཙན་གྱིས་བརྫངས་ཀྱང་མི་ཤོངས་པའི།།
བྱམས་བརྩེ་མཁྱེན་རབ་འཇུག་པའི་ཁོ་ལག་གསེར་གྱི་ལྷུན་པོའི་གཏོས་ལྟར་མཐོ།།
གཞན་ཕན་མཛད་བཟང་འཕྲིན་ལས་བཟང་པོ་མི་མངོན་གནམ་གྱི་མཐོངས་ལྟར་ཡངས།།
བླ་ན་མེད་པའི་ཡ་མཚན་འབུམ་ལྡན་སྐྱེས་ཆེན་ཁྱོད་ཉིད་ནམ་ཡང་དྲན།།

དེ་རིང་བཀྲ་ཤིས་ལྷ་ཉིན་དཀར་མོ་གོ་ལའི་ཁྱོན་ལ་འཆར་བའི་དུས།
སྨྲ་བ་ངག་ལ་སྒོ་ལྕགས་ཐེབས་པའི་གཞིས་བཞུགས་བོད་རིགས་འབུམ་ཕྲག་བརྒྱའི།།
སྒོ་གསུམ་མཚོན་པའི་སྐུ་ཚབ་ཟོལ་གྱིས་ཁྱོད་ལ་བསྟོད་པའི་དབྱངས་སྙན་འདིས།།
མཆོད་སྤྲིན་རྒྱ་མཚོའི་རླབས་དང་འགྲོགས་ནས་ཐུགས་ཀྱི་དགོངས་པར་སིམ་གྱུར་ཅིག།

༢༠༠༩།༡༢།༡༠།ཉིན་ནོར་གླིང་མཐོ་སློབ་ཁང་དུ་ཐོལ་བྱུང་དུ་བྲིས་ཤིང་གྱེར་འདོན་བྱས།

གསར་འགྱུར།

Post navigation

Previous Post: དམ་དྲག་འོག་གི་བལ་ཡུལ་བོད་མིའི་དུས་ཆེན།
Next Post: ཡིག་རྙིང་མཚམས་སྦྱོར་གྱི་གཏམ།

Comments (18) on “ཤེས་རབ་ཀྱི་ནམ་མཁར་ཕྱོགས་པ།”

  1. ཁ་ཕྱོགས་མེད says:
    2009-12-11 at 4:38 am

    ཁ་ནས་བླ་མ་དྲན་པའི་བསྟོད་དབྱངས་གྱེར།།
    ཁོག་ནས་བླ་མའི་དགོངས་པ་ཤེས་བཞིན་དཀྲིགས།།
    ཉིན་མོའི་ལྷ་དང་མཚན་མོའི་འདྲེ་ཁྱོད་ཀྱི།།
    དགེ་ལུགས་སྤྱི་འཐུས་མིང་སྟེ་བོར་ན་འཚམ།།

  2. རི་བོང་བློ་ལྡན། says:
    2009-12-11 at 5:50 am

    སྤྱི་འཐུས་ (ཕ་རོ་ཟ་མཁན་དེ་ཚོ) ཟེར་བའི་མིང་འདི་གོ་ཡོང་དུས་སྙིང་ན་གི་འདུག་གོ།

  3. chime in italy says:
    2009-12-11 at 8:56 am

    this peom is very nice. thank you very much.

  4. ཁ་ཕྱོགས་མེད says:
    2009-12-11 at 9:49 am

    དཀྲུག

  5. འཇང་གཡུ་ལྷ་ཐོག་འགྱུར says:
    2009-12-11 at 4:40 pm

    ཆ་ལུགས་ཆོས་པའི་ཟོལ་གྱིས་བླ་མ་བསྟོད།། ཁོག་ལ་རྒྱ་མིའི་གདོན་འདྲེ་དངོས་སུ་ཞུགས།། ནང་ཁུལ་དཀྲུག་པའི་སྤྱི་མཐུས་དེ་འདྲ་བ།། དགེ་ལུགས་སྐུ་ཚབ་ཟེར་བའི་མིང་འདི་དོར།།

  6. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2009-12-12 at 12:18 am

    རྒྱབ་སེར་སྤྱང་ཁུ་འདྲ་བའི་སྤྱི་མཐུས་དེ་ཚོ་མཐོང་འོང་དུས་་་་་་ ཨ་ཧ་་་ཧ་་་་

  7. བསམ་ཤེས། says:
    2009-12-12 at 5:07 pm

    གྲོགས་ཟུར་བ་བེ་རི་ལ་སྤྲིངས་པ།

    བེ་རིག་ལགས། སྔོན་མ་ཁྱེད་རང་ལ་གུས་ཞབས་ཡོད།
    ཆོས་ལུགས་རིས་མེད་དང་ཆོལ་ཁའི་རིས་མེད་སྐྱེས་ཆེན་ཁྱེད་བསམས་མྱོང་།
    ཁ་སང་སྤྱི་འཐུས་ནང་ཁམས་པའི་ལ་རྒྱ་ཁ་ལ་འཁྱེར་ནས།
    དོན་ལ་བོད་ཀྱི་གོང་བུ་གཏོར་དུས།
    དུག་ནད་ཕོག་པའི་དགྲ་གཡོག་ཁྱོད་བསམས་བྱུང་།
    འཁོན་ནད་ཤོར་བའི་ལོང་བ་ཁྱོད་བསམས་བྱུང་།

    སྔོན་མ་ངེད་གཉིས་མན་ཇུ་ཀྲི་ལར་ཐུག་དུས།
    གཟུ་བོར་གནས་པའི་དཔའ་བོ་ཁྱེད་བསམས་མྱོང་།
    རྣམ་དཔྱོད་ལེགས་པའི་དཔེ་ཆ་བ་ཁྱེད་བསམས་མྱོང་།

    ད་ལྟ་ཆབ་སྲིད་ཀྱི་དུག་གིས་གཟི་ནས།
    རང་གི་སྤུན་ཟླ་གསོད་མཁན་ལག་དམར་ཁྱོད་མཐོང་དུས།
    རང་གི་བླ་མའི་དགོངས་དཀྲུག་ལྟས་སྐྱེས་ཁྱོད་བསམ་བཞིན་འདུག

    རྒྱལ་བ་རིན་པོ་ཆེ་སྙིང་ལ་ན་ཚ་ག་ཚོད་བཏང་མེད་དམ། ཁ་སྔོན་ཁྱེད་ཀྱིས་ཆོལ་ཁའི་དམག་འཁྲུག་སློང་དུས།

    རྒྱལ་བ་རིན་པོ་ཆེ་སེམས་ལ་གཟུག་ག་ཚོད་བརྒྱབ་མེད་དམ། ཁྱོད་ལྟ་བུའི་བྱམས་བརྩེས་སྐྱོང་བའི་བོད་ཕྲུག་ཞིག་གིས་བོད་ཀྱི་གོང་བུ་སྟོར་དུས།

    རྒྱ་ནག་གི་ཀྲུ་རུན་ཆུན་ག་ཚོད་དགའ་མེད་དམ། ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེའི་དབུ་ལ་རྒྱོབ་དུས།
    མནར་གཅོད་འོག་ལ་ཡོད་པའི་བོད་པའི་སྤུན་ཟླ་རྣམས་ག་ཚོད་ཕམ་ཡོད་དམ་ཁྱེད་ཀྱིས་གྲི་རང་གི་སྤུན་ལ་རྒྱོབ་དུས།

    བེ་རི་ལགས། འདྲེ་རི་ལགས། འཇག་རི་ལགས། སཀཡ་ར་ཨི་ལ་་་་་་་་་་་

  8. ཅོ་རི་ཉི་མ། says:
    2009-12-14 at 12:59 pm

    གྲོགས་པོ་འགྱུར་མེད་ལགས།
    ཁྱེད་ལ་དྲ་གྲོགས་ཚང་མས་འདྲེ་མཐོང་མཐོང་བྱས་དགོས་དོན་གང་ཡོན་ནམ།
    ཁྱེད་བོད་དོན་ཆེད་དུ་རྩོམ་མང་དྲག་པ་རེད་སྟེ་ཡང་ན་སྤྱི་དངུལ་ལྐོག་ཟས་བྱས་པ་ཡིན་ནམ།
    ཁྱེད་གྲྭ་པ་གྲྭ་ཀྱང་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ།
    ཁྱེད་ཀྱིས་རྩོམ་བྲིས་མང་དྲག་ནས་ཡིན་འགྲོ། མིན་ན།
    ཁྱེད་ཀྱི་རིག་སྟོབས་ལ་ཕྲག་དོག་གིས་ཡིན་ནམ།
    ཁ་མིག་རིག་པ་ཚང་བའི་མི་བུ་ཁྱེད་ལྟ་བུར་འདི་འདྲ་དགྲ་སྡང་སྡང་དགོས་དོན་ཅི་ཡིན་ནམ།
    ངས་ཁྱེད་ལ་ཏྲེ་ཧོར་ཁམས་པའི་གཏམ་དཔེ་ཞིག་ཞུ་རྒྱུ་ཡིན།
    མི་མ་དགའ་ན་རང་འགྲིག་རྟགས་རེད་ཟེར་སྲོལ་ཡོད་པ་བཞིན་ཡིན་གྱིན་རེད།
    རྗེས་མ་དུས་ཚོོད་བྱུང་ན་ཁ་བརྡ་རེ་མ་བརྗེད་

  9. དཀོན་མཆོག says:
    2009-12-17 at 3:34 am

    བེ་རེ་འཇིགས་མེད། ཉེ་འཆར་རང་༸གོང་ས་མཆོག་གི་ཞབས་འོག་ཏུ་ཁྱེད་དང་ཁྱེད་ཚོ་སྤྲང་འཁྱམས་འགའ་ཡིས་འཁྲབ་སྟངས་དེ་མཐོང་བྱུང་། ང་ཚོས་ཐག་རིང་ནས་ཆེས་བློ་ཕམ་གྱིས་སྒོ་ནས་ཞུ་རྒྱུར། བོད་ནང་ང་ཚོའི་སྤུན་ཟླ་གྲངས་མེད་ཀྱིས་ལུས་སྲོག་ལོངས་སྤྱོད་འདི་ལྟར་བློས་གཏོང་གི་ཡོད། འོན་ཀྱང་ཁྱེད་ཚོས་གནད་ལུགས་ལ་ཅི་ཡང་མ་བལྟས་པར་ཡུལ་གྱར་གཞུང་ནང་དུ་གླང་སྨྱོན་གྱི་གཏུལ་ཞུགས་ཁྱེར་ཏེ། འདི་ལྟར་གཏོར་བཤིག་གཏོང་བ་མཐོང་དུས། ངོ་མ་བློ་ཕམ། ཡིད་སྐྱོ། ད་དུང་ཁྱེད་ཀྱིས་རོགས་པ་གླང་རྒན་ཚོར་ལམ་འདི་ཚོ་སྤྱོད་རོགས་མཛོད། དཀོན་མཆོག་གིས་ཐག་རིང་ནས།

  10. བེ་རི་འཇིགས་མེད། says:
    2010-05-13 at 12:19 am

    ཁ་ཕྱོགས་མེད་པའི་ཁ་ལ་ཐལ་བ་གཤོལ།།
    རི་བོང་ཁ་ཤོར་གླག་མོའི་ཁ་ཟས་ཙམ།།
    འཇང་ཕྲུག་ཕ་གསོད་དགྲ་བོའི་སྐུ་གཡོག་ལོ།།
    དཀོན་མཆོག་རང་ལུགས་མེད་པའི་ཁྱི་རྒན་ཡིན།།
    ཁྱི་ངན་རྒྱུག་རྡུང་གཏོང་ན་ཀུ་ཅོའི་རྒྱུ།།
    སྐྱག་པ་རྡོ་འབེན་བྱས་ན་དྲི་ངན་ཁ།།
    དེ་ཕྱིར་ཁྱིམ་ཤོར་ལས་ཤོར་སྡོམ་ཤོར་གྱི།།
    ནུབ་ཕྱོགས་སྤྲང་འཁྱམས་ཁ་རྡུང་གཏོང་བསམ་མེད།།
    ད་འབྲི་ལོངས་མི་འདུག་ལས་ཀ་ཡོད།
    བེ་རི་བས།

  11. རྩམ་དགའ། says:
    2010-05-13 at 9:59 am

    བྱམས་དང་བརྩེ་བའི་གཟིགས་པ་ཆེན་པོའི་སྤྱན་རས་གནམ་མཁའི་དབྱིངས་ལས་འགོངས། །
    གཞན་ཕན་ཐུགས་བསྐྱེད་སྣང་བ་འབུམ་གྱིས་གོ་ལའི་དཀྱིལ་འཁོར་མཛེས་པར་བྱས། །
    སྙིང་རྗེའི་ཕྱག་གིས་རིགས་དྲུག་འགྲོ་རྣམས་འཁོར་བའི་འདམ་ལས་འདྲེན་མཛད་པའི། །
    ཞི་བའི་དེད་དཔོན་བསྟན་འཛིན་རྒྱ་མཚོས་བུ་ཆུང་ཁོ་བོར་ལན་གཅིག་དགོངས། །

    ང་རྒྱལ་དུག་ཆུས་སྙིང་ཁམས་བཟི་བའི་མགོ་བདེ་ཅན་གྱི་མི་བུ་འགའ། །
    མགོ་བོ་ས་ལ་ཉེ་བར་སྒུར་བཞིན་ཁ་ནས་བདེན་བདེན་སྨྲ་ལ་གོམས། །
    སྙིང་རྩ་དམར་བོར་སྦྲུལ་ནག་ཞགས་པས་རྟག་ཏུ་བསྡམས་པའི་མི་དག་གིས། །
    ཁྱོད་ལ་གུས་གུས་ཟོལ་གྱིས་བསྟོད་ལ་ཡིད་ཆེས་མ་གནང་ཨ་མའི་བུ། །

  12. Metok ma says:
    2010-05-14 at 7:44 am

    PG-GÛ-¼ÛG-¤-G¼-¤DÅ-¤Åüü
    ¿e-‚ïh-hÐPÅ-¤ô-¥ôÅ-‚ïh-qüü
    zï-¼Û-¤±m-HÛ-ljm-q-Tmüü
    l-źÛ-IôP-m-zhï-¾ïGÅ-Ťüü
    hzP-zôºÛ-¤hPÅ-¾-ż-zºÛ-DÞüü
    ÁïÅ-¼z-Çoôh-hÝ-ºEÛ¾-z-¾Åüü
    ¾ïGÅ-ºFâPÅ-lݾ-ƒ¾-¤ï-bôG-¤Åüü
    »Þ¾-HÛÅ-zÇ+¾-zºÛ-M-¤±ôºÛ-D¼üü
    GP-im-±ÛG-GÛ-¸GÅ-¤-ºGºüü
    zŸÝ¼-zºÛ-ºIôÅ-ÅÞ-zÆïÅ-ºhôh-müü
    ½ÀzÅ-ˆÛ-PôGÅ-ÅÞ-º±ô¾-zºÛ-P¾üü
    Çeï¼-¤Ûm-hôGÅ-qºÛ-ºxP-fG-GÛÅüü
    zÇk¤Å-qºÛ-Ÿïh-ÇoP-h¤-iGÅ-müü
    GP-‚ïh-h-mÛ-¼ï-ŸÛG-¾ÞÅüü

  13. བེ་རི་འཇིགས་མེད། says:
    2010-05-15 at 12:54 am

    ༡༢༽ Metok ma ནས། བྲིས་པ་དེ་ཧི་གཟུགས་ཐོག་ཏུ་བསྒྱུར་བ།
    ངག་གི་རིག་མ་གར་མཁས་མས།།
    ལྟ་བྱེད་དྭངས་མོ་མྱོས་བྱེད་པ།།
    བེ་རི་མཚན་གྱི་སྙན་པ་ཅན།།
    རྡ་སའི་གྲོང་ན་བདེ་ལེགས་སམ།།
    དབང་བོའི་མདངས་ལ་སར་བའི་ཁུ།།
    ཤེས་རབ་སྣོད་དུ་འཁྱིལ་བ་ལས།།
    ལེགས་འཁྲུངས་རྡུལ་བྲལ་མེ་ཏོག་མས།།
    ཡུལ་གྱིས་བསྐལ་བའི་རྒྱ་མཚོའི་ཁར།།
    གང་དྲན་ཚིག་གི་ཟགས་མ་འགའ།།
    བཞུར་བའི་འགྲོས་སུ་བསྲེས་འདོད་ན།།
    རླབས་ཀྱི་ངོགས་སུ་འཚོལ་བའི་ངལ།།
    སྟེར་མིན་དོགས་པའི་འཕྱང་ཐག་གིས།།
    བསྡམས་པའི་ཞེད་སྣང་དམ་དྲགས་ན།།
    གང་བྱེད་ད་ནི་རེ་ཞིག་ལུས།།

  14. མགོ་རུལ། says:
    2010-05-15 at 1:48 am

    ད་འཁྲུག་པ་རྒྱོབས།
    ལག་པས་གཅིན་སྐྱག་འཁྲུད་ཞོར་འཁྲུག་པ་རྒྱོབས།
    རྒྱབ་ལ་ཆོས་གོས་གྱོན་ཞོར་འཁྲུག་པ་རྒྱོབས།
    ད་འཁྲིག་པ་རྒྱོབས།
    གུ་ཐུང་མར་ལ་ཕུད་ནས་འཁྲིག་པ་རྒྱོབས།
    ཤམ་ཐབས་ཡར་ལ་བརྫེས་ནས་འཁྲིག་པ་རྒྱོབས།

  15. རྩམ་དགའ། says:
    2010-05-15 at 2:38 am

    རྒན་བེ་རི་ལགས་་་་་་ང་ནི་་་ཨ་རིའི་ནེའུ་ཡོལ་ན་བཞུགས་པའི་གཞོན་ནུ་ཟླ་མེད་ཁོང་མིན་་་་་ཁོང་ནི་མི་དྲང་བོ་རྩེད་དགའ་ཅན་དྲ་གྲོགས་ཚང་མ་དགའ་ས་ཞིག་ཡིན་པ་མ་ཟད། མི་ཁོག་ཡངས་ཤེས་ཡོན་ཡག་པོ་ཡོད་མཁན་ཞིག་ཡང་རེད། འདི་སྐད་ཆ་དྲང་བོ་ཡིན། མ་གཞི་ང་འདྲ་བས་ཉིད་ཀྱི་རྩོད་ཟླར་མི་ཡོང་བ་དེ་སྔར་ནས་ཤེས་ཀྱིན་ཡོད། ཡིན་ནའང་ཉིད་ལྟ་བུའི་ཆོས་སྲིད་གཉིས་འཛོམས་ཀྱི་ཤེས་ཡོན་ཅན་ཚོ་ལ་ས་ཐག་རིང་ཐུང་གཉིས་ཀ་ནས་རེ་བས་ཉན་་་་་མིག་གིས་བལྟས་བསྡད་ཡོད་པའི་བརྡ་ཙམ་བསྟན་པ་ལས་གཞན་དམིགས་ཡུལ་ཅང་མེད་ལགས།

  16. Metok ma says:
    2010-05-15 at 3:17 am

    ºôm-bï-¤hô-D¤Å-Çeôh-zMãh-ˆÛüü
    ¸¤-GhôP-¬-zºÛ-hzP-xãG-hP.üü
    XïÅ-ÅÞ-Vï¼-¤ôÅ-ZÛh-¾-ÅôGÅüü
    Zï¼-GTÛG-hÝÅ-ˆÛ-ºFÛG->ÀôP-hÝüü
    »ôPÅ-º²Ûm-hqº-zôºÛ-PG-GÛ-¤±ô¼üü
    GbÛP-mÅ-hh-q-GÅï¼-¤ÛG-GÛü
    P¾-z-º²Ûm-hïÅ-„Àô-z-¤GÝü
    hï-¤fÞÅ-Vß-¤ôºÛ-D¤Å-ˆÛ-¤ÛºÛüü
    PG-¼ÛG-¿Yôm-qºÛ-¾ÞÅ-z¸P-¾üü
    ¿YP-¾ôºÛ-z;ÝG-¾-Ǩôm-¾¤-G®P.üü

  17. བེ་རི་འཇིགས་མེད། says:
    2010-05-15 at 3:32 am

    ༡༦༽ Metok ma ནས། བྲིས་པ་དེ་ཧི་བསྒྱུར་བྱས་པ།
    སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༥ གི་ཆུ་ཚོད་ ༣ སྐར་མ་ ༡༧

    འོན་ཏེ་མདོ་ཁམས་སྟོད་བརྒྱུད་ཀྱི།།
    ཟམ་གདོང་སྨྲ་བའི་དབང་ཕྱུག་དང༌།།
    རྗེས་སུ་ཆེར་མོས་ཉིད་ལ་སོགས།།
    ཉེར་གཅིག་དུས་ཀྱི་འཁྲིག་ཀློང་དུ།།
    ཡོངས་འཛིན་དཔའ་བོའི་ངག་གི་མཚོར།།
    གཏིང་ནས་དད་པ་གསེར་མིག་གི།
    ངལ་བ་འཛིན་དེས་བློ་༼གློ༽བ་མགུ།
    དེ་མཐུས་ཆུ་མོའི་ཁམས་ཀྱི་མིའི།།
    ངག་རིག་ལྗོན་པའི་ལུས་བཟང་ལ།།
    ལྗང་ལོའི་བཀུག་ལ་སྨོན་ལམ་གཙང༌།།

  18. ཐུབ་བསྟན། says:
    2010-05-15 at 4:00 am

    ཕྱུལ་བྱུང་གི་མཁས་པ་ཆེན་པོ། ལོ་རྒྱུས་སྨྲ་བ་ཆེན་པོ། རྩོམ་པ་པོ་སྐད་གྲགས་ཅན་བེ་རི་ལགས། ཁྱེད་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། ཁྱེད་ནི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་འཐུས་མི་སྟེ་་་་་ཨམ་འཁྱམས་དག་ངང་ག་བ་འདྲ། ཁྱེད་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེར་དད་པ་དམ་གཙང་ཞིང་ལུགས་གཉིས་ལ་མཁྱེན་རྒྱ་ཡངས་བས་་་་་་ཨམ་འཁྱམས་ལྟ་ལོག་དག་དང་ག་བ་འདྲ། ཁྱེད་ནི་རྒྱལ་བའི་དགོངས་བཞེད་སྒྲུབ་པའི་དགེ་པའི་ལུགས་པའི་སྤྱི་འཐུས་སྟེ། བོད་རིགས་ཀྱི་དཔའ་བོ་དང་རིག་པའི་དཔའ་བོ་ཆེན་པོ་སྟེ་་་་ཆོས་སྲིད་གཉིས་ལ་བལྟ་བའི་མིག་སྡོང་བ་རྒྱ་དམར་གྱི་རྗེས་ཟློས་མཁན་ཞོགས་དུང་རྗེས་འབྲང་བ་དང་ག་བ་འདྲ། ཁྱེད་ནི་བོད་ཀྱི་དཔའ་བོ་ཡིན། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme