Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་བཞི་ཡི་རང་བཙན་གོམ་བགྲོད་དངོས་སུ་མགོ་བཙུགས་པ།

Posted on 2013-03-10 By རེབ་གོང་བཀྲ་ཤིས། No Comments on བོད་མི་བཞི་ཡི་རང་བཙན་གོམ་བགྲོད་དངོས་སུ་མགོ་བཙུགས་པ།

ཉེ་སྔོན་ནས་གསལ་བསྒྲགས་བསྐྱངས་དོན་ལྟར། ལྟག་མཚེར་རིན་པོ་ཆེའི་སྲས་འབྲིང་བ་ཀུན་དགའ་ནོར་བུ་དང་། རྔ་བ་རབ་བརྟན། ཏྲེ་ཧོར་བློ་དགའ། ཀླུ་ཆུ་དར་རྒྱས་བཅས་བཞི་ཡིས་དེ་རིང་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ནིའུ་ཡོག་གྲོང་ཁྱེར་བར་དུ་བོད་རང་བཙན་གོམ་བགྲོད་དངོས་སུ་མགོ་འཛུགས་གནང་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་༡༡ སྟེང་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་བརྒྱ་སྐོར་ཙམ་གྱིས་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་བ་སྲུང་བརྩི་གནང་སྐབས་རང་བཙན་གོམ་བགྲོད་པ་ཁོང་བཞི་བོ་དེར་མཉམ་ཞུགས་གནང་ཡོད་ཅིང་། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུ་ལགས་ཀྱིས་རང་གི་ཡབ་དམ་པའི་དགོངས་བཞེད་དང་། སྤུན་ཆུང་བ་འཇིགས་མེད་ལགས་ཀྱིས་དགོངས་བཞེད་དེ་མཇུག་སྐྱོང་ཆེད་ཞི་བའི་གོམ་བགྲོད་རིམ་པར་གནང་བའི་བརྒྱུད་རིམ། ད་ཆ་རང་གིས་ཞིང་གཤེགས་ཁོང་གཉིས་ཀྱི་མཇུག་འཕྲོས་ལས་འགན་རང་ཕྲག་ཏུ་ལེན་པའི་ཆ་ཤས་སུ་ཐེངས་འདིའི་རང་བཙན་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་གི་ཡོད་སྐོར་གསུངས་སོང་།


དེ་བཞིན་རྔ་བ་རབ་བརྟན་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལ། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་ཨ་རིའི་མངའ་སྡེ་མང་པོར་བོད་རང་བཙན་གོམ་བགྲོད་ཐེངས་མང་གནང་ཡོད་པ་རེད་ལ།  སྐུའི་གཅེན་པོ་མཆོག་སྐུ་གཤེགས་རྗེས། སྲས་ཐ་ཆུང་འཇིགས་མེད་ལགས་ཀྱིས་ཡབ་དམ་པའི་དགོངས་བཞེད་མཇུག་སྐྱོང་དང་། བོད་ཀྱི་རྩ་དོན་བཅས་ལ་དམིགས་ནས་རང་བཙན་གོམ་བགྲོད་ཐེངས་མང་གནང་བའི་རྗེས་སུ་མཐར་རྐྱེན་ངན་རླངས་འཁོར་བརྡབས་སྐྱོན་དབང་གིས་སྐུ་ཚེ་མ་ཟིན་པ་རེད། ད་རེབ་ཁོང་གི་ཇོ་ཇོ་ཀུན་དགའ་ནོར་བུ་ལགས་ཀྱིས་རང་གི་ཡབ་དང་སྤུན་ཆུང་གཉིས་ཀྱི་མཇུག་འཕྲོས་ལས་འགུལ་གྱི་ཆ་ཤས་སུ་ཐེངས་འདིའི་གོམ་བགྲོད་འདི་མགོ་བཙུགས་པ་ཡིན་ཚུལ་དང་། དེ་བཞིན་བོད་མི་རྣམས་ཀྱིས་གཞན་ལ་རེ་བ་མི་རྒྱག་པར་སོ་སོའི་ངོས་ནས་ལས་འགུལ་གང་ཐུབ་སྤེལ་དགོས་པའི་འབོད་སྐུལ་ཞུས་སོང་།

དེ་རྗེས་ནིའུ་ཡོག་གྲོང་ཁྱེར་ནས་ཕེབས་པའི་ཏྲེ་ཧོར་བློ་དགའ་ལགས་ཀྱིས་ཀྱང་འགྲེལ་བརྗོད་གནང་དོན་ལ། བོད་ཀྱི་རྩ་དོན་ཆེད་རང་བཙན་དང་དབུ་མའི་ལམ་གྱི་ལྟ་ཚུལ་སོགས་མི་འདྲ་བ་ཡོང་སྲིད་ངེས་ཀྱང་། ལྟ་ཚུལ་མི་འདྲ་བ་ལ་བརྟེན་ནས་བོད་མི་ནང་ཁུལ་དུ་འཁྲུག་རྩོད་བྱས་ནས་མི་འདུག་པར། བོད་ཀྱི་རྩ་དོན་དུ་འགྲོ་བའི་ལས་འགུལ་ག་རེ་ཡིན་ཡང་སོ་སོའི་ངོས་ནས་གང་ཐུབ་ཀྱིས་སྤེལ་དགོས་སྐོར་གསུངས་སོང་།

ད་རེབ་ཀྱི་རང་བཙན་གོམ་བགྲོད་ཀྱི་དམིགས་ཡུལ་གལ་ཆེ་བ་གཅིག་ནི་སྤུན་ཟླ་ཕོ་མོ་༡༠༧ ཙམ་གྱིས་སྐུ་ལུས་ཞུགས་མེར་ཕུལ་ཏེ་བོད་དོན་འཐབ་རྩོད་གནང་བ་དེ་དག་ལ་རྗེས་དྲན་དང་དེ་དག་གི་དགོངས་བཞེད་བསྒྲུབ་རྒྱུའི་ཆེད་དུ་ཡིན་འདུག་པ་དང་། དེ་འབྲེལ་གོམ་བགྲོད་པ་བཞི་ཡིས་ཉིན་རེར་མེལ་ལེ་༢༥ ཙམ་རེ་གོམ་བགྲོད་ཀྱིས་ནིའུ་ཡོག་ཏུ་ཕེབས་རྒྱུ་ཡིན་པ་རེད། ཁོང་ཚོར་ལམ་བར་གྱི་རོགས་པ་བྱེད་མཁན་ནི་ཁོང་ཚོའི་གྲོགས་པོ་རྙིང་པ་ཝི་ཏི་ནམ་པ་ མཚན་ལ་མཐའ་ཡས་ཞུ་བ་ཁོང་རེད།

ཐེངས་འདིའི་གོམ་བགྲོད་ཀྱི་ཉིན་རེའི་གནས་ཚུལ་ཞིབ་རྒྱས་མཁྱེན་འདོད་ཡོད་ཚེ། དྲ་རྒྱ་ www.rangzenwalk.wordpress.com ལ་གཟིགས་པར་ཞུ་བ་དང་། འབྲེལ་མཐུད་པ་རྔ་བ་རབ་བརྟན་ལགས་ཀྱི་ཁ་པར་ཨང་གྲངས་ནི་ 202-412-4104 འདི་རེད།

གསར་འགྱུར།

Post navigation

Previous Post: བོད་མི་བཞི་ཡི་རང་བཙན་གོམ་བགྲོད་དངོས་སུ་མགོ་བཙུགས་པ།
Next Post: གནས་མཆོག་གི་ངོ་མཚར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme