Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བོད་མིའི་སྲིད་གཞུང་ནང་དམངས་གཙོ་ལག་བསྟར་གྱི་དཀའ་ངལ།

Posted on 2009-12-09 By དགེ་རབ་ No Comments on བཙན་བོད་མིའི་སྲིད་གཞུང་ནང་དམངས་གཙོ་ལག་བསྟར་གྱི་དཀའ་ངལ།

དགེ་མཐར།
______________

པྱི་ལོ་ ༡༩༦༠ ནང་རྒྱ་གར་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཟོས་པ་དང་། ཕྱི་ལོ་ ༡༩༦༡ ལོར་༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་རྩ་་ཁྲིམས་ཟིན་བྲིས་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱ་གར་རྡ་རམ་ས་ལར་ངོ་སྤྲོད་གནང་བ་ནས་རིམ་པས་བཙན་བྱོལ་བོད་མི་མང་གི་དམངས་གཙོའི་ལམ་ལུགས་འགོ་ཚུགས། པྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་འཁྲིམས་བཟོས་པ་དང་། ཕྱི་ལོ་ ༢༠༠༡ ལོར་མི་མང་ནས་ཐད་ཀར་བཀའ་བློན་ཁྲི་པ་གདམ། འདིའི་བར་བཀའ་བློན་རྣམས་༧གོང་ས་མཆོག་གི་མཚན་ཐོག་ནས་ཐད་བཀོད་གནང་གི་ཡོད་པ་དང་དུས་འདི་ནས་བཀའ་བློན་ཁྲི་པས་གདམས་གནང་གི་ཡོད།
དམངས་གཙོའམ་མང་གཙོ་ལག་བསྟར་གྱི་དཀའ་ངལ་ཆེ་ཤོས་དེ་བོད་གཞུང་དམངས་ནས་ནུབ་ཕྱོགས་ཀྱི་ཌེ་མོ་ཁེར་ཊིཀ དང་ ཌེ་མོ་ཁེ་རེ་སི་ ཟེར་བའི་ཚིག་གི་གོ་དོན་གསལ་རྟོགས་ཐུབ་པར་ཐུག་ཡོད་པ་ཡིན། ཌེ་མོ་ཁེར་ཊིཀ་གི་གོ་དོན་ནི་མི་དམངས་ཀྱི་སྲིད་གཞུང་ཟེར་བ་དང་དེ་ཡང་མི་དམངས་ཀྱིས་འཛིན་པའི་སྲིད་གཞུང་ལ་ཟེར། དེ་ཡང་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཌེ་མོ་ཁེར་ཊིཀ་ཀྱི་བོད་བསྒྱུར་དམངས་གཙོ་དང་མང་གཙོ་ཟེར་བ་གཉིས་ཀའི་འགྲེལ་བཤད་ལྟར་མི་མང་བས་གང་བཤད་ཐོག་མི་ཉུང་བ་རྣམས་ཀྱང་འགྲོ་དགོས་ངེས་དེ་འདྲ་མ་ཡིན་པར་ཡུལ་མི་རེ་རེ་ནས་གཞུང་གི་ཆབ་སྲིད་ནང་ནུས་པ་སླེབས་ཐུབ་པ་དང་རང་རང་སོ་སོའི་མི་སྒེར་གྱི་རང་དབང་ཡང་ལོངས་སུ་སྤྱོད་ཐུབ་པ་ལ་ཟེར། དེང་དུས་ཀྱི་ཌེ་མོ་ཁེར་ཊིག་སྲིད་གཞུང་ཚོའི་ནང་གྲངས་ཉུང་མི་རིགས་དང་རྗེས་ལུས་མི་རིགས་རྣམས་ལ་དམིགས་བསལ་གྱི་ཐོབ་ཐང་ཁག་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གཙོ་བོ་ཡང་གནད་དོན་དེར་ཐུག་བསྡད་ཡོད་བཟོ་མཐོང་།
སྤྱི་ཚོགས་ནང་མི་དམངས་སྲིད་གཞུང་དོན་ལྡན་ཞིག་ལག་བསྟར་ཐུབ་པའི་ཆ་སྐྱེན་གཙོ་བོ་ནི་མི་དམངས་ཀྱི་ཤེས་ཡོན་དང་དཔལ་འབྱོར་ཚད་ལྡན་ཞིག་དགོས་པར་ཐུག་གི་ཡོད་སྟབས་བོད་མིའི་སྤྱི་ཚོགས་ནང་སློབ་གྲའི་ཤེས་ཡོན་དང་ཆབ་སྲིད་དྲིལ་བསྒྲགས་ཙམ་མ་ཡིན་པར་མང་ཚོགས་ཀྱི་སྤྱིར་བཏང་ཤེས་ཡོང་གོང་མཐོར་གཏོང་ཐབས་དང་ཕུགས་རྒྱང་རིང་པོའི་འཚོ་གནས་དཔལ་འབྱོར་གྱི་གནས་སྟངས་སྲ་བརྟན་ཡོང་ཐབས་ཀྱི་སྲིད་བྱུས་ལ་ཤུགས་སྣོན་དགོས་གལ་ཆེ།
མདོར་ན་བཙན་བྱོལ་སྤྱི་ཚོགས་ནང་ད་བར་མི་མང་གི་སྲིད་གཞུང་ལ་ཚོད་བལྟའམ་ལག་ལྟར་གང་ཐུབ་གནང་ཀྱང་དེང་རབ་ཀྱི་དམངས་གཙོའལ་མང་གཙོའི་རྩ་་དོན་མི་གཅིག་འོས་གཅིག་དང་། ཆོས་སྲིད་སོ་སོར་འབྱེད་པའི་སྲིད་བྱུས་ད་བར་གཏན་འབེབ་བྱ་ཐུབ་མེད་པ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་དེང་རབ་ཅན་དུ་འགྱར་རྒྱུར་ད་དུང་ཡང་ཧ་ཅང་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་པའི་མངོན་རྟགས་ཞིག་རེད།
མང་གཙོ་ལག་སྟར་གྱི་འགོག་རྐྱེན་གཞན་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོས་མེད་ཀྱི་རྙོག་གླེང་རང་ཉིད་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ཡང་མེད་པ་ལ་དེ་ལ་ཞེན་པའི་དབང་ཆ་དང་ལྟ་བའི་འཐབ་རྩོད་ཚོགས་པ་བཅུ་གསུམ་དང་ྐློ་ཆུ་བཞི་སྒང་དྲུག་དང་ལྷ་དང་བླ་མའི་ཡངས་སྲིད་དང་སྟོད་དང་མངའ་རིས་དབར་དང་ལྷ་ས་བ་དང་གཙང་པའི་དབར་བཅས་དང་འབྲེལ་བའི་སྙོག་ཁྲ། གཞན་ཡང་ཆོས་ལུགས་ཕན་ཚུན་དང་ཆོལ་ཁ་ཕན་ཚུན། གྲ་ས་ཕན་ཚུན་དང་གྲ་ཚང་ཕན་ཚུན། སྐབས་རེ་ཁམས་ཚན་དང་མི་ཚང་གཅིག་གི་ནང་དུ་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་པའི་དཀའ་སྙོག་མདོར་ན་ཡུལ་དུས་གནས་སྐབས་དང་མ་འཚམ་པའི་བསམ་བློ་ཆུང་ཆུང་དེ་འདྲ་ལ་མགོ་འཁོར་ནས་ང་ཚོས་རྩ་ཆེའི་དུས་ཚོད་དང་ནུས་པ་མང་པོ་ཞིག་ཆུད་ཟོས་སུ་བཏང་པའི་གནས་ཚུལ་ཡོང་གི་ཡོད།
བོད་ཆོལ་ཁ་གསུམ་ཅེས་པའི་ཐ་སྙད་འདི་སྔར་སོག་པོས་བོད་དབང་འགྱུར་སྐབས་སོག་པོས་བོད་ཡུལ་དེ་ཆ་བགོས་བྱས་པའི་ཐ་སྙད་ཞིག་ཡིན་པ་ལས། བོད་རང་ཉིད་ཀྱིས་བཟོས་པ་ཞིག་མ་ཡིན་པ་འདྲ། དེ་བཞིན་བོད་ཁྲི་སྐོར་བཅུ་གསུམ་ཞེས་པ་དེ་ཡང་སོག་པོས་བཟོས་པའི་ཐ་སྙད་ཡིན་པ་གསལ། བོད་མིའི་སྤྱི་ཚོགས་ནང་སོག་པོས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོར་བཏགས་པའི་ཐ་སྙད་ལ་ཆགས་ཏེ་བོད་མི་ནང་ཁུལ་མཆོལ་ཁའི་འཐེན་འཁྱེར་བྱེད་པ་དེ་ནི་ལེགས་པར་བལྟས་ན་ཧ་ཅང་ཡ་མཚན་བསྐྱེད་པའི་གནས་ཚུལ་ཞིག་རེད་སྙམ། བོད་མི་རང་ཉིད་ནས་ལུང་ཚན་ཆ་བགོས་ཀྱི་ཐ་སྙད་དང་རྣམ་པ་གསར་པ་བཟོ་དགོས་པ་དང་སྔར་སོག་པོས་བཟོས་པ་དང་རྒྱ་དམར་ནག་གིས་བཟོས་པ་དེ་དག་ནི་དམིགས་བསལ་ཟུར་སེལ་གྱིས་ལག་ལེན་དུ་མི་འགེལ་བ་དགོས།
ཕྱི་ལོ་ ༡༩༥༩ ལོ་ནས་རིམ་པས་བཙན་བྱོལ་བོད་མི་རྣམས་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་བཅས་སུ་གཞིས་ཆགས་ཏེ་གནས་འགོ་ཚུགས་པ་ནས་རིམ་པས་རང་རང་གི་འཇོན་ཐང་གི་ནུས་པས་སྐྱིད་སྡུག་འདྲ་མིན་སྣ་ཚོགས་སུ་འགྱུར། ད་བར་མི་ལོ་ལྔ་བཅུའི་རིང་རྡ་སའི་བོད་གཞུང་གིས་ཅི་གསུངས་བཀའ་འགྲུབ་འོག་རྒྱ་གར་དང་བལ་ཡུལ་གྱི་ལུང་ཁུགས་ཁག་ནང་གནས་པའི་ཉམས་ཆུང་སྐྱབས་བཅོལ་གཞིས་ཆགས་རྣམས་ཀྱི་མི་དམངས་ཀྱི་གནས་སྟངས་ནི་འཚོ་བའི་ཆ་ནས་ས་གནས་ཀྱི་ཡུལ་མི་ཉམ་ཐག་ཁག་གཅིག་ལས་ཏོག་ཙམ་ལེགས་པ་ཡོད་སྲིད།
འོན་ཀྱང་བོད་མི་དེ་དག་རང་ཉིད་དེ་སྔ་ལོ་མང་གནས་སའི་ཁང་པ་དང་གཞིས་ཆགས་ཀྱི་ཐོབ་སྐལ་ས་ཞིང་ཡང་རང་ཉིད་ལ་ཁྲིམས་མཐུན་བདག་དབང་མེད་ཐོག་ཡུལ་དེར་མི་ལོ་ལྔ་བཅུ་བསྡད་ཀྱང་ད་དུང་གནས་སྐབས་ལག་འཁྱེར་ལོ་རེ་རེ་ལ་གསར་བཅོས་རེ་བྱས་ནས་བསྡོད་ཆོག་ཙམ་དང་དངུལ་ཁང་ཨང་སྒོ་ཕྱེ་ཆོག་ཙམ་ལས་ལུང་པ་དེའི་ནང་ཁྲིམས་མཐུན་གྱི་ཕུགས་རྒྱང་རིང་པོའི་ཚོང་ལས་དང་ལས་འཆར་གང་ཡང་སྤེལ་མི་ཆོག་པ་ཞིག་འཛིན་ནས་བོད་རང་བཙན་གནམ་ཆུ་ལྟར་གུགས་ཏེ་ད་བར་གནས་བཞིན་པ་དེ་རྣམས་ད་དུང་ཡང་མི་རབས་ནས་མི་རབས་མུ་མཐུད་འདི་མུར་བསྡོད་ཐབ་མེད་སྟབས་དེ་དག་གི་མ་འོངས་པའི་གནས་སྟངས་ཇི་འགྱུར་སྐོར་ལ་འབྲེལ་ཡོད་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཧ་ལས་པའི་འགན་ཆེན་པོ་ཞིག་འཁྱེར་ནས་ཛ་དྲག་པོས་བོད་མི་དེ་རྣམས་ཀྱི་ཕུགས་རྒྱང་རིང་པོའི་བདེ་དོན་ཐོག་དོ་སྣང་དམིགས་བསལ་ཅན་ཞིག་གནང་དགོས་པའི་དུས་ལ་སླེབས་ཡོད།
གནད་དོན་དེ་ནི་དབུས་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་སྒྲིགས་གཞི་གསར་འཛུགས་སྐབས་ཀྱི་ཐོག་མའི་དམིགས་ཡུལ་གཙོ་བོ་གཉིས་ཀྱི་ནང་གི་དམིགས་ཡུལ་དང་པོ་དེ་ཡིན་པས་ད་ཆ་མི་ལོ་ལྔ་བཅུ་ཐམ་པ་རང་དབང་གི་ལུང་པར་གནས་པའི་རྗེས་སུ་ཡང་དམིགས་ཡུལ་དེའི་རྣམ་པ་གསལ་པོ་བཟོ་མ་ཐུབ་པ་དེ་ལ་ལྷག་པར་སྤྱི་འཐུས་རྣམས་ནས་དམངས་གཙོའི་ལས་འགན་གྱི་ཆ་ནས་བསམ་གཞིག་ནན་པོས་བགྲོ་གླེང་གནང་གལ་ཆེ།

རྩོམ་རིག

Post navigation

Previous Post: སུས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་ཐུབ་ངེས།
Next Post: ༄༅།། ཞི་བདེའི་བསྟོད་སྨོན་རང་བྱུང་རྒྱ་མཚོའི་གདངས་སྙན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme