Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་བཟང་སྟོན།

Posted on 2009-12-092009-12-09 By དགེ་རབ་ 7 Comments on ཞི་བདེའི་བཟང་སྟོན།

རྔ་བ་རྒྱལ་ཁམས་པ། ཨ་རི།
———-

peace1

རིས་མེད་འགྲོ་བའི་སྐྱབས་མགོན།། གངས་ཅན་བོད་ཀྱི་ལྷ་སྐལ།།
འཕགས་མཆོག་སྙིང་རྗེའི་དབང་ཕྱུག། རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
ཁྱེད་སྐུ་ཉི་མ་གཞོན་ནུ།། གངས་ལྗོངས་སྨད་ནས་ཤར་ཀྱང་།།
མཛད་འཕྲིན་འོད་ཀྱི་སྣང་བ།། འཛམ་གླིང་སྤྱི་ལ་ཤར་སོང་།།
ང་རང་ལོ་ན་ཆུང་དུས།། ཁྱེད་ཉིད་དག་ཞིང་ཞིག་ལས།།
འཛམ་གླིང་ས་ཐོག་འདི་ན།། ཡོད་སྣང་ཡིད་ལ་མ་ཤར།།
ཨ་ཁུའི་མཆོད་ཁྲིའི་སྒང་གི། སྣང་བརྙན་མཐོང་བ་དོན་ལྡན།།
མིག་གིས་མཇལ་ཐེངས་རེ་རེར།། རེ་སྨོན་སྐྱབས་འཇུག་ཞུས་ཡོད།།
ལོ་རབས་བརྒྱད་ཅུའི་ནང་གི། བོད་རིགས་རྒན་དར་གཞོན་གསུམ།།
རྒྱང་རིང་ལྷ་སྒྲུང་ཞིག་ལ།། རྗེས་ཆགས་སེམས་གཏམ་གླེང་སོང་།།
ཁྱེད་ཀྱི་ཐུགས་རྗེས་བག་ཆགས།། གང་ན་ཡོད་པའི་ཡུལ་དེར།།
ང་ཚོ་བོད་ཀྱི་མི་རིགས།། འགྲོ་འདུག་ཁ་སྟབས་བདེ་གི།
མི་ལོ་ལྔ་བཅུའི་རིང་ལ།། ངན་སྨོད་མཚང་འབྲུ་བྱས་ཀྱང་།།
ཕར་ལན་ཚིག་ངན་ཙམ་ཡང་།། མ་མཐོང་ངོ་མཚར་ཆེ་བྱུང་།།
ནུབ་ཕྱོགས་རྒྱལ་ཁམས་དག་ན།། འཛམ་གླིང་ཞི་བདེ་གླེང་སྐབས།།
ཏཱ་ལའི་བླ་མའི་མཚན་སྙན།། དྲག་སྤྱོད་དག་ཀྱང་གླེང་གི།
ཆོས་སྲིད་ཕྱོགས་འཐེན་ཆེ་བའི།། འཇིགས་རུང་གཡུལ་ངོ་དག་ན།།
འཚེ་མེད་ཞི་བདེའི་ལྷ་སྲས།། གངས་ཅན་བོད་ཀྱི་སྐྱབས་མགོན།།
རིས་མེད་མི་མང་རྣམས་ཀྱིས།། ངོ་མཚར་གློག་ལམ་བརྒྱུད་ནས།།
འཛམ་གླིང་དབུ་ཁྲིད་གཙོ་བོར།། ལེགས་བདམས་ང་ཚོའི་བླ་མ།།
ཁྱེད་ཀྱི་ཡ་མཚན་མཛད་བཟང་།། ས་གཞིའི་རྒྱན་དུ་རྟོགས་ནས།།
གླིང་འདིའི་དགའ་དད་གཟེངས་རྟགས།། བརྒྱ་ཕྲག་གྲངས་ལས་བརྒལ་སོང་།།
སྐྱེ་འགྲོའི་གཞི་རྩའི་བདེ་སྡུག། དངོས་དོན་སྲང་ལ་གཞལ་ནས།།
ཀུན་སྙོམས་གནམ་གྱི་ཚངས་ཐིག། འཕེན་མཁས་དུས་མཐའི་སྐྱབས་མགོན།།
མི་མཐུན་ཆོས་ལུགས་བར་ལ།། མཐུན་ལམ་གསེར་ཟམ་འཕངས་ནས།།
ཞི་བདེའི་འཇུག་ངོགས་ཡངས་པོ།། ཕྱེ་བ་བཀའ་དྲིན་ཆེ་སོང་།།
བོད་ཀྱི་ཆོས་སྲིད་མེ་རོ།། རྒྱ་གར་ཡུལ་ནས་གསོས་ཏེ།།
གངས་རིའི་ཚེ་སྲོག་ཕྲ་མོར།། སྲོག་གི་སྐྱབས་སྦྱིན་གནང་སོང་།།
མནོག་ཆུང་ཁྱིམ་བྱ་ལའང་།། དཀའ་ཁག་ཆེ་ཚུལ་བསམས་ན།།
ཁྱེད་ཀྱི་མཛད་པ་འཕྲིན་ལས།། པྱིས་བློར་ཤོང་ཐབས་མི་འདུག།
མ་བརྟགས་རང་དགར་བསམས་ན།། མགོན་ཁྱོད་བོད་ཀྱི་རྒྱལ་བོ།།
རྒྱལ་བོའི་སྐུ་ཚེགས་དྲན་དུས།། མགོན་ཁྱོད་བོད་ཀྱི་བྲན་གཡོག།
བླ་མ་ཐུགས་རྗེ་ཆེན་པོ།། གདུལ་ཞིང་ནམ་མཁའི་དཀྱིལ་འཁོར།
སྐུ་ལ་འདས་འཁྲུངས་མེད་པར།། ནམ་མཁའི་རྒྱན་དུ་བཞུགས་རོགས།།

སྙན་ངག

Post navigation

Previous Post: ངའི་སྙན་ངག་གི་ཀློག་པ་པོ་རེ་ཟུང་ལ།
Next Post: ང་ཡི་རྩ་བའི་བླ་མ།

Comments (7) on “ཞི་བདེའི་བཟང་སྟོན།”

  1. གཅན་བཟོད་རྒྱམ། says:
    2009-12-09 at 1:54 am

    བཀུར་འོས་རྔ་བ་རྒྱལ་ཁམས་པ་ལགས། ངས་ཀྱང་ཁ་སྔོན་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་གཟེངས་རྟགས་བཞེས་ཏེ་མི་ལོ་ཧྲིལ་བོ་ཉི་ཤུ་འཁོར་སྐབས་འདིར། མགོན་པོ་གང་གི་མཛད་འཕྲིན་ལ་བསྔགས་པའི་རྩོམ་ཐུང་འབྲི་བར་སྐུལ་མའི་ཞུ་ཡིག་ཅིག་དྲ་ལམ་འགར་བཞག་པ་ཡིན། དེ་རིང་ཉིད་ཀྱིས་༸གོང་ས་མཆོག་ལ་བསྟོད་པའི་ཚིགས་སུ་བཅད་པའི་རྩོམ་དེ་ལོའི་འདི་ནི་ཁོང་གི་མཛད་བཟང་ལ་བསྟོད་པའི་ད་ལོའི་རྩོམ་ཡིག་དང་པོ་དེ་རེད་འདུག་གཱ འོན་ཀྱང་ཚོས་དུས་ཆད་ནི་དེ་རིང་ཕྱི་དྲོའམ་ཡང་ན་སང་ཉིན་ཐོ་རངས་འགོད་རྒྱུ་བྱས་ཡོད།
    གང་ལྟར་ང་ཚོས་དུས་ཆེན་བཟང་པོ་འདི་སྲུང་བརྩི་བྱ་འོས་བ་ཞིག་རེད།

  2. ཁ་ཕྱོགས་མེད says:
    2009-12-09 at 2:20 am

    རྔ་བ་རྒྱལ་ཁམས་པ་ལགས་ཁྱེད་ཀྱི་ཕུལ་དུ་བྱུང་བའི་སྙན་ངག་གི་སྒྱུ་རྩལ་ལ་ངས་སྔོན་ནས་ཡིད་སྨོན་བྱེད་ཀྱི་ཡོད།་་་་ལོ་ངོ་བཅུ་ཕྲག་གི་གོང་ནས་ངས་ཁྱེད་ཀྱི་སྙན་རྩོམ་གྲངས་མང་ཀློག་མྱོང་ལ་ད་ལམ་ཡང་ཀློག་པ་ཡིན་མོད།
    འོན་ཀྱང་ཤོ་ལོ་ཀ་འདི་་་་་་་་《ནུབ་ཕྱོགས་རྒྱལ་ཁམས་དག་ན།། འཛམ་གླིང་ཞི་བདེ་གླེང་སྐབས།།
    ཏཱ་ལའི་བླ་མའི་མཚན་སྙན།། དྲག་སྤྱོད་དག་ཀྱང་གླེང་གི།》་་་་བློར་ཅུང་མི་བདེ་བ་ཞིག་ཤར་སོང་བས།
    དེའི་དོན་ཇི་ལྟར་གོ་དགོས།་་་་་་་་་་་་སྤྱིར་ཁྱེད་ཀྱི་རྣམ་དཔྱོད་དང་ཤེས་ཡོན་ལ་ངས་རྟག་ཏུ་གུས་ཞབས་བྱེད་ཀྱི་ཡོད།་་་་་་་་་་་་་་་དེ་ནི་ང་ཁྱེད་རང་ལ་རྒྱུས་མདྷངའ་ཡོད་པས་ཡིན།

  3. ཁ་ཕྱོགས་མེད says:
    2009-12-09 at 3:13 am

    ཡང་ངས་བསམ་བློ་ཞིག་བཏང་དུས་དེང་སང་གི་ཁྱེད་ཀྱི་སྙན་ངག་ནི་སྔོན་དུས་སུ་བྲིས་པ་དག་དང་བསྡར་ན་ཁྱད་པར་ཆེན་པོ་ཌྷའདུག་་་་་་་་་་་་སྔོན་གྱི་དུས་སུ་ཁྱེད་ཀྱི་བྲིས་པ་དག་ནི་ཅུང་གོ་དཀའ་བ་ཞིག་ཡིན་རྒྱུ་མཚན་སྲོལ་རྒྱུན་སྙན་ངག་གི་སྒྱུ་རྩལ་ཐབས་ལམ་ཐོག་ཆོས་ཚིག་དང་མངོན་བརྗོད་ཀྱིས་སྤྲས་ཤིང་ཚིག་སྦྱོར་རང་བཞིན་གྱིས་དམ་པ་ཞིག་ཡིན།་་་་་་་སྐབས་དེ་དུས་སུ་ངའི་འདོད་པར་ཁྱེད་ཀྱི་སྙན་ངག་ནི་སྒིས་སྟེང་ཡོངས་འཛིན་སོགས་ཀྱི་འབྲི་ལུགས་དང་ཅུང་འདྲ་བར་བསམ་མོད་འོན་ཀྱང་དེང་སྐབས་བྲིས་པ་དག་གོ་སླ་བས་དེ་བཟང་གི་
    ཡ་ད་དེ་ཙམ་བྱེད་་་་་་་་་་བདེ་མོ།།།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-09 at 5:18 am

    སེམས་ཁོང་ནས་རང་ཉིད་བོད་མི་ཡིན་པ་ཤེས་རན་རེད།

    སྤུན་ཟླ་ཚོ། སེམས་པ་བོད་དུ་ཕྱོགས་ནས། བསམ་བློ་བོད་དུ་ཕྱོགས་ནས། དམིགས་ཡུལ་བོད་དུ་འཁོར་ནས། སྐད་ཆ་བོད་དོན་དུ་བཤད་དེ། རང་གི་ལུས་ངག་ཡིད་གསུམ་འདིའི་འབྱུང་ཁུངས་ལ་མ་ནོར་བའི་ལམ་ཁ་ཞིག་བཙལ་ནས། ཁྲག་དང་མིག་ཆུ། མནར་གཅོད་དང་གདུང་འབོད། མྱ་ངན་དང་གཉོས་བཅོས་ཁྲོད་དུ། ཕྱིར་མིག་གི་བལྟས་དེ་བཞུད་ཟིན་པའི་སྤུན་ཟླ་དག་གི་བསམ་པའི་རེ་བ་དང་། སྒུག་པའི་རྨི་ལམ་དེ་དག་ལ་བསམ་ནས་རྒྱ་ནག་པོའི་སྲིད་གཞུང་ལ་གཏན་ནས་ཡིད་ཆེས་མ་ བྱེད་ཅིག

    ད་ནས་་བཟུང་། འུ་ཅག་གིས་བོད་ནི་བསྐལ་བའི་བར་དུ་བོད་ལ་དབང་བ་ལས་རྒྱའི་སྲིད་གཞུང་ལ་མི་དབང་ བའི་བདེན་པ་དེ་དག་ར་སྤྲོད་བྱེད་རྒྱུའི་ལས་སུ་འབད་རོགས་ཞུ། ས་མཐའ་གང་ཞིག་ཡོད་ཀྱང་ཆོག ལས་གནས་གང་ཞིག་དུ་ཡོད་ཀྱང་འགྲིག ང་བོད་ཡིན། ངས་བོད་པའི་བདེན་དོན་ཆེད་དུ་འགན་ཞིག་ལེན་དགོས། ང་རང་ལ་རང་གི་ཕ་ཡུལ་གྱི་བདེ་སྡུག་སྲུང་བའི་འགན་ཡོད། ང་རང་ལ་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་། རང་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་སྙམ་ནས། སྡུག་ན་སྡུག་རོགས། གསོན་ན་གསོན་རོགས། འཆི་ན་འཆི་རོགས་ཟེར་ནས་བློ་གཅིག་སེམས་གཅིག་གི་ལས་འགུལ་སྤེལ་མ་ཐུབ་ཀྱང་། བློ་གཅིག་སེམས་གཅིག་གིས་རང་ཉིད་བོད་ཡིན་པ་བརྗེད་མི་རུང་ལ། རང་ཉིད་བོད་ཀྱི་མགྲིན་ཚབ་པ་ཞིག་དང་། རང་ཉིད་ལ་ཡང་བོད་ཀྱི་ལུས་ཤིག་ཡོད་པ་སེམས་ཁོང་རུས་པའི་གཏིང་ནས་དྲན་ཐུབ་དགོས་ ཀྱི་འདུག

    དེ་ལྟར་དྲན་ནས་རྒྱའི་ སྲིད་གཞུང་གི་རྒྱུགས་ཁྱི་བོད་རྒྱ་སུ་ཡིན་ཡང་། བོད་མི་རིགས་ཀྱི་དགྲ་བོ་དངོས་ཀྱི་དང་མར་བཟུང་དེ། དེའི་རིགས་ལ་འབྲེལ་ལམ་གཅོད་པ་དང་། མི་ངན་དེ་དག་གི་ལག་འོག་གི་རྩེད་ཆས་སུ་མི་གྱུར་བའི་ཐབས་ཤེས་གང་ཡོད་ཅིག་རང་ གི་ཉེ་འབྲེལ་དང་ངོ་ཤེས། གཞན་མི་སོགས་བརྒྱུད་དེ། མི་གཅིག་གི་སྲོག་ཡིན་ཡང་། ལྟས་ངན་མི་སེམས་མེད་པའི་གདོན་འདྲེ་དེ་དག་གི་ངན་ཇུས་འོག་དུ་མི་འགྲོ་བའི་ལམ་ ཁ་འཚོལ་བ་དང་ཞོར་དུ། རང་ས་ནས་རང་ཉིད་འཚོ་བའི་ཐབས་ལམ་བཙལ་ནས། རང་མི་ལ་རང་གིས་སྲོག་ལས་ཀྱང་། ཡིད་ཆེས་དང་བརྩེ་ཞེན་བྱེད་རྒྱུར་ཐག་ཇེ་ཉེར་གཏོང་རོགས་ཞུ།

    ད་ལྟའི་འཆར་འུ་ཅག་ལ་ བརྡ་འཕྲིན་གྱི་རྒྱུད་ལམ་མི་ཉུང་བ་ཞིག་ཡོད་པ་འདི་དམ་འཛིན་བྱས་དེ། བོད་མི་སྲུང་སྐྱོབས་ཀྱི་ཐབས་ཤེས་གང་ཡོད་པ་དག མི་ཁ་ནས་གཏམ་ཁ། འཕྲིན་ལམ་ནས་དྲ་ལམ། གློག་ལམ་ནས་ཁ་པར་གྱི་ལམ། བརྒྱུད་ལམ་གང་ན་ཡོད་ན་དེ་ནས་དུས་ཚོད་དམ་འཛིན་བྱེད་པའི་དུས་ཡིན་པ་ལས། རྒྱའི་སྲིད་གཞུང་གི་འདོད་ཐོག་ལ་འགྲོ་རུ་འཇུག་པའི་དུས་ཤིག་གཏན་ནས་མིན། བོད་མི་གཅིག་གི་ཚེ་སྲོག་ནི་བོད་ལ་མཚོན་ན་ཆེས་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་ པ་ཤེས་སུ་འཇུག་དགོས་པ་དང་རང་ཉིད་ཀྱིས་ཀྱང་དེ་ལྟར་དྲན་ནས། ཤི་བ་ལས་གསོན་ན་ཐབས་ལམ་མང་བ་ངེས་སུ་འཛམ་གླིང་མི་མང་ལ་བདེན་དབུང་བྱེད་པ་དང་། གཞན་ལས་རང་གི་བྱེད་ཐུབ་པའི་ནུས་པ་དེ་དག་སྟོན་རན་རེད།

    དྲ་ཐོག་ལ་འཇོག་རོགས་ཞུ། སྤུན་ཟླ་སུ་ཡིན་ཡང་འགྲིག

  5. ཁ་ཕྱོགས་མེད says:
    2009-12-09 at 9:06 am

    མགོན་བྱམས་བརྩེའི་བདག་ཉིད་ཅན་ཁྱོད།།
    གླིང་འདི་ཡི་རྒྱན་དུ་མཛེས་པ།།
    ང་མགོ་ནག་བོད་ཀྱི་བསོད་ནམས།།

    གསང་གསུམ་གྱི་ཡོན་ཏན་མ་ལུས།།
    ཚིག་སྙན་མོའི་ལམ་ལ་ཞུགས་ནས།།
    དུས་རྟག་ཏུ་བརྗོད་ཀྱང་འཛད་མེད།།

    བོད་ཁ་བའི་ལས་དབང་སྐྱོ་རུང།།
    མགོན་བླ་མ་དམ་པ་བཞུགས་པས།།
    ཡིད་བསམ་བློའི་གཏིང་ནས་དགའ་བྱུང།།

    ས་ཕྱོགས་བཞི་གང་དུ་ཉུལ་ཡང།།
    རྗེ་ཉིད་ཀྱི་བྱིན་རྦབས་ཟེར་གྱིས།།
    བུ་ང་ཚོར་མདུན་ལམ་སྟེར་བྱུང།།

    དྲན་ཕ་མར་གསོན་བྲལ་བྱས་ཀྱང།།
    མགྷགོན་སྐྱབས་མཆོག་ཛྷཁྱེད་རང་རྙེད་པ།།
    བུ་ང་ཡིས་བསོད་ནམས་བསགས་འདུག།

    དུས་བསྐལ་བ་གང་དུ་སླེབས་ཀྱང།།
    རྗེ་བདག་ཉིད་ཆེན་པོ་ཁྱེད་རང།།
    བོད་ཁ་བའི་མགྷགོན་དུ་བཞུགས་རོགས།།

  6. ཁ་ཕྱོགས་མེད says:
    2009-12-09 at 9:09 am

    མགོན་བྱམས་བརྩེའི་བདག་ཉིད་ཅན་ཁྱོད།།
    གླིང་འདི་ཡི་རྒྱན་དུ་མཛེས་པ།།
    ང་མགོ་ནག་བོད་ཀྱི་བསོད་ནམས།།

    གསང་གསུམ་གྱི་ཡོན་ཏན་མ་ལུས།།
    ཚིག་སྙན་མོའི་ལམ་ལ་ཞུགས་ནས།།
    དུས་རྟག་ཏུ་བརྗོད་ཀྱང་འཛད་མེད།།

    བོད་ཁ་བའི་ལས་དབང་སྐྱོ་རུང།།
    མགོན་བླ་མ་དམ་པ་བཞུགས་པས།།
    ཡིད་བསམ་བློའི་གཏིང་ནས་དགའ་བྱུང།།

    ས་ཕྱོགས་བཞི་གང་དུ་ཉུལ་ཡང།།
    རྗེ་ཉིད་ཀྱི་བྱིན་རྦབས་ཟེར་གྱིས།།
    བུ་ང་ཚོར་མདུན་ལམ་སྟེར་བྱུང།།

    དྲིན་ཕ་མར་གསོན་བྲལ་བྱས་ཀྱང།།
    མགྷགོན་སྐྱབས་མཆོག་ཛྷཁྱེད་རང་རྙེད་པ།།
    བུ་ང་ཡིས་བསོད་ནམས་བསགས་འདུག།

    དུས་བསྐལ་བ་གང་དུ་སླེབས་ཀྱང།།
    རྗེ་བདག་ཉིད་ཆེན་པོ་ཁྱེད་རང།།
    བོད་ཁ་བའི་མགྷགོན་དུ་བཞུགས་རོགས།།

  7. ཁ་ཕྱོགས་མེད says:
    2009-12-09 at 10:52 pm

    བྱིན་རླབས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme