Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉེ་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ།

Posted on 2010-04-26 By ཁ་བརྡ་ No Comments on ཉེ་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ།

51༄༅།། ཉེ་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། བོད་མདོ་སྨད་མཛོད་དགེ་རྫོང་རྐྱང་ཚ་ཤང་གི་ཁུངས་སུ་གནས་པའི་དྲན་པ་དགོན་ཤེལ་དཀར་ཆོས་སྡེ་གླིང་དུ། ལོའི་བོད་ཟླ་དང་པོའི་ཚེས་༡༥ཉིན་བཅོ་ལྔ་མཆོད་པར། དེ་སྔོན་ཕྱི་ལོ་༢༠༠༧སྤྱི་ཟླ་༡༠ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་ལ་ཆེས་མཐོའི་གསེར་གྱི་སྟེགས་མ་ཕུལ་པའི་སྣང་བརྙན་མར་གྱིས་བཞེངས་ཏེ་དྲན་པ་དགོན་གྱི་དགེ་འདུན་པ་ཚོས་སེར་ཕྲེང་དང་བཅས་ཀྱིས་དྲན་པ་དགོན་གྱི་ཚོགས་ཆེན་འདུ་ཁང་ནང་དུ་གདན་འདྲེན་ཞུས་པར་རྐྱང་ཚ་ཁུལ་གྱི་སེར་སྐྱ་མང་ཚོགས་གཉིས་སྟོང་ཙམ་གྱིས་མཇལ་ཁ་ཞུས་རྗེས། དགོང་མོ་དེར་དྲན་པ་དགོན་གྱི་དགེ་འདུན་པ་ཁག་ཅིག་གིས་སྣེ་ཁྲིད་དེ་མར་ཁྲོམ་སྐོར་བྱས་པ་དང་། ༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དང་། ཚད་མེད་ཡོན་ཏན་སོགས་བསྐྱོར་རྗེས། 24པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོ་བས་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་དེ་ཚོ་གང་འགྱོགས་ཀློད་གྲོལ་གཏོང་དགོས་པ། ༧གོང་ས་༧སྐྱབས་མགོན་རྒྱལ་པ་རིན་པོ་ཆེ་གང་འགྱོགས་བོད་དུ་ཕེབས་ཆུག་དགོས་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ཀྱི་འབོད་ཚིག་མཉམ་བསྒྲགས་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། འབྲེལ་ཡོད་གནས་ཚུལ་གསུང་མཁན་གྱིས་བརྗོད་པ་ལྟར་ན་ད་ལྟ་མི་འཛིན་བཟུང་བྱས་པ་དེ་འདྲ་བྱུང་མི་འདུག 33འོན་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་ག་ལེ་ག་ལེ་བཙལ་གཅོད་བྱེད་བྱེད་བཞིན་པའི་གནས་ཚུལ་གནས་ཚུལ་ཐོན་པ་མ་ཟད་ལས་འགུལ་དེ་ཚོ་སུས་བརྩམས་པ་ཡིན་ཤོད་མཁན་བྱུང་ན་རྒྱ་སྒོར་ཁྲི་ཁ་ཤས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་ལབ་ནས་རྩད་གཅོད་ནན་མོ་བྱེད་བཞིན་པ་རེད་ཅེས་འབྲེལ་བརྗོད་གནང་གི་འདུག ད་དུང་དེ་མ་ཡིན་པའི་གནས་ཚུལ་གཞན་ཞིག་ལ་ཉེ་ཆར་སྤྱི་ཟླ་༣་པའི་ཚེས་༡༤ཉིན་ད་ལོའི་༧གོང་ས་མཆོག་གི་སུམ་ཅུའི་དུས་དྲན་གྱི་གསུང་འཕྲིན་མང་པོ་ཞིག་ཀྱང་རྐྱང་ཚ་ཤང་གི་སྒོ་འགྲམ་དང་བཞག་སྡོམ་མཛོད་དགེ་རྫོང་སོགས་ཀྱི་ས་ཕྱོགས་གང་སར་སྦྱར་འགྲེམ་བྱས་ཏེ་མཛོད་དགེ་རྫོང་ཁོངས་ཀྱི་ལས་བྱེད་དང་ས་གནས་བོད་རིགས་མང་ཚོགས་ཀྱི་ཁྲོད་ད་ལོའི་༧གོང་ས་མཆོག་གི་སུམ་ཅུའི་ད ུས་དྲན་གྱི་གསུང་འཕྲིན་དེ་ཤིན་ཏུ་ཁྱབ་སྤེལ་འགྲོ་བཞིན་པ་རེད་ཅེས་འབྲེལ་བརྗོད་གནང་བྱུང་། གནས་ཚུལ་འདི་དང་མཉམ་དུ་དྲན་པ་དགོན་གྱིི་དགེ་འདུན་པ་ཚོིས་བཞེངས་པའི་བཅོ་ལྔ་མཆོད་པའི་པར་ཁ་ཤས་ཤིས་ཀྱང་བཏང་ཡོད། ཁོང་ཚོའི་བདེ་འཇགས་ལ་དམིགས་ནས་པར་དེ་ཚོའི་ནང་གི་མིའི་གདོང་བཀབ་དགོས་བྱུང་སོང་བ་བཅས་དགོངས་འཇགས་འཚལ། ཕྱི་ལོ་༢༠༡༠སྤྱི་ཟླ་༤ཚེས་༢༦ཉིན། 42གནས་ཚུལ་མཁོ་འདོན་བྱེད་མཁན་བལ་ཡུལ་ནས་ཚེ་རིང་ཡིན།

གསར་འགྱུར།

Post navigation

Previous Post: ཉེ་ཆར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ།
Next Post: སྐྱེ་རྒུ་མདོ། དེ་རིང་ངས་ཁྱེད་ཁོ་ནར་གསོལ་བ་སྨོན་ལམ་འདེབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme