Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝི་སི་ཀོན་སིན་མངའ་སྡེར་དཔའ་བོའི་མཛད་རྗེས་རྗེས་དྲན།

Posted on 2011-02-20 By གཡང་འབུམ་རྒྱལ་ No Comments on ཝི་སི་ཀོན་སིན་མངའ་སྡེར་དཔའ་བོའི་མཛད་རྗེས་རྗེས་དྲན།

སྲས་འཇིགས་མེད་ནོར་བུ་ལགས་ནི་སྐུ་གཅེན་པོ་ལྟག་མཚེར་རིན་པོ་ཆེ་མཆོག་དང་ཀུན་དབྱངས་ནོར་བུ་རྣམ་གཉིས་ཀྱི་སྲས་ཆུང་བ་ཡིན་ཞིང་། ཁོང་གིས་བོད་རང་བཙན་དང་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་གཅེས་པའི་ཚེ་སྲོག་བློས་གཏོང་གིས་སྐུ་ཚེའི་འཕེན་པ་རྫོགས་པ་ནི་བོད་མི་གཙོས་པའི་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཚོར་མཚོན་ན་གོད་ཆགས་ཆེན་པོ་ཞིག་དང་བློ་ཕམ་གྱི་གནས་ཤིག་ཡིན། ཁོང་ནི་ཡབ་དམ་པ་ལྟག་མཚེར་རིན་པོ་ཆེ་མཆོག་གི་དགོངས་གཞི་རྒྱུན་འཁྱོངས་གནང་མཁན་དང་བོད་ཞེན་ཆེ་བའི་རང་བཙན་འཐབ་རྩོད་པ་ཞིག་ཡིན་པས། ཁོང་གིས་ད་བར་ཨིན་ཌི་ཡ་ན་པོ་ལི་སི་ནས་ཊོ་རོན་ཊོ་དང་ཐེ་ཝན་ཐེ་པེ་ནས་ཀོ་ཞུང་། ཕི་ལ་ཌི་ཕི་ཡ་ནས་ཝ་ཤིན་ཊོན་ཌི་སི་བར་སོགས་ཁྱོན་བསྡོམས་བོད་དོན་ཞི་བའི་གོམ་བགྲོད་དངརྐང་འཁོར་བཞོན་སྐྱོད་ཐེངས་གྲངས་ ༢༡ གནང་ཡོད་ཅིང་མེ་ལི་བརྒྱད་སྟོང་ལྷག་བསྐྱོད་ཡོད་པ་རེད།

dsc006631

ཨིན་ཌི་ཡ་ན་པོ་ལི་སི་ནས་སྨི་ནི་སོ་ཊ་བར་ཞི་བའི་གོམ་བགྲོད་གནང་སྐབས

dsc00625

རི་དྭགས་ཚལ་དགོན་པར་གདུང་སེམས་མཉམ་སྐྱེད་སྣེ་ལེན

ཕྱི་ལོ་ ༢༠༡༠ ཡི་དབྱར་ཁ་ཚ་བའི་ནང་ཁོང་གིས་ཨིན་ཌི་ཡ་ན་པོ་ལི་སི་ནས་སྨི་ནི་སོ་ཊ་བར་ཞི་བའི་གོམ་བགྲོད་གནང་སྐབས་ཝི་སི་ཀོན་སིན་མངའ་སྡེ་མལ་ཌི་སིན་གྲོང་ཁྱེར་བརྒྱུད་ཕེབས་ཤིང་། མལ་ཌི་སིན་གནས་འཁོད་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཀྱིས་ཉིན་ཤས་རིང་ཁོང་དང་ལྷན་དུ་ཞི་བའི་གོམ་བགྲོད་མཉམ་སྐྱོད་བྱ་རྒྱུའི་སྐལ་བ་བྱུང་ཞིང་ཁོང་གི་བོད་དོན་ཐོག་བཅངས་པའི་འཇིགས་པ་མེད་པའི་སྙིང་སྟོབས་དང་ནོར་བུ་དགའ་འཁྱིལ་ལྟར་བོད་མི་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཤེས་རྟོགས་བྱེད་པའི་གོ་སྐབས་བྱུང་ཡོད།

འདི་ཟླའི་ཚེས་ ༡༩ རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་དང་ཁོང་གི་རླབས་ཆེན་མཛད་རྗེས་རྣམས་རྗེས་དྲན་བྱེད་ཆེད། ཝི་སི་ཀོན་སིན་བོད་མི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་རི་དྭགས་ཚལ་དགོན་པའི་དགེ་འདུན་པའི་གཙོས་པའི་སེར་སྐྱ་མི་དམངས་རྣམས་རི་དྭགས་ཚལ་དགོན་པར་འདུ་འཛོམས་ཀྱིས་སྨོན་ལམ་འདོན་སྒྲོག་དང་མ་ནི་གསོག་སྒྲུབ་བྱས་ཤིང་། ཕྱི་ཚེས་ ༢༠ རེས་གཟའ་ཉི་མའི་དགོང་དྲོའི་ཆུ་ཚོད་ ༦ ཐོག་ས་གནས་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་ཚོས་སླར་ཡང་ཝི་སི་ཀོན་སིན་གཙུག་ལག་སློབ་གྲྭ་ཆེན་མོའི་དཔེ་མཛོད་མདུན་ཐང་དུ་དམ་པ་ཁོང་གི་ཆེད་མར་མེ་ཁྲོམ་སྐོར་ཞིག་གནང་འཆར་ཡོད་མོད། ཆར་ཞོད་དང་ཁ་བའི་རྐྱེན་པས་ཕྱིར་འཐེན་བྱེད་དགོས་འཁེལ་འདུག

jigmela-prayer-service-02_19_11_46

jigmela-prayer-service-02_19_11_32

jigmela-prayer-service-02_19_11_6

རི་དྭགས་ཚལ་དགོན་པར་སེར་སྐྱ་མི་དམངས་ཀྱིས་སྨོན་ལམ་མ་ནི་གསོག་སྒྲུབ། པར་པ་ཤེས་རབ་རྒྱལ་མཚན།

ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།

གསར་འགྱུར།

Post navigation

Previous Post: ཝི་སི་ཀོན་སིན་མངའ་སྡེར་དཔའ་བོའི་མཛད་རྗེས་རྗེས་དྲན།
Next Post: གཉིད་ལས་སད་རྗེས་བྲིས་པའི་ཟིན་ཐོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme