Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་སྨིན་ཐང་ཕྱོགས་ཀྱི་ཡ་ང་བའི་གནས་ཚུལ།

Posted on 2008-08-262008-08-26 By དགེ་རབ་ 2 Comments on མགོ་ལོག་སྨིན་ཐང་ཕྱོགས་ཀྱི་ཡ་ང་བའི་གནས་ཚུལ།

བོད་འབྱོར་གནས་ཚུལ།
བོད་མདོ་སྨད་མགོ་ལོག་ཨ་སྐྱོངས་ཁང་སར་སྨིན་ཐང་ཡུལ་ཚོ་༼ཤང་།༽ལ་མཚོན་ན། ཕྱི་ལོ་༡༩༥༨ལོར་མགོ་ལོག་ཁ་གསུམ་གྱི་ནང་ནས་དང་པོ། ཁྲ་ཤུལ་བསོ་མོ་དང་། ཕ་ཚེ་ཐར་གཉིས་གྱིས་དམག་དཔོན་མཛད་དེ་རྒྱ་དམག་ལ་འཐབ་འཛིང་བྱས་ནས་རྒྱ་དམག་གསུམ་བསད་ཅིང་། རྫོང་མདའ་ཆེ་བ་ཞིག་དང་མེ་མདའ་གསུམ་བླང་བ་རེད། ཐེངས་གཉིས་པ་སྐོང་གསེར་ནས་དམག་དཔོན་ཧོར་ཤེར་བཟང་དང་། མགོ་ལོག་དཀོན་མཆོག་སྐྱབས། ཐང་བ་བསོ་པོ་སོགས་ཀྱིས་གཅེས་སྲོག་བཏང་ཞིང་ཁང་སར་དམག་མང་ཡོངས་ཀྱིས། རྒྱ་དམག་སུམ་རྒྱ་ཙམ་དམར་གསོད་བྱས་པའི་མཐར་མང་སྣེ་ཉུང་གིས་མ་བརྟེན་པར་རྒྱ་དམག་གིས་བོད་མི་༨༠ ཙམ་འཛིན་བཟུང་བྱས་པའི་ནང་ནང་ཕར་ཆེར་མུ་གེས་ཤི ཁྲ་བསོ་དང་ཕ་ཚེ་སོགས་མི་བཅུ་མ་གཏོགས་རང་ཡུལ་ལ་མ་ཐོན། ཕྱི་ལོ་༡༩༦༨ལོར་དོམ་ཙ་བླ་མ་རྡོར་ལོ་དང་། ཁྲོ་ཤུལ་བློ་རྣམ། ཁྲ་ཤུལ་བསོ་མོ། ཕ་ཚེ་ཐར་སོགས་གྱིས་བོད་མིའི་བདེ་སྡུག་གི་ཆེད་དུ་གཅེས་སྲོག་བཏང་། ཤུལ་དུ་ལྷག་པ་གཙང་སྐོར་གྲུབ་ཆེན་ཨོ་རྒྱན་རིག་འཛིན། སྤྲུལ་བསྟན་པའི་དབང་ཕྱུག་གཉིས་ཚེ་བཙོན་བྱས། ཧོར་བསམ་རྒྱམ་དང་། མགོ་ཚེ་མ་གཉིས་ལ་ལོ་ ༡༥ ཁྲིམས་ཐག་བཅད། གཞན་ཡང་ཁྲིམས་པ་ལྔ་དྲུག་ཙམ་ཡོད།
ཕྱི་ལོ་ ༢༠༠༨ ཟླ་༣པའི་ཚེས་ ༡༤ ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་ཞི་བའི་ཡར་ལང་བྱས། ཚེས་ ༡༦ ཉིན་རྔ་བ་རྫོང་ནས་ཡར་ལང་བྱས་ཤིང་མི་ ༢༠ ལྷག་དམར་གསོད་བྱས། མི་མང་པོ་ཁྲིམས་ཁང་དུ་བཅུག་ནས་རྡུང་རྡེག་དྲག་པོ་བྱས་ཏེ་བསད་པ་ཡང་བཅུ་ཕྲག་ཙམ་ཡོད་ཟེར། དེ་མིན་ཁྲིམས་ཐག་བཅད་པ་ཡང་མང་པོ་ཡོད་ཀྱང་མིང་ད་དུང་གསལ་བོར་ཤེས་མེད། ཚེས་ ༡༧ ཉིན་གྱི་ཆུ་ཚོད་དྲུག་གི་སྟེང་མགོ་ལོག་གཅིག་སྒྲིལ་རྫོང་གི་སོག་རུའི་ཨ་ཏི་གཟའ་ཟླ་མགོ་གཙོ་བྱས་ཏེ། སྨིན་ཐང་ཁྲ་ཤུལ་ཆོས་མཛོད། ཁྲ་ཤུལ་དོན་ཡོད། ཁྲ་ཤུལ་དཔལ་འབྱོར། ལམ་སྐོར་ཕུར་ཐར། མགོ་ལོག་ལེ་ཚོགས། དགེས་སྐོར་བློ་བཟང་། འདོད་ལྷ། ཝ་འགྲོ་འདུལ། གླིང་ཆོས་གྲགས། གླིང་བློ་བཟང༌། གླིང་འཇམ་དབྱངས། ཆོ་རྗེ་དཀོན་མཆོག་སོགས་མི་གསུམ། ཁང་སར་རིག་འཛིན། དྲག་རས། གླུ་བ་རྟ་མགྲིན་ཕ་བུ་སོགས་ཀྱིས་ཡར་ལང་བྱས་ནས་ཉེན་རྟོགས་པའི་རླངས་འཁོར་གཉིས་བཅག་ཅིང་། ལམ་གྱི་བཞི་མདོའི་ཉེན་རྟོགས་པའི་ཁང་ཆུང་མེར་བསྲེགས་བཏང་། དེའི་ཕྱི་དྲོ་ཚོད་བདུན་པའི་སྟེང་སྨིན་ཐང་ཡུལ་ཚོའི་༼ཤང་།༽ན་གཞོན་འགས་མགོ་འཛིན་བྱས་ནས། ཧི་ར་ཤེས་རབ་དང་། ཁྲ་ལིའི་གཡང་སྒྲུབ། ལམ་སྐོར་བློ་གྲོས། ཕ་བསྟན་འཛིན་མགོན་པོ། མགོ་ལོག་སྒྲོན་ཚེ། ཁྲ་ཤུལ་བདེ་ལེགས། འཇུ་སྐུ་གསུམ། དམེ་སྐྱ་པེ། ཁྲ་ཤུལ་བག་རྩེ། ཆོས་སྐོར་མགོན་པོ་སྐྱབས། ཁྲ་ལུའི་གསེར་ཐུབ། ལམ་སྐོར་སྐལ་ལྡན། ཁྲ་ལུའི་ཡར་འཕེལ། ཁྲ་ལུའི་འགྲོ་དོན། ཁྲ་ལུའི་བློ་བཟང༌། ཆོས་སྐོར་བློ་བསམ། ཨེ་འུ་པད་མགོན། ཨེ་འུ་རས་ཆུང༌། ལམ་གོང་ཡོང་འགྲུབ། ཤ་བསམ་འགྲུབ། མཆུག་ཨོ་རྒྱན་དང་དབང་སྟོབ། མཆུག་ཡོང་འདུས་སྐྱབས། ཨ་རིག་བསོད་ནམས་རྡོ་རྗེ། ཧི་ར་འཛམ་གླིང་དང་ལྷས་གསར། དམེ་མགོན་ནེ། དགོ་ནང་ཟླ་བ། སྒོ་ནང་རྡོར་པེ། ལམ་གོང་ཐེག་མཆོག བུར་བཟའ་མུ་ནུ། ཆོས་སྐོར་རྒྱ་མཚོ། ཤ་ཚོས་རས། གླིང་ཀུར་པེ། ཧི་ར་དོན་སྟོབ། གཡག་གཡུལ་རྒྱལ། རྔ་བ་ཨ་གར། རྔ་བ་གཏེར་པོ་རྣམས་ཀྱིས་ཁྲོམ་སྐོར་བྱས་ནས་ཡུལ་ཚོའི་ཉེན་རྟོགས་ཁང་བ་མེ་ལ་བསྲེག་ཅིང་། རྒྱའི་དར་དམར་མར་ཕབ་ནས་ཁྲ་ལིའི་གཡང་སྒྲུབ་ཀྱིས་བོད་གྱི་རྒྱལ་དར་ཡར་བསྒྲེངས། ཕྱི་ཟླ་བཞི་བའི་ཚེས་ ༡༩ ནུབ་མོ་ཆུ་ཚོད་དང་པོའི་སྟེང་གཅིག་བསྒྲིལ་རྫོང་ཉེན་རྟོགས་དཔོན་པོ་སུག་བཀྲས་རྒྱ་དམག་ ༤༠༠ ཙམ་ཁྲིད་ནས་ལྐོག་འཇབ་བྱས་དེ། དུག་བོའུ་སོགས་དྲག་ཆས་སྤྱད་དེ་ཉེས་མེད་མང་པོར་རྡུང་རྡེག་དང་དྲག་གནོན་ཚབ་ཆེན་བྱས་རྗེས། ཡུལ་ཚོ་དང་དགོན་པ་རྒྱ་དམག་གིས་ཨ་ལོང་བཞིན་བསྐོར་ནས་འགྲོ་འོང་ལ་རང་དབང་མེད་པར་ཡ་ང་བའི་གདུག་རྩུབ་དྲག་པོས་བཙན་གནོན་དང་བཀག་བསྡོམ་བྱས། གོང་སྨྲོས་ཀྱི་སྒོ་ནང་རྡོར་པེ་དང་། ཁྲ་ཤུལ་བདེ་ལེགས་གཉིས་མ་གཏོགས་པའི་མི་སོ་དྲུག་པོ་སྐབས་དེར་བཙན་བཟུང་བྱས་དེ། གཅིག་སྒྲིལ་རྫོང་མི་མང་ཁྲིམས་ཁང་དུ་ཁྱེར་ནས་བ བཟོད་དཀའི་ཁྲིམས་ལས་བྱས་པའི་རྣམས་གྲངས་ནི། གནམ་བཏག་བྱེད་པ། མེ་ལ་གཞུས་པ། ལྕགས་སྒྲོག་ཟོར་ཁ་མ་བརྒྱབས་ནས་གོ་ལྕག་གིས་ལན་གྲངས་མང་པོར་བཀྲབ་པ་སོགས་ཡ་ང་བའི་ལྐོག་རྡུང་ཉིན་ ༥༠ རིང་ལ་བྱས། ཐེངས་འདིའི་དྲག་རྡུང་ཁྲོད་ཆེས་མནར་གཅོད་ཐེབས་མཁན་སོག་རུའི་ཨ་ཏི་དང་། རིག་ཐོ། དྲག་རས། གླུ་བ་རྟ་མགྲིན་གྱི་ཨ་ཕ། ལམ་སྐོར་ཕུར་ཐར། ཁྲ་ལིའི་གཡང་སྒྲུབ་རྣམས་རེད། མཐར་སྨིན་ཐང་རི་དགོན་ཡོངས་གྱི་འཐུས་ཚབ་རྣམས་ཀྱིས་གཅིག་བསྒྲིལ་རྫོང་ལ་རེ་བ་ཡང་ཡང་བཏོན་མཐར་རྒྱུ་ཆད་ཆེ་བ་སྒོར་ཁྲི་གཉིས་དང་། ཆུང་བ་སྟོང་ཕྲག་ལྔ་བཅད་ནས་ཤེས་རབ་མ་གཏོགས་རེ་ཞིག་བཙོན་གྲོལ་བྱས། གཅིག་སྒྲིལ་རྫོང་གི་མི་མང་ཡར་ལང་གྲས་ཀྱི་སྨིན་ཐང་ཁྲ་ཤུལ་ཆོས་མཛོད་དང་། ཁྲ་ཤུལ་དོན་ཡོད། ཁྲ་ཤུལ་དཔལ་འབྱོར། ལམ་སྐོར་ཕུར་ཐར། མགོ་ལོག་ལེ་ཚོགས། དགེས་སྐོར་བློ་བཟང་དང་འདོད་ལྷ། ཝ་འགྲོ་འདུལ། གླིང་ཆོས་གྲགས། གླིང་བློ་བཟང༌། གླིང་འཇམ་དབྱངས་སོགས་སྨིན་ཐང་ས་ཆའི་ཁྱོན་མི་ ༤༧ འཛིན་བཟུང་བྱས། དགེ་མཆོག་སོགས་ཡར་ལང་གྲས་ཀྱི་མི་ཁག་ཅིག་ད་དུང་འཛིན་བཟུང་བྱས་མེད། གཅིག་སྒྲིལ་རྫོང་གི་མངའ་ཁོངས་ནས་འཕྲུལ་རྟ་དང་། རླངས་འཁོར་སོགས་ཉེན་རྟོགས་པས་བཙན་འཕྲོག་བྱས་པས་འབྲེལ་ཡོད་མི་མང་གི་དཔལ་འབྱོར་ཐོག་གནོད་སྐྱོན་ཐེབས་པ་ཁྱོན་དམངས་སྒོར་ཁྲི་བརྒྱ་དང་ལྔ་བཅུ་ཡས་མས་དང་། ཁྲིམས་ཆད་ཀྱི་གྱོང་རྒུད་ཐེབས་པའི་སྒོར་གྲངས་ད་དུང་གསལ་བོར་ཤེས་མེད་མོད། ཚོད་དཔག་བྱས་ན་དམངས་སྐོར་ཁྲི་བརྒྱ་ལྷག་ཟིན་ཡོད། སྨིན་ཐང་རྫོང་གཅིག་པོར་མཚོན་ན་ཁྲིམས་ཆད་ཀྱི་གྱོང་རྒུད་ཐེབས་པའི་སྒོར་གྲངས་དམངས་སྒོར་ཁྲི་ཞེ་གཉིས་དང་ལྔ་བརྒྱ་ཡོད། ཁྲིམས་ཆད་ཀྱི་སྒོར་མོ་ཡོད་ཚད་མང་ཚོགས་ཡོངས་ཀྱིས་རང་མོས་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད། ད་ལྟའི་ཆར་ཧི་ར་ཤེས་རབ་ལ་ཁྲིམས་ཐག་ལོ་བཅུ་ཡན་གཅོད་རྒྱུ་རེད་ཟེར་ཀྱིན་ཡོད། ཡང་ན་སྒོར་ཁྲི་བཅོ་ལྔ་ནས་ཉི་ཤུའི་བར་སྦྱིན་ན་ཁྲིམས་ཐག་ཅུང་ཐུང་ངུར་གཏོང་སྲིད་ཅེས་ཤོད་བཞིན་ཡོད་ཟེར། བཀག་སྡོམ་ཀྱི་ཟླ་གཅིག་ལྷག་གི་རིང་ལ་སྨིན་ཐང་དགོན་པའི་བླ་གྲྭ་ལྔས་རྫོང་ཐོག་གི་ཕྱོགས་སོ་སོའི་ཁྲིམས་པ་ཡོངས་ལ་ཟ་མ་བཀོད་སྒྲིག་བྱས་པས། ཟ་མའི་འགྲོ་གྲོན་སྨིན་ཐང་བླ་དཔོན་ཡུལ་མི་ཚོས་རང་མོས་ཀྱིས་ཕུལ་ཡོད། བསྡོམས་དམངས་སྒོར་ཁྲི་བཞི་མ་ཟིན་ཙམ་གྱི་འགྲོ་སོང་བྱས། ཁང་སར་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་དུ་རྒྱ་མིའི་ལས་བྱེད་པས་ཚོགས་འདུ་ཉིན་བཞིན་འཚོགས་དགོས་པ་དང་། དགོན་ནང་དུ་རྒྱ་ནག་གི་དར་ཆ་འཛུགས་དགོས་པ་སོགས་ཀྱི་ལས་འགུལ་ཐེངས་དུ་མར་སྤེལ་ཡང་། ཚོགས་འདུ་འཚོགས་པ་དང་རྒྱ་དར་འཛུགས་པ་སོགས་ཡེ་མ་བྱས་པས། ད་ལྟ་རྒྱ་མིས་ལྟ་སྟངས་ངན་པ་འཛིན་གྱིན་ཡོད། མགོ་ལོག་གི་དགོན་སྡེ་ཕལ་ཆེར་དེ་འདྲ་བྱེད་བཞིན་ཡོད། ཚེས་ ༡༨ ཉིན་སོག་རུ་མ་ཡུལ་ཚོ་ནས་རྩེ་བ་རིག་ཐོ་དང་། ཚེས་བཅུ་གཉིས་གྱིས་མགོ་འཛིན་མཛད་དེ་མི་སུམ་ཅུ་ཡས་མས་ཀྱིས་རྒྱ་དར་མེར་བསྲེགས་ཅིང་ཁྲོམ་སྐོར་བྱས། དེ་དུས་འཛིན་བཟུང་བྱས་པ་རྣམས་ལ་གཅར་རྡུང་དྲག་པོ་བྱས་ཤིང་། མི་རེར་སྒོར་སྟོང་ལྔ་ནས་ཁྲི་གཅིག་བར་གྱི་ཆད་པ་བཅད། ཡང་ཉིན་དེར་དཔལ་ཡུལ་དར་ཐང་ཡུལ་ཚོའི་གྲྭ་བ་འགའ་དང་། ཁྲ་ཤུལ་ལྷ་ཚོགས་སོགས་ཀྱིས་ཁྲོམ་སྐོར་བྱས་ནས་ཁུལ་དཔོན་གཞོན་པ་ཞིག་གི་མགོ་ལ་རྨ་བཟོས། རྒྱ་མིས་དྲག་གནོན་བྱས་དེ་མི་མང་པོ་བཙན་བཟུང་བྱས་ནས་གཅར་རྡུང་དང་རྒྱུ་ཆད་མི་རེར་སྒོར་ཁྲི་གསུམ་རེ་བཅད། ཟླ་ ༦ པའི་ཚེས་ ༢༠ ཉིན་ཁྲ་ཤུལ་ལྷ་ཚོགས་དང་། དཔལ་ཡུལ་གྲྭ་བ་ཐུབ་བསྟན་ཉི་མ་གཉིས་ལ་ལོ་དྲུག་གི་ཁྲིམས་ཐག་བཅད། ཟླ་ ༦ པའི་ཚེས་ ༢༡ ཉིན་སོག་རུའི་ཨ་ཏི་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད། བྲོས་བྱོལ་བ་བུན་གི་མཛུ་དགོང་དང་། དུག་བཟའི་སྐལ་བཟང་། ཨ་ཏིའི་ཆུང་མ་ཉི་མ་ལྷ་མོ་སོགས་ད་རུང་འཛིན་བཟུང་བྱེད་མ་ཐུབ་པ་མང་པོ་ཡོད་ཟེར། སྤྲ་སར་ཡུལ་ཚོ་ནས་སྐྱ་སེར་མང་པོ་འཛིན་བཟུང་བྱས་ནས་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་བཟོས་ཡོད། ཕྱི་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན་པདྨ་རྫོང་ཨ་སྐྱོང་ཡར་ཐང་ནས་རིན་ཆེན་དཔལ། རྦུ་ཚ་ཀརྨ་མཚོ་སོགས་ཀྱིས་ཡར་ལང་བྱས། ལྕགས་རི་ཡུལ་ཚོ་ནས། ཝ་རོད་འཛམ་བྷ། ཝ་རོད་ཆོས་ཉིད། ཡག་ཤུལ་དཔལ་སྟོབས། ཁྲ་ཤུལ་པེ་ཁོ། ཁྲ་ཤུལ་བསྟན་འཛིན་འོད་ཟེར་སོགས་མི་སུམ་བརྒྱ་ཡས་མས་ཀྱིས་ཡར་ལང་བྱས་ཏེ། རྒྱ་དར་མར་ཕབས་ཞིང་བོད་ཀྱི་རྒྱལ་དར་ཕྱར་ནས་ཁ་གཡང་སྒྲོག་བཞིན་ཁྲོམ་སྐོར་བྱས། མདོ་གོང་མ་ནས་རྙི་མདའི་ཁྲ་ཤུལ་མགོན་དྲག ཁྲ་ཤུལ་བསོད་དབང་། ཁྲ་ཤུལ་སྐྱ་ཁོ། ཁྲ་ཤུལ་ཕུར་བ་སྐྱབས། ཁྲ་བཟའ་པི་རེས། མགོ་ལོག་བེ་ལི། མགོ་ལོག་ཆོས་འཕེལ། ད་དུང་དབང་མདའི་མི་མང་བོ་ཡོད་ཀྱང་མིང་གསལ་བོར་ཤེས་མེད། ཡར་ལང་སྐབས་ཁོང་ཚོས་ཉེན་རྟོགས་པའི་ཁང་པ་མེར་བསྲེགས་ཅིང་རྒྱ་དར་མར་ཕབ། རྡུ་མདའ་ནས་ཝ་ཤུལ་རྡོར་ཕྲུག་སོགས་ཀྱིས་ཀྱང་རྒྱ་དར་མར་ཕབ། མདོ་ཞོལ་མ་ནས་ཧོར་བསྟན་ནམས་སོགས་ཀྱིས་རྒྱ་དར་མར་ཕབ། པད་ཡག་ནས་ཀྱང་ཡར་ལང་བྱས་ཡོད་མོད་མི་སུ་སུ་ཡིན་ད་རུང་ཤེས་མེད། གྱི་ལོང་ནས་ལར་ཡང་བྱས་པའི་གྲྭ་བ་ཞིག་བྲོས་བྱོལ་ལ་ཕེབས་ཡོད་མོད་མིང་ད་དུང་ཤེས་མེད། གསེར་ཐར་རྫོང་ནས་ཡར་ལང་སྐབས་འཛིན་བཟུང་བྱས་པ་ཞོ་རོགས་གཡུ་བྷྲུཾ། སྟག་ལུང་དགོན་པའི་སྦྱིན་པ། གནུབས་ཟུར་ས་གཞི། དེའི་ནང་གི་གནུབས་ཟུར་དངོས་གྲུབ་དང་གཡང་ཕྱུག་སོགས་ལ་ཁྲིམས་ཐག་བཅད། ཁྲིམས་ཐག་གི་ལོ་གྲངས་ད་དུང་གསལ་བོར་ཤེས་མེད།

ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། གནས་ཚུལ་འཚོལ་སྡུད་པ་གསང་མིང་སྙིང་སྟོབས་དང་། གངས་གཡག་གཉིས་ཀྱིས།

གསར་འགྱུར།

Post navigation

Previous Post: བོད་ནང་གི་གནས་ཚུལ།
Next Post: དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ།

Comments (2) on “མགོ་ལོག་སྨིན་ཐང་ཕྱོགས་ཀྱི་ཡ་ང་བའི་གནས་ཚུལ།”

  1. བོད་པ་ says:
    2008-08-26 at 10:24 am

    དཔའ་རྒོད་མང་པོ་བྱུང་འདུག མུ་འཐུད་ནས་འགོད་རོགས་ཞུ། ང་ཚོ་ལ་འདི་འདྲའི་གནས་ཚུལ་གསལ་བོ་དགོས་པ་རེད། གནས་ཚུལ་འདི་བོད་གཞུང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་ལ་སྤྲོད་ཐུབ་ན་ཡག་པོ་འདུག

  2. ÇtôzÅ-q- says:
    2008-08-27 at 5:53 pm

    གནས་ཚུལ་འཚོལ་བསྡུ་གནང་མཁན་གངས་གཡག་དང་སྙིང་སྟོབས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ལ་འདི་ལྟ་བུའི་གནས་ཚུལ་གསལ་བོ་དགོས་ཀྱི་འདུག ང་ཚོས་བརྒྱ་བསད་སོང་དང་སྟོང་བསད་སོང་ཟེར་བའི་གྲངས་ཀ་རེ་བགྲང་རྒྱུ་ལས་ལྡོག་སྟེ་མི་གཅིག་ལས་བསད་མེད་ན་ཡང་དེ་ཉིད་གསལ་ཞིབ་ཏུ་འཚོལ་རྒྱུ་གལ་ཆེན་རེད། རྡ་རམ་ས་ལའི་ཚོགས་པ་ཚོས་ཕྱི་རྒྱལ་བའི་བྱམས་སེམས་འགུགས་ཆེད་དུ་བརྒྱ་བརྒྱ་སྟོང་སྟོང་ཞིག་བསད་སོང་ཟེར་བ་ཙམ་ལས་གསལ་ཞིབ་ཅིག་མཁོ་བསྡུ་བྱེད་ཐུབ་ཀྱིན་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme