Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ད་དུང་མྱི་གསོན་པོ་ཡིན།

Posted on 2008-08-25 By དགེ་རབ་ 22 Comments on ང་ད་དུང་མྱི་གསོན་པོ་ཡིན།

གཡུ་ཚང་ལྷ་མོ་དོན་གྲུབ། ཨ་རི།
མཁྱེན་ལྡན་དྲ་གྲོགས་རྣམ་པ་ལགས།
ཐེངས་འདིར་ཡང་ངས་ཐོག་མར་མ་བསམ་ས་ནས་ཁ་བརྡ་ལ་དགོངས་སེལ་ཞུ་དགོས་བྱུང་སོང་། རྒྱུ་མཚན་ནི་རྒད་པོ་ངས་འཆི་ཁར་ཁ་ཆེམས་ལྟ་བུའི་ཁ་བརྡ་ཐུང་ཐུང་ཞིག་བྱས་པའི་རྗེས་ནས་ཁ་བརྡ་དྲ་ཐོག་ཏུ་ཉོག་བཤད་བྱེད་མཁན་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་ནས་དྲ་ངོས་ཀྱི་ཁོར་ཡུག་ལ་བརྡབ་གསིག་ཚོད་མེད་འཐེབས་སོང་པས་ཡིན། ངོ་མ་བཤད་ན་ངས་རང་གི་བསམ་ཚུལ་ཞིག་གམ། དྲན་ཕྱོགས་ཤིག་གམ། རྨོངས་འཆར་ཞིག་ལྷག་བསམ་ཟོལ་མེད་དང་དྲང་པོ་དྲང་བཞག་གིས་རང་ཉིད་ལྟར་འཆི་ལ་ཉེ་བའི་བོད་མི་རིགས་ཀྱི་རྩ་དོན་ལ་བསམ་ནས་འདིར་ཀུན་པོའི་སྤྱན་ལམ་དུ་བསྟར་བ་ཡིན་ཏེ། དྲ་གྲོགས་འགས་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་དང་རྒྱ་གར་གྱི་གཱན་དྷི། འབར་མའི་ཨན་སང་སོ་སྐྱིད། ཨ་ཧྥུ་རི་ཁའི་ནེལ་སོན་མན་ད་ལཱ་སོགས་ཀྱི་གནས་སྟངས་མི་འདྲ་བས། བོད་ཀྱི་དབུ་འཁྲིད་ཁོང་བོད་མི་དམངས་དང་མཉམ་དུ་ཕེབས་ནས་བོད་དོན་འཐབ་རྩོད་བྱེད་པ་ཡོང་ཐབས་མེད་པའི་སྐོར་གྱི་ལྟ་ཚུལ་ཞིག་བརྗོད་པ་མ་གཏོགས། གཞན་མང་པོ་ཞིག་གིས་སུ་ཞིག་འཇིགས་སྐུལ་རིང་ལུགས་པ་ཡིན་པ་དང་། སུ་ཞིག་གི་མིང་ཚིག་གུང་ཁྲན་ཏང་གི་མིང་ཚིག་ཡིན་པ། སུ་ཞིག་སོ་བ་ཡིན་པ་སོགས་ཀྱི་འབྲེལ་མེད་དོན་གཞན་རྐྱང་གླེང་ནས། ང་ཚོར་སྔར་ནས་ཡོད་པའི་མྱི་མ་ཤི་གོང་ལ་མིག་རིལ་འབྲུ་བའི་ངན་རྟགས་ད་དུང་ཡང་ཐོན་ཡོང་པས། ྐློག་པ་པོ་ཡོངས་དང་ཁ་བརྡའི་བདག་པོ་ཚོར་ཉོབ་སྣང་ཚད་མེད་སྐྱེས་ཡོད་ངེས་རེད་ལ། ཁོང་ཚོའི་ངན་རྟགས་འདི་ལས་ང་ཚོས་སྔར་བོད་མི་བསམ་མེད་དག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཅས་ལ་མ་ཉེས་ཁག་གཡོགས་བྱས་པའི་རླུང་ནག་འཚུབ་མའི་འཁོར་སྟངས་དེ་གསལ་ལྷང་ངེར་མཐོང་ཐུབ་པ་མ་ཡིན་ནམ།
འདིར་རྒད་པོ་ང་ལ་ཆེས་མཐའ་མཇུག་གི་ཚིག་ཅིག་ཞུ་རྒྱུ་ཡོད་པ་ནི་གལ་སྲིད་ཁྱེད་ཅག་གིས་གཡུ་ཚང་ཚང་ལ་གླེང་འདེབས་པར་རྩོམ་པ་ཡིན་ཚེ། ང་ད་དུང་མྱི་གསོན་པོ་ཡིན། ངས་རང་གི་རིག་པའི་སྣ་ཐག་དམ་པོར་བསྡམས་ཡོད་ལ། གལ་སྲིད་ཁྱོད་ཚོས་བོད་མི་རིགས་དང་རྒྱལ་བ་རིན་པོ་ཆེ་ལ་ཤ་ཚ་བ་ཡིན་ཟེར་ན། ཁྱོད་ཚོའི་བཤད་སྟངས་འདི་ནི་མི་སེར་ཕལ་བ་ཚོས་ཕན་ཚུན་ལ་སྡིགས་རེ་བྱེད་སྟངས་ལས། མྱི་རིག་པ་ཅན་གྱི་ཤ་ཚ་སྟངས་མ་རེད། བོད་མི་རིགས་ཀྱི་རྩ་དོན་ནི་རྒྱལ་བ་རིན་པོ་ཆེ་གཅིག་པུའམ། བཀའ་ཁྲིའམ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཁོ་ནས་བསྒྲུབ་དགོས་པའམ་ཐག་གིས་གཅོད་དགོས་པ་མིན་པར། བོད་མི་རེ་རེར་བོད་ཀྱི་རྩ་དོན་བསྒྲུབ་ཕྱོགས་དང་ཐག་གཅོད་བྱེད་སྟངས་ཐད་འགན་རེ་ཡོད་པས། ཁྱོད་ཚོས་ཀྱང་ལམ་སང་སྡིགས་རེ་མི་བྱེད་པར། བོད་དོན་ཐད་ཀྱི་རང་གི་ལྟ་སྟངས་དང་བསམ་ཚུལ། ཐག་གཅོད་བཅས་གུ་ཡངས་པོའི་སྒོ་ནས་སྤེལ་གནང་ཡོང་བ་དང་། རྒད་པོ་ངའི་ཁ་ཆེམས་ཐོག་ལའང་དེ་བཞིན་བསམ་ཚུལ་སྤེལ་གནང་ཡོང་བ་མཁྱེན་ཟེར་འདི་ལགས་སོ།།

རྩོམ་རིག

Post navigation

Previous Post: བཤད་འདོད་པའི་སྐད་ཆ་འདི་ཡིན།༼སློབ་བུ་ཆོས་འབྱོར་ལ་བྲིས་པ།༽
Next Post: སྲིད་དབང་སྒེར་འཛིན་ལམ་ལུགས་ནས་མང་གཙོའི་ལམ་ལུགས་བར།

Comments (22) on “ང་ད་དུང་མྱི་གསོན་པོ་ཡིན།”

  1. སྟག་སྨྱོན། says:
    2008-08-25 at 1:15 pm

    ང་ཚོས་༧རྒྱལ་བ་རིན་པོའི་ཆེའི་སྒང་ལ་གནོན་ཤུགས་རྐྱང་སྤྲད་ནས་མ་བསྡད་པར། ང་ཚོའི་རང་གི་མངོན་འདོད་དང་ཐབས་ལམ་གང་ཡིན་པ་མང་མོས་ཐག་གཅོད་བྱས་རྗེས། བོད་མི་རིགས་ཀྱི་མངོན་འདོད་དང་ཐབས་ལམ་འདི་ཡིན། དེའི་ཐོག་ལ་རྒྱལ་བ་རིན་པོ་ཆེའང་མཉམ་ཕེབས་དང་མགོན་སྐྱབས་གནང་རོགས་ཞེས་ཞུ་དགོས་སྙམ། བོད་རྒྱལ་ཁབ་ཀྱི་སྣེ་ཁྲིད་པ་བོད་མི་རང་བྱེད་དགོས་པ་ལས། རང་ཉིད་ཀྱིས་ནུས་པ་དང་བསམ་ཚུལ་གང་ཡང་འདོན་མི་ཐུབ་པར། རང་ཉིད་ཕྱི་རྒྱལ་གྱི་ཆབ་སྲིད་མཉམ་ཞིབ་པ་ཞིག་དང་འདྲ་བར་༧གོང་ས་མཆོག་གི་སྐོར་ལ་བསམ་ཚུལ་རྐྱང་བཏོན་ནས་བསྡད་ན་ནོར་འཁྲུལ་རེད། དྲག་པོའི་ཐབས་ལམ་ལ་ནམ་ཡང་རྒྱབ་སྐྱོར་གནང་མི་སྲིད་པ་ལས། དེ་མིན་བོད་མི་ཚོས་མཐའ་གཅིག་དུ་བོད་རང་བཙན་ཁོ་ན་རྩོད་ཀྱི་ཡིན་ཞེས་ཐག་བཅད་ན་ཁོང་གིས་དེ་འགྲིག་གི་མ་རེད། དེ་འདྲ་ཡིན་ན་ང་རྒན་ཡོལ་ལ་ཕེབས་རྒྱུ། ངས་རོགས་པ་ཡང་གནང་མི་ཐུབ་གསུངས་མི་སྲིད།
    རྒྱལ་བ་རིན་པོས་གང་གནང་བ་དེ་ཡག་ཤོས་དང་དེ་ལས་ལྷག་ཡོད་པ་མ་རེད་ཟེར་བ་ནི་རྨོངས་དད་ཀྱི་སྲིད་དོན་འཐབ་རྩོད་ཅིག་ཡིན་པས་ནོར་འཁྲུལ་ཆེ། བོད་མི་ཚོས་རང་གི་རེ་བ་ཐད་ཀར་རྒྱལ་བ་རིན་པོ་དང་རྒྱ་ནག་གཉིས་ཀར་བཤོད་ཐུང་ཀྱི་མི་འདུག་སྙམ། བོད་མི་ཚོས་རང་གི་ཐོབ་ཐང་༧རྒྱལ་རིན་པོ་ཆེ་བརྒྱུད་ནས་མ་གཏོགས་ཐད་ཀར་རྒྱ་ནག་ལ་རྩོད་ཐུབ་ཀྱི་མེད་པ་དེ་ནོར་འདུག་སྙམ། གཙོ་བོ་བོད་ནང་ན་པཎ་ཆེན་རིན་པོ་ཆེ་དང་འདྲ་བའི་བོད་མའི་དབུ་ཁྲིད་དཔའ་བོ་མེད་པའི་ཕམ་ཁ་ཆེན་པོ་ཕོག་ཡོད། མདོ་དོན་བོད་ནང་གི་དབུ་ཁྲིད་དང་ཤེས་ཡོན་པ་ཚོས་མི་རིགས་ཀྱི་དོན་དུ་གཏོང་ཕོད་ཆུང་དྲགས་འདུག་སྙམ།
    བོད་ནང་གི་གྲ་བཙུན་དང་ཤེས་ཡོན་མེད་པའི་བོད་མི་མང་ཚོགས་ཀྱིས་སྲོག་བཏང་ནས་བོད་དོན་རྩོད་ཀྱི་ཡོད་ཀྱང་། དེ་ལ་ལན་བརྒྱག་མཁན་ནི་དམག་མི་གཅིག་པོ་ལས་ཡོང་གི་མེད་སྟབས་ཡང་ནས་བསྐྱར་དུ་ཕམ་འགྲོ་གི་ཡོད་པ་མཐོང་གསལ་རེད།
    མདོ་དོན་བོད་ནང་གི་དབུ་ཁྲིད་དང་ཤེས་ཡོན་ཅན་ཕལ་ཆེ་བས་རྒྱ་གཞུང་ལ་བསྟུན་མཁས་བྱས་ནས་ཁུ་སིམ་སིམ་དུ་བསྡོད་པ་དང་། ཕྱིའི་བོད་མི་ཚོས་རྒྱལ་རིན་པོ་ཆེ་གཅིག་པོ་ལ་གནོན་ཤུགས་སྤྲད་ནས་བོད་རང་བཙན་ལོངས་ཤོག་ཟེར་ནས་སླ་བཅོས་ཁོ་ན་བྱེད་ཀྱི་འདུག བོད་པ་ཚོས་གོང་ས་མཆོག་ལ་ང་ཚོས་ད་བར་དུ་ཁྱེད་ལ་དད་པ་དང་རེ་བ་ཆ་ཚང་བྱས་པ་ཡིན། ཁྱེད་ལ་རྫུ་འཕྲུལ་དང་མངོན་ཤེས་སོགས་ཡོད་བསམ་ཡོད། འོན་ཀྱང་ཁྱེད་ཀྱིས་བོད་རང་བཙན་ད་དུང་ཡང་ལོན་མ་ཐུབ་པ་ཅི་རེད། ཁྱེད་བླ་མ་ཡིན་ས་མ་རེད་ད། མངོན་ཤེས་དང་རྫུ་འཕྲུལ་གྱང་རྫུན་མ་ཡིན་ས་རེད་ད་ཞེས་ཁོང་ལ་གནོན་ཤུགས་སྤྲོད་པ་ནི་བྱིས་པ་གླེན་པ་ཚོས་ལེ་བརྡ་བྱེད་སྟངས་ཙམ་རེད།
    བོད་མི་རིགས་ལ་སྟོབས་ཤུགས་ཇི་ཙམ་ཆེ་ན་རྒྱལ་བ་རིན་པོ་ཆེས་བོད་དོན་ཐོག་རྫུ་འཕྲུལ་དེ་ཙམ་སྟོན་ཐུབ་པ་དང་། བོད་མི་རིགས་ནུས་མེད་ཀྱི་ཤི་བོ་ལྟ་བུར་གྱུར་ན་༧རྒྱལ་རིན་པོ་ཆེ་ལ་རྫུ་འཕྲུལ་སྟོན་རྒྱུ་མེད་པ་ཆགས་ངེས་རེད།

  2. སེམས་ཆུང་། says:
    2008-08-25 at 2:53 pm

    གཡུ་ཚང་ལྷ་མོ་དོན་གྲུབ་ལགས།

    ཁྱེད་སྔོན་ལ་ངོ་རྒོལ་བྱེད་པར་ཕེབས། སྲོག་བློས་བཏང་། རྒྱ་དང་འཐབ། གཞི་ནས་རྒྱལ་དབང་མཆོག་ལ་མང་ཚོགས་ཀྱི་འགོ་ཁྲིད་རོགས་ཟེར་ན་འགྲིགས་མོད། དེ་ལྟར་མ་ཡིན་པར། ཁྱེད་གློག་ཀླད་ཀྱི་ཐེབས་གཞོང་གཅིག་ནི་སྒང་ནས་ཁ་རྒྱག་པ་བཤད། གཞན་གྱི་མིང་བེད་སྤྱོད་བཏང་། ངོ་བརྫུན་མ་བཟོས། མདོར་ན་རང་གི་རྣམ་པ་ཚང་མ་སྦེད། གཞན་གྱི་སྐྱོན་ཐེར་འདོན་བྱས་པ་འདིས་ང་རང་ཁྱེད་ལ་གུས་ཞབས་ཚང་མ་བརླགས་སོང་། ཁྱེད་རང་ཉིད་ཀྱི་མིང་ཙམ་གསལ་པོ་བརྗོད་པའི་དཔའ་མེད་མཁན་ཞིག་གིས། རྒྱལ་དབང་མཆོག་རྒྱའི་མདུན་ལ་འདོན་ནས་ངོ་རྒོལ་བྱེད་ཟེར་ཤོད་སྐབས། ངོ་མ་ཤོད་མ་ཤེས་པའི་འཚོར་སྣང་སྐྱུར་མོ་ཞིག་ཡོང་གིས། ཆོས་པ་ཚོས་ལྷུན་གྲུབ་སྨྲ་བསམ་ཤིན་དུ་བརྗོད་ལས་འདས་ཟེར་བ་འདིའི་འཚོར་བ་ངོ་མ་ཁྱེད་ཀྱིས་བསྟེར་བྱུང་། མཚམས་རེ་དེ་བསམ་སྐབས་བགོད་ཤོར་ནས་འཁྲིག་པའི་མཚམས་ལ་མཇེ་ཡང་ཞོམས་ནས་བཟའ་ཟླར་དགོངས་དག་ཞུ་དགོས་ཀྱི མཚམས་རེ་དེ་དྲན་ནས་ད་མི་གཡུ་ཚང་ལྟ་བུས་ཁ་བརྡའི་མགོ་འཁྲིད་ནས་ཤེས་ཡོན་ཅན་གྱི་གླེངས་བསྟེགས་བཟུང་ཞིག་འདུག་ན་བོད་འདིར་རེ་བ་ཅི་མཆིས་བསམས་ནས་ངུ་ཡང་བྲོ་གི 

    ད་སྐུ་མཁྱེན་བགོད་བྲོའི་གཏམ་དང་སྙན་ངག་འདྲ་བྲིས་ན་ལས། ཁྱེད་ཀྱི་བསམ་ཚུལ་རྩ་བ་ནས་མ་སྤེལ་ན་བཟང་། རྩ་བ་ནས་ཀློག་འདོད་མིན་འདུག་གཡུ་ཚང་ལགས། 

  3. འབིག says:
    2008-08-25 at 4:42 pm

    དྲ་གྲོགས་སེམས་ཆུང་ལགས། གཡུ་ཚང་གིས་བསམ་ཚུལ་ཙམ་བཏོན་པར་ཁྱེད་དེ་འདྲའི་སྐུ་རླུང་བཞེངས་དགོས་དོན་གང་ཡིན་ནམ། ཁྱེད་རང་གི་གསུང་གནང་སྟངས་དེ་རྒྱ་ནག་གཞུང་གི་སྐད་ཆ་བཤད་སྟངས་ལྟར་བཙན་དྲག་ན་ཆོ་ཡོད་པ་མ་རེད། དེ་ལས་གནས་ལུགས་རྒྱུ་མཚན་གསུང་ན་རང་ལ་བཤད་རྒྱུ་དང་གཞན་ལ་གོ་རྒྱུ་གཉིས་ཀ་ཡོད་པ་རེད།

  4. ལྕགས་རྒྱ་འགྲམ་ནག says:
    2008-08-25 at 8:26 pm

    གྲོགས་པོ་ཞིག་གིས་རྡ་རམ་ས་ལར་ཁ་པར་བཏང་ནས་བརྗོད་གསལ་ལ། བཞུགས་སྒར་དུ་རྒྱལ་དབང་ཚང་ཟས་བཅད་ངོ་རྒོལ་ལ་བཞུགས་རྒྱུ་ཡིན་པའི་སྐད་ཆ་ཞིག་ཁྱབ་ཀྱི་ཡོད་ཚུལ་བཤད་སོང་། དེ་ནི་དཀྲོགས་གཏམ་ཡིན་ངེས། རྒྱུ་མཚན་ནི་ཉེ་ཆར་ཁོང་གིས་ཆབ་སྲིད་ཀྱི་ཐོག་ནས་ཅི་ཞིག་བྱེད་དགོས་མིན་ད་རེས་སྤྱི་འཐུས་འཚོགས་འདུའི་ཐོག་ནས་གྲོས་བྱེད་རྒྱུ་ཡིན་ཞེས་གསུངས་སོང་། དེ་འདྲ་ཨེ་རེད་རྡ་སའི་དྲ་གྲོགས་ཚོ།

  5. གཡུ་ཚང་ལྷ་མོ་དོན་གྲུབ། says:
    2008-08-25 at 10:32 pm

    དྲ་གྲོགས་སྟག་སྨྱོན་ལགས།
    ཁྱེད་ཀྱིས་བསམ་ཚུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོ་མ་ཁྱེད་ཀྱིས་བཤད་པ་ལའང་རྒྱུ་མཚན་འདུག མུ་མཐུད་ནས་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ། སེམས་ཆུང་ཟེར་བའི་མི་འདི་འདྲར་ངོ་མ་སུན་ནི་ཞིག་རེད།

  6. ཀུན་གསལ says:
    2008-08-26 at 2:20 am

    ངའི་སྙིང་ཉེ་གཡུ་ཚང་ཁྱོད་ཇེ་འཇམ་ལ་སོང་ཡོད་པའི་སྣང་བ་ཞིག་བྱུང་བས་སྐྱོ་སྣང་ཞིག་སྐྱེས་སོང།
    འདི་ན་ཁྱེད་ལ་རྒྱབ་སྐྱོར་གྱི་ཁ་བརྡ་འགའ་ཡོད།
    ༡ མིང་དང་ལོ་ཚོད་སྡོད་གནས་སོགས་བཤད་མི་ཉན། འདི་ཚོས་མིག་རིལ་འབྲུ་ན་ཐང་གི
    ༢ ཁྱེད་ནས་ཏང་ཚིག་འགའ་པེད་སྤྱོད་བྱས་པ་ལ་ཁྱེད་ལ་ཏང་ལྟ་ཡོད་པར་བཤད་ནས་འབྲེལ་མེད་དོན་གཞན་་གླེང་འདུག
    ༣ ཁྱེད་ཀྱིས་་་ ཁོང་ཚོའི་ངན་རྟགས་འདི་ལས་ང་ཚོས་སྔར་བོད་མི་བསམ་མེད་དག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ། ལུང་ཤར་རྡོ་རྗེ་ཚེ་རྒྱལ་བཅས་ལ་མ་ཉེས་ཁག་གཡོགས་བྱས་པའི་རླུང་ནག་འཚུབ་མའི་འཁོར་སྟངས་དེ་གསལ་ལྷང་ངེར་མཐོང་ཐུབ་པ་མ་ཡིན་ནམ། གསུངས་བ་འདི་ངོ་མ་རེད། མཁས་དབང་དགེ་ཆོས་ཀྱིས་ཨུ་རུ་སུའི་ཏང་གི་ལྟ་བ་བསླབས་པ་དང་དབྱིན་ཇི་ལ་རྒོལ་ནས་རང་ཅིག་གི་གོ་མིན་ཏང་ཚོགས་ནང་ཕྱག་ལས་གནང་བས་དབྱིན་ཇི་བཙན་རྒྱལ་བ་དང་བོད་ཀྱི་ཁ་བྲལ་ཕྱོགས་ཁག་གཉིས་ཀས་ཁོང་བསད་པ་རེད།
    དོན་གྲུབ་རྒྱལ་ནི་རང་རེའི་སློབ་གྲའི་ནང་མཐར་ཕྱིན་པས་ཁ་བྲལ་བའི་དྲི་ཙམ་ཡང་འགོས་མེད་པ་ནི་ཁོང་གི་གསུང་འདི་ལས་ཤེས་ཐུབ་” རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་།”ཟེར་བ་དང་།་ཡང་”རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།”གསུང་འདི་རིག་ནས་ང་དགའ་བས་སྙིང་ན་སོང་།
    ཏང་དང་རྒྱལ་ཁབ་ཀྱིས་བཀའ་ལྟར་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་ནས་བོད་རྒྱའི་ཆ་ཤས་དང་སྔོན་བོད་ལོག་སྤྱོད་པ་ཡིན་པར་སྒྲུབ་བྱེད་ཀྱི་དཔེ་ཆ་ཞིག་ཆེད་བསྒྲིགས་བྱས་ཡོད། དེའི་མིང་ལ་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ཟེར། དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་དང་ལུང་ཤར་ཚེ་རྒྱལ་གྱི་བུ་ཡིན་ཟེར་བ་ལྷ་ཀླུ་ཚེ་དབང་རྡོ་རྗེས་”ངའི་ཕ་ལུང་ཤར་རྡོ་རྗེས་ཚེ་རྒྱལ་དྲན་གསོ་བྱས་པ”ཟེར་བ་ཞིག་ཡོད་པ་དེའི་རྗེས་སུ་རྒྱུགས་མཁན་ཚོ་ནི་ཏང་གི་སློབ་གསོ་མྱང་མཁན་ཚོ་ཡིན་ལ་།དེ་ཚོ་ན་ནངས་ད་ལོ་ཇེ་མང་ཇེ་མང་རེད། ལྷ་ཀླུ་ཚེ་རྡོར་ནི་གནའ་དེང་གི་བོད་ཁ་བྲལ་བ་ལ་སེམས་ནག་ཅིང་ཏང་ལ་བློ་དཀར་བ་ཞིག་རེད། དཔེར་ན་། ད་ལོ་༣་༡༤ སྲེག་བསད་བཅོམ་འཕྲོག་རྗེས་ལྷ་ཀླུ་ཚེ་རྡོར་གྱིས་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བའི་ལུང་དྲངས་ནས་ཏྰ་ལའི་ལ་སེམས་བཟང་པོ་བྱེད་དགོས་པའི་ཆོས་གསུངས་པ་དེ་ནི་འཛམ་གླིང་ཐོག་ཏྰ་ལའི་ཁོའི་དགེ་རྒན་མ་ཡིན་པ་ཞིག་གིས་ཏྰ་ལའིཁོ་་ལ་ཆོས་གསུངས་པ་ཐང་དང་པོ་རེད་ཟེར།
    ༤ མཇུག་འཐར་ཁྱེད་ཡང་ཏྰ་ལའི་ལས་རྒྱལ་བ་རིན་པོ་ཆེ་ལ་བབ་འདུག་ག་ ཧ་ཧ།

  7. ཀུན་གསལ། says:
    2008-08-26 at 11:26 am

    གཡུ་ཚང་།

    ད་རྩོམ་གཅིག་པུ་སྤེལ་བར་མ་བསྡད་པར། ཐབས་ཤེས་ཡོད་རྒུ་བཏོན་ནས་ཁ་བྲལ་བ་འདི་ཚོར་ཁ་གཏད་འཇལ་བའི་དུས་ལ་སླེབས། ཁྱེད་ལ་དགོས་མཁོ་གང་ཡོད་ང་ཚོར་བཤད་ན་འགྲིག ཁ་བྲལ་བ་འདི་ཚོར་གནོན་པའི་སྟོབས་ཤུགས་ཏང་ལ་ཡོད། དངུལ། མི།༴་ཤུགས། གོ་མཚོན།ཁྱེད་འདི་ཚོར་སེམས་ཁྲལ་མ་བྱེད། སྔོན་ལ་འཆར་གཞི་ཡག་པོ་ཞིག་བཟོས་ནས་ངེད་ལ་གཏོང་ཤོག

  8. ལྕགས་རྒྱ་འགྲམ་ནག says:
    2008-08-26 at 12:00 pm

    ཨེ་ཤི་ཡ་རླུང་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ༸གོང་ས་མཆོག་ནས་ཟས་བཅད་སྨྱུང་གནས་སྨོན་ལམ་གནང་རྒྱུ་རེད་འདུག འདི་ནི་གཡུ་ཚང་གི་འབོད་སྐུལ་ལ་འབྲེལ་བ་ཡོད་མེད་མི་ཤེས་ཏེ། འདིའི་སྐོར་ལ་མུ་མཐུད་དུ་བགྲོ་གླེང་བྱེད་རྒྱུ་གལ་ཆེན་ཡིན་པ་ཇེ་གསལ་དུ་འགྲོ་བཞིན་འདུག གཤམ་གསལ་ནི་ཨེ་ཤི་ཡའི་སྤེལ་བའི་གསར་འགྱུར་རེད།
    2008-08-24
    ༸གོང་ས་མཆོག་ནས་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ་གནང་རྒྱུའི་མཛད་རིམ་ནང་བཞུགས་གཏན་འཁེལ།
    ༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༠༨ ཕྱི་ཟླ་༨ པའི་ཚེས་༣༠ བོད་ས་བྱི་ཧོར་ཟླ་༦ པའི་གནམ་གང་ཉིན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ དེ་བཞིན་ཞི་བདེར་དགའ་བའི་མང་ཚོགས་ནས་འཇིག་རྟེན་ཁྱོན་ཡོངས་སུ་ཆུ་ཚོད་༡༢ རིང་ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ་གནང་རྒྱུའི་མཛད་རིམ་ནང་བཞུགས་གཏན་འཁེལ་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་སྤེལ་གནང་འདུག ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ་གནང་རྒྱུའི་དམིགས་ཡུལ་ནི་ བོད་རྒྱ་མི་རིགས་གཉིས་ཀྱི་ཐོག་དྲངས་པའི་མཁའ་ཁྱབ་སེམས་ཅན་ཡོངས་ཀྱི་ལས་ངན་བྱང་ཞིང་ སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བ་དང་ དེ་ལ་བརྟེན་ནས་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་ འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་ འབྱུང་བའི་འཇིགས་པ་སོགས་རྒྱུད་ཚོགས་ཞི་ཞིང་ འགྲོ་རྣམས་བྱམས་བརྩེ་བདེ་དགའི་དཔལ་གྱི་འཚོ་བ་ འདི་ལོ་ཕྱི་ཟླ་༣ པ་ནས་བོད་ནང་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་དོར་བའི་འདས་པོ་རྣམས་ཀྱི་སྡིག་ལྟུང་བྱང་ཞིང་ རྟེན་བཟང་རིམ་བརྒྱུད་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་ ད་ལྟ་བོད་ནང་རྒྱ་དམག་གི་དྲག་གནོན་འོག་མྱང་དང་མྱོང་བཞིན་པ་རྣམས་འཕྲལ་དུ་དཀའ་སྡུག་ལས་གྲོལ་ཏེ་བོད་དོན་བདེན་མཐའ་མྱུང་དུ་གསལ་བ་ སྤྱིར་འཇིག་རྟེན་ཡོངས་དང་ལྷག་པར་དུ་བོད་དང་རྒྱ་ནག་བཅས་སུ་མཉའ་གནོན་དང་དྲག་སྤྱོད་ཀྱི་འོག་ཆོས་དད་དང་གཏམ་བརྗོད་ བསམ་སྤྱོད་ཀྱི་རང་དབང་བྲལ་བའི་སྐྱེ་འགྲོ་རྣམས་གཞན་དབང་ལས་གྲོལ་ནས་རང་དབང་བདེ་དགའི་དཔལ་ལ་སྤྱོད་པ་དང་ དྲག་གནོན་བྱེད་པོ་རྣམས་ཀྱི་སྡང་སེམས་ཞི་ཞིང་བླང་དོར་འབྱེད་པའི་ཤེས་རབ་ཐོབ་པ་ དྲག་གནོན་དང་འཚེ་བ་ དྲང་བདེན་མིན་པའི་བྱ་སྤྱོད་རྣམས་བྱམས་བརྩེས་ཀུན་ནས་བླང་སྟེ་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་གདོང་ལེན་ནུས་ཐོན་བྱེད་དགོས་པའི་དྲན་སྐུལ་སྐྱེ་འགྲོ་ཡོངས་ལ་བྱེད་རྒྱུ་བཅས་ཞེས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཀོད་འདུག

  9. kunchok says:
    2008-08-26 at 12:22 pm

    གཡུ་ཆང་ལྷ་དོན་རང་མ་ཤི་གསོན་པོར་གནས་པར་དགའ་བོ་བྱུང་། གང་ཡིན་ཞེ་ན། ཁྱོད་གླེང་གཞི་བྱས་ནས་མི་མང་པོས་རང་སྐད་ཀྱི་ལམ་ནས་ཉོག་བཤད་ཀྱི་གོ་སྐབས་རག་སོང་བས་ཡིན། མ་གཞི་ངས་ཁྱད་རང་ལ་བསམ་ཤེས་བྱེད་ཐུབ་པ་འདི་བཞིན་ཉིད་ཀྱིས་ཀྱང་མི་དཀྱུས་མ་སེམས་ཆུང་ལྟ་བུའི་སེམས་ཁམས་ལ་ཡང་དོ་སྣང་ལྷོད་མི་ཉན། ཨོ་་་་་་ད་དུང་ཀུན་གསལ་ཡང་གསོན་པོ་རེད་ཤག

  10. མིའུཕྲུག says:
    2008-08-26 at 1:44 pm

    མཐོང་སྣང་གི་བྱ་དངོས་སྣ་ཚོགས་ལ་བརྟེན་སེམས་ཚོར་ནི་གློ་བུར་དུ་འབྱུང་སྲིད་པའི་འཆར་ཡན་གྱི་རིགས་ཤིག་རེད། རྒྱུ་མཚན་དེས་སེམས་ཚོར་དེ་ཉིད་ཡང་དག་པའི་གོ་རྟོགས་ཤིག་རེད་ཅེས་འགྲེལ་བཤད་བྱེད་མི་ཐུབ་ཀྱང་། དེ་ཉིད་ཡིག་ངག་གང་རུང་ནས་བརྡ་སྦྱོར་བྱེད་ཆོག་པའི་དབང་ཆ་དེ་སུ་ལ་ཡང་ཡོད་ངེས་ཅན་ཡིན། དེའི་ཕྱིར་གཡུ་ཚང་གིས་རང་ཉིད་ཀྱི་འཆར་སྣང་དབང་བཙན་པ་བྱས་ཏེ་བསམ་ཚུལ་ཙམ་བཤད་པ་ལ་ཁྱེད་ཅག་འདི་ལྟར་ངར་དགོས་པའི་རྒྱུ་མཚན་མི་འདུག་སྙམ། སྤྱིར་སྤོབས་པ་ཆེན་པོས་གནས་ལུགས་དང་འབྲེལ་བའི་སྐད་ཆ་ཞིག་བཤད་ཚེ་གཞིས་གཞུགས་བོད་མིའི་ཁྲོད་དུ་ལྟ་ལོག་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་དུ་སོ་ཉུལ་བ་ཞེས་པའི་ཆོ་ལོ་འདིས་ཤེས་ལྡན་པ་ག་ཚོད་ཀྱི་འཚོ་གནས་དང་དམིགས་འདུན་ལ་བར་ཆད་དང་ཆུད་ཟོས་བཏང་ཡོད་མེད་ལ་ང་ཚོས་ངེས་པར་བསམ་གཞིགས་བྱེད་དགོས་སྙམ།

  11. ལྕགས་རྒྱ་འགྲམ་ནག says:
    2008-08-26 at 2:01 pm

    ལྷན་རྒྱས་ཀྱིས་ “ཟས་བཅད་སྨྱུང་གནས་གསོལ་འདེབས་སྨོན་ལམ” ཟེར་བའི་ཚིག་འདིར་བསམ་བློ་ཞིག་ཐོངས་དང་། འདི་སྨྱུང་གནས་ལ་བཞུགས་པ་རེད་ཟེར་རམ་ཡང་ན་ཟས་བཅད་ངོ་རྒོལ་བྱས་པ་རེད་ཟེར་དགོས་སམ། ང་ཚོས་འདིའི་བྱིན་རླབས་སྒོམ་དགོས་སམ་འདིའི་ཤུགས་རྐྱེན་གླེང་དགོས།¬ འདི་རྒྱལ་བ་རིན་པོ་ཆེའི་གསུང་ཨེ་ཡིན་མི་ཤེས། བོད་གཞུང་གི་གསལ་བསྒྲགས་རེད། ཕལ་ཆེར་ཟམ་གདོང་བླ་མའི་ཚིག་ཡིན་པ་འདྲ།

    བཀའ་ཤག་གིས་ ད་ལོར་རྒྱ་ནག་གཞུང་ལ་གཤམ་གསལ་དོན་ཚན་བཞིའི་ཐོག་ལ་འབོད་སྐུལ་བཏོན་ཡོད།
    1. བོད་དུ་དྲག་གནོན་བྱེད་རྒྱུ་མྱུར་དུ་མཚམས་འཇོག་དགོས།
    2. ངོ་རྒོལ་དང་འབྲེལ་ནས་བཟུང་བ་ཚོ་གློད་དགོས།
    3. རྨས་མ་ལ་སྨན་བཅོས་དང་ས་ཁུལ་བཀག་སྡོམ་བྱས་པ་སྒོ་འབྱེད་དགོས།
    4. རྒྱལ་སྤྱིའི་རང་དབང་ཞིབ་འཇུག་པ་དང་གསར་འགོད་པ་བོད་དུ་འགྲོ་ཆོག་དགོས།

    ཡིན་ནའང་རྒྱ་ནག་གཞུང་གིས་འདིའི་ཐོག་ལ་ད་བར་དུ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་མེད། དེས་ན་བཀའ་ཤག་གིས་སྐབས་འདིར་འབོད་སྐུལ་འདིའི་ཐོག་ལ་ཁ་གསལ་ཚིག་གསལ་གྱི་སྒོ་ནས་རྟིང་སྣོན་མེད་པར། དེ་ལས་ལྡོག་སྟེ་ སྨྱུང་གནས་འདིའི་དམིགས་ཡུལ་ནི།
    1. མཁའ་ཁྱབ་སེམས་ཅན་ཡོང་ཀྱི་ལས་ངན་བྱང་ཞིང་བསོད་ནམས་སྤེལ་བ།
    2. དེ་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ།
    3. འཇིག་རྟེན་ཀུན་ཏུ་ནད་མུག་འཁྲུག་རྩོད་ཀྱི་འཇིག་པ་ཞི་ནས་བདེ་དགའི་དཔལ་ལ་རོལ་ཐུབ་པ།
    4. བོད་དུ་རང་སྲོག་ཤོར་བ་ཚོའི་སྡིག་ལྟུང་བྱང་ཞིང་སངས་རྒྱས་ཀྱི་གོ་འཕང་འཐོབ་པ།
    5. བོད་ནང་གི་མི་དམངས་རྣམས་རྒྱ་དམག་གི་དྲག་གནོན་འོག་ནས་གྲོལ་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་ཟེར་གྱི་ཡོད་པ་རེད་དམ།

    ང་ལ་གློ་བུར་དུ་རང་ཉིད་བོད་གཞུང་དང་སེམས་ཐག་ཅི་ཙམ་རིང་བའི་ཚོར་སྣང་ཞིག་སླེབས་པས་རྒད་པོ་གཡུ་ཚང་གི་ཁ་ཆེམས་ཡང་སྐྱར་བཀླགས་པ་ཡིན། ངའི་སེམས་ཀྱི་ན་ཚ་ནི་རྒད་པོས་བཤད་པ་ལྟར་ཆོས་དང་པོ་དང་སྲིད་གཉིས་པར་བཞག་ན་འགྲིག་གི་མི་འདུག་ཟེར་བ་དེ་རེད།

    རྒྱལ་བ་རིན་པོ་ཆེ་ད་རེས་ཟས་བཅད་ངོ་རྒོལ་ལ་ཞུགས་ཏེ་ཆབ་སྲིད་ཀྱི་གོ་བརྡ་ཞིག་སྤྲོད་ཀྱི་ཡོད་པ་འདི་བཀའ་ཤག་གིས་ཨུ་ཚུགས་ཀྱིས་ཆོས་ཀྱི་ངོ་བོར་སྒྱུར་གྱི་འདུག སྐབས་འདིར་ང་ལ་བཀའ་ཤག་གི་བྱེད་སྟངས་འདིའི་ཐོག་ལ་བཤད་མི་ཤེས་པའི་བློ་ཕམ་དང་ཞེ་འཁོན་ལངས་ཀྱི་འདུག ང་ཚོ་ལ་རྒྱ་ནག་གཞུང་ལས་ལྷག་གི་དགྲ་བོ་ཞིག་འདུག དེ་ནི་ད་ལྟའི་བཀག་ཤག་འདིས་སྲིད་ཀྱི་དཀའ་ངལ་ལ་ཆོས་ཀྱི་འགྲེལ་བཤད་བརྒྱག་པ་འདི་རེད། ཐ་ན་དུས་ཚོད་ཉེར་བཞིའི་རིང་གི་ཟས་བཅད་འདི་ཆབ་སྲིད་ཀྱི་ལས་འགུལ་ཞིག་རེད་དམ་ཡང་ན་ཆོས་ཕྱོགས་ཀྱི་ཆོ་ག་ཞིག་རེད་གང་ཡིན་མི་ཤེས་པར་ར་མ་ལུག་གི་བཏང་སོང་།

  12. ཀུན་གསལ says:
    2008-08-27 at 9:34 am

    ཁ་སང་གོང་གི་ཁ་བརྡ་ཨང་༧་པ་བཤད་མཁན་ང་མིན་ཞེས་ཁ་བརྡ་ཐུང་ངུ་ཞིག་བྲིས་པ་ཡིན། གཞན་ཞིག་གིས་གསུབས་འདུག ཅི་ཡིན་ནམ། དེ་ཡང་འཇིགས་སྐུལ་བའི་ཚིག་རེད་དམ། དེ་འདྲ་བྱས་ན་ཡག་པོ་མི་འདུག
    འདི་ཁ་བརྡ་ཚང་གིས་འགན་ཁུར་དགོས་པ་རེད་བསམ་གི

  13. སེམས་ཆུང་། says:
    2008-08-27 at 5:48 pm

    ཀུན་གསལ། ཁྱེད་གཞན་གྱི་སྙིང་གཤགས་པ་དང་རྩ་ཆད་པའི་སྐད་ཆ་ཤོད་སྐབས་འགན་ཁུར་ཟེར་བའི་རྟོག་པ་དེ་ཡུད་ཙམ་མེད་པར། རོ་ཁྱོད་ཀྱི་འདོད་པ་ཆུང་ཆུང་ཞིག་མ་སྒྲུབ་ན་ཁ་བརྡ་ཚང་གི་འགན་ཁྱེར་ཟེར་བ་འདི་ག་རེ་རེད། ཁྱོད་འདིར་རྒྱལ་དབང་མཆོག་གི་སྐུ་སྲོག་བཅོམས་པར་ཡོང་བ་མ་ཡིན་ནམ། ཁྱོད་བོད་མིའི་བདེ་སྡུག་ལ་སེམས་ཁུར་མེད་པར་ཅིའི་ཕྱིར་ཁ་བརྡ་ཚང་གིས་ཁྱོད་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་སམ།

    ཨ་རོ། གལ་ཏེ་ངས་ཁྱོད་མི་སུ་ཡིན་མིན་ཤེས་ཚེ། འདི་རིང་ང་གཉིས་འདིར་བརྩོད་པ་རྒྱག་པའི་གོ་སྐབས་མེད། བོད་ཆོལ་གསུམ་ལ་བོད་མི་སྟོང་ཕྲག་མང་པོ་རྒྱའི་བཙོན་ལ་སྡུག་སྦྱོང་མྱོང་བཞིན་ཡོད་པའི་སྐབས་འདིར། ཁྱོད་འདིར་ཡོང་ནས་བོད་མིའི་བླ་སྲོག་གཏོར་བའི་སྐད་ཆ་ཤོད་སྟབས། ཅིའི་ཕྱིར་བོད་པ་ཚོས་ཁྱེད་ཀྱི་ཐོག་ལ་འགན་ལེན་བྱེད་དགོས་རེད་དམ། 

  14. ÇtôzÅ-q- says:
    2008-08-27 at 6:27 pm

    གཡུ་ཚང་རྒན་པོ་ཁྱོད་ཀྱི་རྩོམ་དེས་ནུས་པ་ཐོན་སོང་ང་། ད་རྒྱལ་བ་རིན་པོ་ཆེ་བསྙུངས་གནས་ཡིན་ནམ་ཅིག་ལ་བཞུགས་རྒྱུ་རེད་འདུག ཟས་བཅད་རེད་འདུག ཡིན་ན་ཡང་ཟས་བཅད་ངོ་རྒོལ་རེད་མི་འདུག དེའི་སྐོར་ཁྱོད་ལ་ལྟ་ཚུལ་ག་འདྲ་ཡོད་དམ། ཁྱོད་ཞིང་དུ་མ་གཤེགས་གོང་ལ་ཁ་ཆེམས་སྣོན་མ་འདྲ་འདྲ་ཡོད་ན་ཞོག་དང་ནུས་པ་ཅུང་ཟད་རེ་ཐོན་ས་རེད།

  15. མིའུཕྲུག says:
    2008-08-27 at 8:09 pm

    སྤོབས་པ་ཁྱོད་ངོ་མ་སྤོབས་པ་ཆེ་བ་ལ། རང་ས་ལག་མཐིལ་ཙམ་ཡང་མེད་པ་ལྷུང་བཟེད་སྟོང་པ་ཇི་བཞིན་གཞན་ལ་ལག་པ་ཁོ་ན་རྐྱོང་ཏེ་ཧི་མ་ལ་ཡི་མཉམ་འབྲེལ་རྒྱལ་ཁབ་གཙུགས་ཚར་སོང་། ད་ཡང་སྤྱི་ཚོགས་ཀྱི་དོན་དངོས་དང་རང་ཉིད་ཀྱི་བྱ་གཞག་གང་ལ་ཡང་མ་དཔྱད་པ་༧གོང་ས་མཆོག་སྒྲིག་ཞབས་གཙུད་སོང་།
    ངོ་མ་ཁྱོད་ངར་ཀི

  16. ÇtôzÅ-q- says:
    2008-08-27 at 8:48 pm

    སྒྲིག་འོག་ལ་སྡོད་མི་དགོས་པའི་མི་གཅིག་ཀྱང་འཛམ་གླིང་ན་ཡོད་རྒྱུ་མ་རེད། ཡོད་ན་ཡག་པོ་ཞིག་ཀྱང་ཡིན་རྒྱུ་མ་རེད། སྤྲེལ་ལད་རྐྱང་རྐྱང་འཁྲབ་ནས་ད་གང་ལ་ཡང་སླེབས་རྒྱུ་མ་རེད་ཡ།

  17. ར་ལོ་སྣ་ལུག། says:
    2008-08-28 at 12:38 am

    ཡག་མོ་འགུ།
    མུ་མཐུད་ནས་ཕྲིས་

  18. མིའུཕྲུག says:
    2008-08-28 at 3:17 am

    རེད་ཡ། བཀོད་ཇུས་ལ་མཁས་ཞིང་གདུག་རྩུབ་ཆེ་བའི་མའོ་ཙེ་ཏུང་གིས་ཞི་དྲག་གཡོ་གསུམ་གྱིས་བྱ་བས་༧གོང་ས་མཆོག་བསྟན་དོན་ལས་གཡོལ་བའི་ཕྱག་ལསདང་། ཞི་བདེ་དང་བྲལ་བའི་བྱ་གཞག་གི་སྒྲིགས་འཛུག་འོག་ཏུ་བཅུག་ཐུབ་མ་སོང་ཀྱང་། སྤོབས་པ་ཆེན་པོ་སོགས་སྔོན་ཐོན་པ་ཁ་ཤས་ཀྱིས་གཞི་མེད་ཀྱི་བསླབ་བྱ་ཟབ་མོས་༧གོང་ས་མཆོག་དངོས་གནས་སྒྲིགས་ཞབས་སུ་འཛུད་འཆར་རེད་འདུག ལར་ང་ཚོས་ཤེས་དགོས་པ་ལ་བོད་ཀྱི་རྩ་དོན་འཐབ་བརྩོད་བརྒྱུད་རིམ་ནང་ང་དང་ཁྱེད་ཅག་ལྟར་བུའི་ཁ་བཤད་ཙམ་ལས་ལག་ལེན་མེད་པའི་མི་མང་ངོས་ནས་མ་འཇོན་པ་རེད་མ་གཏོགས་དབུ་ཁྲིད་ཀྱི་་ངོས་ནས་མ་ཡིན་པ་་་་ཁ་ཆེ་བ་དག་གིས་ཁྱེད་ཅག་བོད་པ་ལ་མགོ་ཡོད་ཀྱང་ལུས་མེད་པས་ལན་པ་རེད་ཅེས་པའི་དཔེ་འདིས་ཀྱང་ཧ་གོ་ཐུབ་ཀི་་་་་་་་་་་་་་་་་་་་་་

  19. སེམས་ཆུང་། says:
    2008-08-28 at 11:58 am

    ཁྱོད་ཚོ་ཨ་མདོ་སྙན་ངག་པ་ཚོར་སྐྱོན་ཞིག་ཡོད། དེས་ག་དུས་ཡིན་ནའི་བཀྲ་མ་ཤིས་པ་ཀྱང་ཡོང་བར་རྒྱུ་བྱེད། སྐྱོན་དེ་ནི། རྒྱུ་མཚན་ལ་མ་བརྟེན་པར། འཚོར་བ་ལ་བརྟེན་པ་དང་། དུས་ལ་མ་བརྟེན་པར། ལ་རྒྱར་བརྟེན་པ་འདི་ཡིན། 

    རྒྱུ་མཚན་ལྟར་བྱས་ན། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ག་ཚོད་རིང་བ་ཞུགས་ཐུབ་པ་ཡིན་ནའི་བོད་མིའི་འཐབ་རྩོད་ལ་ཕན་པ་ལས་གནོད་པ་མེད། ཡིན་ནའི་ཅིའི་ཕྱིར་ཀུན་གསལ་དང་། གཡུ་ཚང་སོགས་རྒྱལ་བ་རིན་པོ་ཆེ་ཤི་སྒུག་རྒྱག་གི་ཡོད་དམ། སྔོན་མ་མ་ཧྤུ་ཧྤང་གིས་འདི་ལྟར་བཤད་ཡོད། “བོད་པ་འཇོན་པོ་ཞིག་ཐོན་ན་གཡུག་བཞོག བོད་པ་གཞན་ཞིག་ཡོང་ནས་ཁོ་གསོད་ཀྱི་རེད་ཟེར།” གཏམ་འདི་ཅིས་མི་བདེན།

    དུས་ལྟར་བྱས་ན། ད་ལྟ་རྒྱལ་བ་རིན་པོ་ཆེ་བཟས་བཅད་ངོ་རྒོལ་བྱས་ནས་སྐུ་སྲོག་ལ་གནོད་པ་བྱས་པ་ལས། སྐུ་གསལ་ཐང་ལ་ཞུགས་ནས་འཛམ་གླིང་ལ་བོད་ཀྱི་གནས་དོན་བཤད་ནས་ཞུགས་ན་རྗེས་མ་དེ་ཕན་པ་ཆེ་བ་ཡོད། 

    ཡིན་ནའི་ཁྱོད་ཚོ་ཨ་མདོ་ན་གཞོན་ཁ་ཤས་ག་དུས་ཡིན་ནའི་བོད་སྤྱི་པར་ཕན་པ་ཏོག་ཙམ་བྱུང་ན་དེར་གཏོར་འཇོམས་བྱེད་པར་སྐྱག་ལང་ཤོར་བསྡད་ཡོད། དེ་རྒྱུ་མཚན་ག་རེ་ཡིན་ནམ། ཨ་མདོའི་ནང་ནས་བོད་མི་སྤྱི་ལ་གནོད་པ་སྐྱེལ་མཁན་གཙོ་བོ་བཙན་བྱོལ་ནང་ལ་ཡོད་པའི་རྒྱ་མ་བོད་ཀྱི་ཨ་མདོ་འདི་ཚོ་རེད། ག་དུས་ཡིན་ནའི་བོད་པ་དྲག་པ་ཅིག་འདོན་ན་འདི་གསོད་ཀྱི་རེད། ཡང་ན་དེར་གནོད་པ་ཤ་སྟག་བྱས་ནས་གང་ལྟར་བོད་པའི་སྤྱི་ཚོགས་འདིར་ཞི་བདེ་དང་སྐྱིད་པའི་ཉི་མ་ཞིག་ཤར་བཅུག་གི་མ་རེད།

  20. kunchok says:
    2008-08-28 at 2:07 pm

    གོང་གི་སེམས་ཆུང་ཁོམ་ཡོད་ན་འོག་ལ་དྲི་བ་ཁ་ཤས་ཡོད། བོད་མི་མང་ཆེ་བས་༧གོང་ས་མཆོག་སྐུ་ཆེ་ཡུན་རིང་བརྟན་ཏེ་ཕྱག་ལས་གནང་ན་འདོད་པ་ལས་ཁྱོས་བཤད་པ་ནང་བཞིན་དྲན་མཁན་ཨེ་ཡོད། ཡོད་ན་དེ་དོལ་རྒྱལ་མིན་འགྲོ། གོང་གི་མི་དེ་གྲལ་ལ་བསམ་བློ་མེད་པ་རེད་མ་གཏོགས་སེམས་ཤུགས་ཡོད་པ་སྐད་ཆ་བཤད་སྟངས་ལས་ཧ་གོ་ཐུབ་གི་མི་འདུག་གམ། ཡང་ཨ་མདོ་ན་གཞོན་ཁ་ཤས་ཀྱིས་རང་རེ་ཁེ་ཕན་གཏོར་འཇོམས་བྱེད་གི་ཟེར་བ་དེ་དག་སུ་སུ་ཡིན་ནམ། ཁ་ཤས་ཟེར་སྲོལ་ལ་བལྟས་ན་ཤུགས་ལྡན་པ་དང་ཐེ་ཝན་ཕོགས་གཟན་ནང་བཞིན་ཕོན་ཆེན་མིན་པ་ཐག་གིས་ཆོད་འདུག་ན་དེ་དག་རེ་རེ་བཞིན་ཐར་འདོན་བྱེད་རོགས། ཨོ་་་་་་ཡང་གོང་དུ་རྒྱ་མ་བོད་ཁ་ཤས་ལ་སྙན་ངག་པ་རེད་ཟེར་བ་བདེན་པ་མ་རེད། གལ་ཏེ་བདེན་ན་ཁྱོད་བོད་པ་དངོས་གནས་ཡིན་བཞིན་དུ་བོད་ཡིག་དག་ཆ་མེད་པ་འདི་འདྲ་ག་རེ་རེད།

  21. མིའུཕྲུག says:
    2008-09-01 at 8:54 pm

    སེམས་ཆུང་སེམས་པ་ཧ་ཅང་ཆུང་སྟབས་བཟོད་མི་ཐུབ་པའི་ཁོང་ཁྲོ་ཆེན་པོས་རང་ཉིད་ཀྱི་གང་བཤད་པའང་བསམ་གཞིགས་བྱེད་ལོང་མེད་པ་འདྲ། རྒྱུ་མཚན་དེས་གང་ཞིག་བྲིས་ཡོད་པ་གསལ་པོ་མ་ངེས་ཀྱང་ཕལ་ཆེར་༧གོང་ས་མཆོག་ལ་དགག་པ་རྒྱག་མི་ཉན་ཟེར་བ་འདྲ་དེ་བདེན་དོན་ཞིག་རེད་བོད་མི་ཞིག་ཡིན་པའི་ངོས་ནས་སྐྱབས་མགོན་རིན་པོ་ཆེས་ཉིན་མཚན་ཀུན་ཏུ་སྐུ་ངལ་གང་ལའང་འཛེམ་མེད་ཀྱི་ཕྱག་ལས་འདི་ལྟ་བུའི་བཀའ་དྲིན་ལ་ཚོར་ཤེས་དང་དོན་རྟོགས་མེད་བཞིན། ད་དུང་ཁོང་ལ་ཟུར་ཟའི་རྣམ་པ་སྟོན་མཁན་དག་ངོ་མ་ཁྱི་ལས་སྡུག་པ་རེད་ཅེས་བཤད་ན་ཆོག་པ་རེད། ཡིན་ན་ཡང་སེམས་ཆུང་གིས་འདི་ལྟར་༧གོང་ས་མཆོག་ལ་ཆེར་མཐོང་གི་རྣམ་པ་དང་བརྩི་་བཀུར་ཡོད་བཞིན་ཁོང་གི་དགོངས་དོན་དང་འགལ་བའི་ཆོལ་ཁའི་འཐེན་ཁྱེར་གྱི་སྐད་ཆ་འདི་འདྲ་བཤད་ཕོད་པ་ལ་ང་ངོ་མ་ཡ་མཚན་སོང་། ད་དུང་སེམས་ཆུང་གིས་ཨ་མདོའི་སྙན་ངག་པ་ཚོ་ལ་སྐྱོན་ཞིག་ཡོད་ཅེས་རྒྱུགས་པ་ལེབ་རྡུང་གིས་བཀའ་རྐྱོན་གནང་བར་བལྟས་ན་༧གོང་ས་མཆོག་ཀྱང་ཨ་མདོའི་སྙན་ངག་པ་ཞིག་ཡིན་པ་ཚོར་མེད་པ་འདྲ། སྤྱིར་༧གོང་ས་མཆོག་ལ་ཟུར་ཟ་ཅུང་ཙམ་བྱེད་མཁན་གྱི་མི་ངན་ཐ་ཤལ་བ་རེ་ཤས་ནི་ཆོལ་ཁ་གསུམ་ཀ་ནང་དུ་ཡོད་པར་ང་ཚོས་རེ་རེ་བྱེད་ནས་མཛུག་མོ་འཛུགས་ཐུབ་ཀྱི་རེད་དེས་ན་ཁོང་རང་ཉིད་ཨ་མདོ་བ་ཞིག་ལ་སྒེར་ནད་ཞིག་མེད་དམ་སྙམ་པ་ནི་བསམ་འཆར་ཙམ་ཡིན། ད་དུང་་་གོང་དུ་གཡུ་ཚང་གིས་བཤད་པ་ལྟར་༧གོང་ས་མཆོག་མི་མང་དང་ལྷན་ལས་འགུལ་ལ་མཉམ་ཞུགས་གནང་དགོས་ཞུ་བ་ཙམ་དེ་དགག་རྒྱག་དང་ཟུར་ཟ་གང་ཡང་མ་ཡིན་པ་དོན་དངོས་དང་མཐུན་པའི་བསམ་འཆར་ཡིན་པ་ནི། ཉེ་ཆར་ཁོང་རང་ཉིད་ཀྱང་ཞི་བའི་ཟས་བཅད་ལ་མཉམ་ཞུགས་གནང་བ་དང་དེའི་སྐབས་སུ་གཞུང་དམངས་གཉིས་ཀྱི་དགའ་ཚོར་དེས་ཀྱང་ཤེས་ནུས། ད་མང་པོ་བཤད་རྒྱུ་མིན་མ་གཏོགས་ཡང་སེམས་ཆུང་མགོ་བོ་ན་རྐྱེན་ལ་ཆགས་འོང་།

  22. མིའུཕྲུག says:
    2008-09-03 at 12:12 pm

    ཉིན་འདི་དག་ནང་། སྤོབས་པ་སྤོབས་པ་ཞི་ཚར་བ་འདྲ། སེམས་ཆུང་སེམས་ནད་སངས་ཚར་བ་འདྲ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme