Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱིས་པར་གཅར་རྡུང་མི་བྱེད་པར་སློབ་གསོ་སྤྲོད་ཕྱོགས།

Posted on 2009-12-04 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on བྱིས་པར་གཅར་རྡུང་མི་བྱེད་པར་སློབ་གསོ་སྤྲོད་ཕྱོགས།

(བོད་ཀྱི་ན་ཆུང་ཚགས་པར་སྤྱིའི་འདོན་ཐེངས་༤༥པ་ལས་བླངས། སྤྱི་ལོ་༢༠༠༩ལོའི་ཟླ་༡༡།)

གཅིག བྱིས་པར་རྒྱུས་ལོན་ཅི་ཐུབ་བྱེད་པ།
ཁྱིམ་ལས་ཙག་ཙིག་ལ་བྲེལ་བའི་དུས་མཚུངས་སུ། ཁྱིམ་བདག་གིས་ཁོམ་པ་བཙལ་ཏེ་བྱིས་པར་རྒྱུས་ལོན་མང་ཙམ་བྱེད་པ་དང་། བྱིས་པ་དང་བྱིས་པའི་རྩེད་རོགས།
བྱིས་པའི་དགེ་རྒན་བཅས་ལ་འབྲེལ་འདྲིས་མང་པོ་བྱས་ནས་བྱིས་པའི་རྣམ་འགྱུར་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཅི་ཐུབ་བྱེད་དགོས།

གཉིས། བྱིས་པའི་སྐད་ཆ་ལ་སུན་སྣང་མེད་པར་ཉན་པ།
གལ་ཏེ་ཁོང་ཁྲོ་ལངས་སླ་བའི་ཁྱིམ་བདག་ཅིག་ཡིན་ན་ཁ་ཏ་སློབ་གསོར་མི་ཉན་པའི་བྱིས་པ་ཞིག་དང་འཕྲད་ཚེ་སློབ་གསོ་གཏོང་སྟངས་ནི་ཐད་ཀར་ཁ་རྡུང་གཏོང་བ་དེ་ཡིན་མོད།
འོན་ཀྱང་། སློབ་གསོ་གཏོང་སྟངས་བཟང་བོ་ནི་སྔོན་ལ་ཁྱིམ་བདག་རང་ཉིད་ཀྱི་སེམས་རྣལ་ལ་ཕབ་ནས་བྱིས་པར་འདི་ལྟར་སྒྲུབ་པའི་རྒྱུ་མཚན་སོགས་གསལ་བོར་འདྲི་དགོས།
ཁྱིམ་བདག་གིས་བྱིས་པའི་བསམ་ཚུལ་རྒྱུས་ལོན་བྱེད་པ་དང་བྱེད་ཐབས་གང་མང་སྤྱད་ནས་གནད་དོན་ཐག་གཅོད་ཐུབ་པ་བྱ་དགོས།

གསུམ། ཁྱིམ་བདག་གིས་རྫིག་ཉམས་མི་སྟོན་པ།
ཁྱིམ་བདག་ཁ་ཤས་ཀྱིས་བྱིས་བའི་མདུན་དུ་རྫིག་ཉམས་བསྟན་ནས་བྱིས་པར་སློབ་གསོ་གཏོང་རྒྱུར་དགའ། དོན་དངོས་སུ་བཤད་ན་། ཁྱིམ་བདག་གིས་དེ་འདྲའི་རྣམ་འགྱུར་མི་འཛིན་པར་བྱིས་པར་སེམས་ནས་གཅེས་དགོས་པ་ལས་བཙན་ཤེད་ཀྱི་སྐད་ཆ་མི་བཤད་པ་དང་། བྱིས་པར་ལོ་ན་སོན་པའི་མི་ཞིག་ཏུ་བརྩིས་ནས་བརྩི་འཇོག་བྱས་ན་བཟང་།

བཞི། ཁྱིམ་བདག་གིས་བྱིས་པར་གནས་ལུགས་བཤད་པ།
རྒྱུན་ཏུ་བསླབ་བྱ་གནང་བ་ལས་གཞན་ཁྱིམ་བདག་གིས་གནས་ཚུལ་ངོ་མ་དཔེ་དྲངས་ནས་བྱིས་པར་གནས་ལུགས་བཤད་དེ། བྱིས་པ་ལ་མི་གཞན་ཞིག་གི་ལྟ་ཕྱོགས་ནས་རང་གཉིད་ཀྱི་བྱ་སྤྱོད་དེས་མི་གཞན་ལ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་པ་ཤེས་སུ་འཇུག་དགོས།

ལྔ་། ཁྱིམ་བདག་གིས་བྱིས་པར་མྱོང་ཚོར་ལེན་དུ་འཇུག་པ།
གལ་ཏེ་བྱིས་པས་རྒྱུན་དུ་མི་རྒན་པའི་སྐད་ཆར་མི་ཉན་ན། ཉེན་ཁ་མེད་པ་དང་མཇུག་འབྲས་ངན་པ་མི་འབྱུང་བའི་གནས་ཚུལ་འོག་ནས་ཁྱིམ་བདག་གིས་བྱིས་པར་རང་སྡུག་རང་ཉོ་ཡི་མྱོང་ཚོར་ལེན་དུ་བཅུག་ཆོག རང་ཉིད་ཀྱི་མྱོང་ཚོར་བརྒྱུད་ཚེ་ཕ་མའི་སློབ་སྟོན་དེ་ཡང་དག་དང་གལ་ཆེན་ཞིག་ཡིན་པའི་ཤེས་རྟོགས་ཐོབ་ཏུ་འཇུག་ཐུབ།

དྲུག ཁྱིམ་བདག་གིས་བྱིས་པར་གྲོས་མོལ་བྱེད་པ།
དུས་རྒྱུན་དུ་བྱིས་པར་མི་རྒན་པའི་འདོད་བློ་ལྟར་བྱ་བ་བསྒྲུབ་ཏུ་འཇུག་མི་རུང་། གལ་ཏེ་དེ་ལྟར་བྱས་ན་བྱིས་པ་ལ་སྡུག་བསྔལ་ཡོད་པ་མ་ཟད། ཕ་མ་རང་ཉིད་ལའང་དཀའ་ངལ་ཆེ།
བྱིས་པ་ལོ་ན་ཆུང་ནའང་ཁོ་ཚོར་རང་གི་འདོད་པ་ལྟར་བསྒྲུབ་འདོད་པའི་དོན་དག་རེ་ཡོད་པས། བྱིས་པ་དང་མཉམ་ཏུ་གྲོས་མོལ་བྱས་ནས་རང་སོ་སོའི་ལྟ་ཚུལ་བརྗོད་པ་ནི་ཐབས་ལམ་བཟང་པོ་ཞིག་ཡིན།

སྣ་ཚོགས།

Post navigation

Previous Post: ང་རང་མེད་པོ་རེད། གླེན་པ་རེད།
Next Post: ཕ་རྒན་ཞིག་གི་དྲི་བ།

Comments (6) on “བྱིས་པར་གཅར་རྡུང་མི་བྱེད་པར་སློབ་གསོ་སྤྲོད་ཕྱོགས།”

  1. མི་འཁྱམ says:
    2009-12-04 at 7:00 am

    དེ་རིང་སློབ་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་རེ་ལ་སློབ་དུས་ཀྱི་སློབ་མའི་སློབ་སྦྱོང་དང་གཤིས་ཀ སློབ་སྦྱོང་སྐོར་ལ་དོ་སྣང་ཡོད་མེད་སོགས་གསལ་བཤད་བྱས་ཏེ་ཕ་མ་རེར་བསྐུར་ཡོད་པའི་ལས་ཤོག་གཤམ་དུ་སློབ་ཕྲུག་གི་ཕ་མའི་བསམ་འཆར་ལྷུགས་བརྗོད་གནང་དགོས་པ་སློབ་གྲྭ་དང་དགེ་རྒན་གྱིས་མཛུབ་སྟོན་གནང་བ་ཞིག་ཡིན་པས། ད་ལྟའི་སློབ་གྲྭའི་གནས་བབ་དང་སློབ་མའི་གནས་བབ་ལ་གཞིགས་ཏེ་རང་ཉིད་ཀྱི་བསམ་ཚུལ་ཅུང་ཙམ་ཞུ་འདོད་བྱུང༌།
    གུས་པའི་བུ་མོ་ནི་ལོ་བཞི་དང་ཕྱེད་ཙམ་ཡིན་ལ། སློབ་གྲྭར་ལོ་གཅིག་སོང་བའི་རིང༌། སློབ་སྦྱོང་ཐད་སློབ་གཉེར་བྱས་པའི་གྲུབ་འབྲས་བརྒྱ་ཆའི་ལྔ་བཅུ་ལས་བླངས་ཐུབ་མེད། གང་ཡིན་ཟེར་ན། བུ་མོས་ཡི་གེ་ཀློག་འདོན་སྐོར་བྱང་ཆ་ལྡན་པའི་གྲུབ་འབྲས་དེ་མ་གཏོགས་ཡི་གེ་འབྲི་རྒྱུར་ཡར་རྒྱས་སོང་མེད་པའི་རྐྱེན་གྱིས་རེད། བྱིས་པ་ནི་བྱིས་པ་ཡིན་པས་སློབ་སྦྱོང་དང་རྩེད་མོ་གཉིས་ལས་རྩེད་མོའི་རིགས་ལ་དོ་སྣང་ཆེ་བ་སྨྲོས་མ་དགོས་མོད། ཡིན་ནའང༌། སློབ་གྲྭའི་སྒྲིག་གཞི་ལས་སྔོན་འགྲོ་སློབ་གྲྭའི་སློབ་མར་སློབ་ཕྲུག་གི་འདོད་ཚུལ་གྱིས་སློབ་སྦྱོང་སྤྲོད་པར་བསམ་གཞིགས་གཏོང་དགོས་པ་ཞིག་ཆགས་ཡོད། ང་ཚོས་ཕྱིྭའི་ལུང་པའི་ལེགས་པའི་ཆ་རྣམས་ལད་ཟློས་བྱེད་བཞྀན་པ་འདི་ནི་ནོར་འཁྲུལ་ཆེ་ལ། ང་ཚོ་སྟེ་བཙན་བྱོལ་བ་ཡིན་པས་དགེ་སློབ་གཉིས་ལ་ཕྱི་དངོས་པོའི་ཆ་རྐྱེན་དང་ནང་བསམ་བློའི་ཆ་རྐྱེན་གང་ཅིའི་ཐད་ཕྱིའི་ལུང་པ་ནང་བཞིན་འཛོམས་པོ་མེད་པས། ཕྱིའི་ལུང་པའི་ལེགས་པའི་ཆ་རྣམས་ལད་ཟློས་བྱེད་ཁག་པར་སྣང༌། གལ་སྲིད་དེ་དག་ལད་ཟློས་མུ་མཐུད་བྱེད་དགོས་ན་ཕྱིའི་ལུང་པར་གང་འཛོམས་དེ་ང་ཚོའི་སློབ་དགེ་དང་ཕ་མའི་ཤེས་ཡོན། སློབ་སྦྱོང་གི་ཡོ་ཆས། ཁོར་ཡུག སློབ་གྲྭ་སོགས་འཛོམས་དགོས་པ་ཆགས་ཡོད། དེ་ལྟར་ཆགས་སྲིད་ན་ད་གཟོད་ཕྱིའི་ལུང་པའི་ལེགས་པའི་ཆ་རྣམས་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པ་མ་ཟད། སློབ་མའི་སྦྱང་བྱའི་གྲུབ་འབྲས་ཀྱང་མངོན་སུམ་དུ་མཐོང་ཐུབ།
    སྤྱིར་སློབ་སྦྱོང་ནི་མི་གཞིའི་བླང་དོར་འབྱེད་བྱེད་ཀྱི་ནུས་པ་གཙོ་བོ་དེ་ཡིན་པས། ལོ་ན་ལྔ་སོན་པའི་སློབ་ཕྲུག་ལ་དང་པོ་ནས་སློབ་སྦྱོང་གི་སློབ་གསོའི་བླང་དོར་སྐོར་ལ་ལམ་སྟོན་ཡག་པོ་ཞིག་གནང་དགོས་པ་ཆགས་ཡོད། དཔེར་ན། ཆུ་ཆུང་ས་ནས་མ་བཀག་ན། ཆུ་ཆེན་པོ་ཆགས་དུས་བཀག་དཀའ་བས། བྱིས་དུས་ཀྱི་སྐབས་སུ་སློབ་སྦྱོང་ཡག་པོ་ཞིག་མ་སྤྲད་ན་ཆེན་པོ་ཆགས་དུས་ངན་ལངས་སུ་ཤོར་སྲིད་པས། ཆུང་དུས་ནས་བཟུང་སློབ་སྦྱོང་ཡག་པོ་སྤྲོད་དགོས་པ་ཕ་མ་དང་དགེ་རྒན་གཉིས་ལ་འགན་འཁྲི་ཆེན་པོ་ཡོད་པ་གང་ཞིག སློབ་མར་སློབ་སྦྱོང་ཆེད་དམ་འཛིན་བྱེད་དགོས་པ་ལས་ལྷོད་གཡེང་གཏན་ནས་བྱེད་སྲོལ་མེད་པ་བཅས་ཕྲན་གྱི་བསམ་ཚུལ་སྙིང་བསྡུས་བཅས་སོ།།

  2. བྲག་གཡག says:
    2009-12-05 at 12:40 am

    ཁ་བརྡའི་འགན་འཛིན་མཆོག་ལ།
    ངའི་ཟིན་བྲིས་དེ་ཁ་སྐྱོན་རོགས། ད་ཟླ་དུས་འགའ་ཤས་རིང་ཡོང་ལོང་མི་འདུག་པས། ཁྱེད་རྣམས་ཀྱིས་ས་སྟོང་ཡོང་སླད་ཕྱིར་འདོན་གནང་རྒྱུའི་རེ་བ་ཞུ། ཕྱིས་སུ་དུས་ཁོམ་བྱུང་ཚེ། བསྐྱར་དུ་ཁ་འབྱེད་ཀྱི་ཡིན་པ་དགོངས་འཇགས་འཚལ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-05 at 6:12 pm

    སྤུན་ཟླ་ཚོ། ལན་རེ་འཁུར་ནས་ཕེབས་ཤོག སྒུག་ནས་ཡོད།

    སྤུན་ཟླ་ཚོ། ཁྱེད་ཅག་གི་ངོ་ཤེས་དང་ཉེ་རིང་། ཡང་ན། ཕ་མ་དང་སྤུན་མཆེད་སོགས་སུ་ཞིག་སྨན་པ་ཡིན་པ་མ་ཟད། སྨན་ལ་མཁས་པ། ལུས་ཁམས་བསྐྱེད་སྲུང་བྱེད་ཕྱོགས་ཐད་དུ་མཁས་པ་འདྲ་ངོ་ཤེས་ཡོད་ན། ངས་དེ་རིང་འདི་ནས་ཁྱེད་ཅག་ལ་དྲི་བ་ཞིག་འདྲི་རྒྱུ་ཡིན། དྲི་བ་དེར་ལན་དྲང་མོ་ཞིག་དུས་ཐོག་ལ་འདེབས་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་ཡོང་རྒྱུར་རེ་བ་ཆེན་པོ་ཡོད།

    བྱིས་པ་ཞིག་ལ་ཆུང་དུས་སུ། དྲིན་ཆེན་ཨ་མའི་ནུ་མ་ཟླ་ངོ་ཁ་ཤས་རིང་དུ་ནུས་རྗེས་སུ། ཟས་ལ་རོལ་བའི་སྐབས་སུ་སླེབས་དུས། བོད་ཡུལ་དུ། ང་རང་གི་ཁོར་ཡུག་ནས་ཆུང་དུས་བྱིས་པ་ལ་གཡག་སྙིང་བཙོས་དེ་སྤྲོད་ཀྱི་ཡོད་པ་རེད། དེ་ནི་བྱིས་པ་དེ་ཡི་འཚར་ལོངས་ཁྲོད་དུ་རང་ཚུགས་ཡོད་པ་དང་སྙིང་སྟོབས་ལྡན་པ་སོགས་འགྲེལ་བཤད་མི་ཉུང་བ་ཞིག་ཡོད་པ་རེད། འོན་ཀྱང་། བདག་གིས་དེ་ནི་ལུགས་སྲོལ་ཡག་པོ་ཞིག་ལ་གཏན་ནས་མཐོང་གི་མི་འདུག་མོད། རེད་དེ། དེ་ཡང་གོམ་སྲོལ་ཞིག་ལས་དངོས་ནས་བྱིས་པའི་འཚར་ལོངས་ལ་ཕན་ཐོག་ཡོད་མེད་དེ་ནི་བཤད་ཁག་པོ་རེད།

    ངས་འདི་ནས་བཀའ་འདྲི་ཞུ་འདོད་པའི་དོན་དག་གཙོ་བོ་དེ་ནི། བྱིས་པ་ཞིག་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དུ། དམར་ཟས་སམ། ཤའི་རིགས་ལ་ལོངས་སྤྱོད་མ་བྱས་པར། འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་མི་ཚེའི་ནང་དུ་གཟུགས་པོའི་ནུས་པ་ཤོར་འགྲོ་བའམ། ཡང་ན། གཟུགས་པོའི་འཕྲོད་བརྟེན་ལ་གནོད་པ་སོགས་ཡོད་མེད་དང་། གཏན་ནས་ཤའི་རིགས་ཁ་ལ་མ་རེག་པར་འཚར་ལོངས་བྱུང་བ་ཡིན་ན། བྱིས་པ་དེའི་ལུས་ཁམས་གསོ་སྐྱོང་གི་ཐད་དུ་དཀའ་ངལ་ཡོད་དམ་མེད། ཡང་ན། བྱིས་པ་དེའི་ལུས་ཁམས་སུ་ཅིས་ཀྱང་སྲོག་ཆགས་གཞན་ཞིག་ཤ་ཁྲག་གི་རིགས་མ་ཟས་པ་ཡིན་ན། འཚར་ལོངས་བྱུང་དེ་འོང་དུས། དཀའ་ངལ་འཕྲད་ཀྱི་ཡོད་དམ་མེད། སྔོ་ཚང་རིགས་ཁོ་ན་ལ་བརྟེན་ནས་བྱིས་པ་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ་མེད། ཡོད་ན་དེའི་ཐབས་ལམ་སོགས་གང་ཡིན་མིན་བསྐོར་ལ། སྤུན་ཟླ་སུ་ཞིག་གིས་རང་གི་ཕ་མ་དང་ཉེ་དུ། གྲོགས་པོ་དང་སྤུན་མཆེད། ངོ་ཤེས། ཡང་ན། རང་ཉིད་ལ་ལུས་པོ་གསོ་སྐྱོང་བྱེད་པའི་བསྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་སྤུན་ཟླ་སུ་ཞིག་ཡོད་ན། བདུན་ཕྲག་རེ་ཟུང་ནང་དུ་ལན་ཞིག་ཡོང་བའི་རེ་སྐུལ་སེམས་གཏིང་ནས་ཞུས་པ་ཡིན།

    དོན་འགྲུབ་བཀྲ་ཤིས་ལགས། འདི་གལ་ཆེན་ཞིག་ཡིན། སྤུན་ཟླ་དག་གི་མིག་ལམ་དུ་གཤམ་ནས་དྲང་མོའི་ལན་རེ་ཡོང་བར་སྒུག་ཡོད་ལགས། སྐུ་ཉིད་ལ་ཡང་འདིའི་བསྐོར་ལ་རྒྱུས་མངའ་འདྲ་ཡོད་ན་གསུང་རོགས་ཞུ།

  4. གཞོན་ནུ་ཟླ་མེད says:
    2009-12-05 at 11:56 pm

    སྔར་བོད་ནས༡༩༦༢ ནས་བཟུང་༡༩༦༩བར་དུ་སྐྱེས་པ་ཚོ་ལ་གཡག་སྙིང་ཁ་ནང་དུ་རེག་ཡོད་པ་མ་རེད། འདི་བྱིས་པའི་སྐབས་ལ་ཟེར་གྱི་ཡོད། ཟེར་ལུགས་ལྟར་ན་དེ་དུས་ཤ་གང་ཡང་རེག་ཡོད་ཚོད་མི་འདུག འོན་ཀྱང་འོ་མ་རེག་དགོས་པ་རེད་ཟེར། དེ་དུས་ར་མའི་འོ་མ་དང་། བ་ལི་མའི་འོ་མ། འབྲི་ཡི་འོ་མ། ལུག་གི་འོ་མ་སོགས་བྱིས་པ་ཚོ་ལ་རེག་གི་ཡོད་ས་རེད། ཆུང་ཆུང་སྐབས་སུ་འོ་མ་དང་དཀར་ཟས་ཀྱིས་བསྐྱང་བ་དེ་ཚོ་མི་ཚེ་ནང་ལ་གཤིས་བརྒྱུད་འཇམ་པ། ཁོང་ཁྲོ་མེད་པ་ལྟ་བུ་ཅིག་ཡོང་གི་འདུག འོ་མ་ངོ་ནས་གལ་ཆེན་རེད། དེ་ནས་ཟླ་ལྔ་དྲུག་གི་རྗེས་ནས་དཔའ་དཔའ་སྤྲོད་དགོས་ནི་རེད། དཔའ་དཔའ་ཟེར་ན་ཤེས་ག་ཟེ། དཔའ་དཔའ་ནི་འོ་མའི་བསྐོལ་རྗེས་ནང་དུ་གྲོ་ཕྱེ་ཅུང་ཟད་བརྒྱབ་ནས་དཀྲུགས་དཀྲུགས་ཡག་ཐག་ཅོད་བརྒྱབ། དེ་ནས་དེ་ཡང་བསྐྱར་ཐབ་ལ་བསྐྱོན་ནས་དཀྲུགས་དགོས་ནི་རེད། དེ་ཚོས་པ་དང་སླ་བོ་ཡིན་པ་ཅིག་བཟོ་དགོས་ནི་རེད། འོ་ད་རུང་ཁ་ཤས་ཀྱིས་ནང་ལ་སྦྲང་རྩི་ཀྱང་རན་པ་རེ་རྒྱག་གི་འདུག དེའི་རྗེས་ནས་ཚ་དྲོད་རན་པའི་ཆེད་དུ་ཨ་མའི་ཁ་ནང་ལ་བླང་གི་བླང་གི་ལ་བྱིས་པར་སྤྲོད་དགོས་ནི་རེད། ༼འདིས་ཕ་མ་དང་བྱིས་པའི་བར་གྱིས་བརྩེ་བ་ཡང་དགའ་ཅན་ཟིག་གསོ་སྐྱོང་བྱེད་ཐུབ་ཀྱི་རེད།༽ དེ་སྤྲོད་པ་ལ་ཤིང་ཁེག་དགོན་ནི་རེད། ཤིང་ཁེག་ཟེར་ན་ཤིང་གི་ཁེམ་བུ་ཆུང་ཆུང་དེ་རེད། དེ་འེ་རྒྱུའུ་ནས་བཟོས་ན་ཡག་པོ་ཡོད་ནི་རེད། དཔའ་དཔའ་དེ་ལོ་གཉིས་གསུམ་བར་དུ་གསོ་ཐུབ་ཀྱི་རེད། དེ་ནས་ཟ་མ་ཁྲེག་པོའི་རིགས་སྤྲད་ན་འགྲིག་གི་རེད། དེའི་སྐབས་སུ་ཡང་བསྐྱར་མི་ཤེས་ན་དྲི་བ་ཁོད་དང་ངས་ལན་འདེབས་ཀོ

  5. གཞོན་ནུ་ཟླ་མེད says:
    2009-12-06 at 12:08 am

    བྱིས་པ་གསོ་སྟངས་སྐོར་ལ་སྨན་པ་ལ་དྲི་བ་བཀོད་པ་འདི་ཕྱི་ལུགས་གསོ་རིག་གཞིར་བཞག་རེད། ཕྱི་ལུགས་གསོ་རིག་པ་ཅིག་གིས་འདིའི་ནང་དུ་ལན་འདེབས་ཁེགས་པོ་རེད། བོད་ལུགས་གསོ་རིག་ན་བྱིས་པའི་ཟས་རིགས་སྐོར་ལ་གཏན་འབེབས་ཅིག་ཡོད་ཀྱི་མ་རེད། ང་ཚོ་ཚང་མ་ཕྱི་ལུགས་གསོ་རིགས་དང་བོད་ལུགས་གསོ་རིག་གང་ལ་ཡང་མ་བསྟེན་པར་སྐྱེས་ཤིང་གང་ལ་ཡང་མ་བསྟེན་པར་འཚེར་བ་ཤ་སྟག་རེད། དེའི་རྐྱེན་གྱིས་གཟུགས་པོ་ཤེད་ཤུགས་ཡོད་ལ་ནང་ན་ཕ་མར་བརྩེ་བ་ཡོད་པ་ཤ་སྟགས་རེད། ད་ཕྱི་ལུགས་གསོ་རིགས་ལྟར་གསོས་པ་ཚོ་ད་ང་ཚོ་ལས་སྤྱང་པ་ཡོད་སྲིད་ན་ཡང་ཕ་མའི་བརྩེ་བ་ལ་རེ་བ་མ་རྒྱགས་ལགས། ལོ་ལོན་ན་ཕ་མའི་ཁང་པ་དེ་རང་གི་མིང་ཐོག་ལ་ནམ་བསྒྱུར་རྒྱུའི་རེ་བ་བརྒྱབ་ནས་བསྡད་ཀྱི་རེད། ཁང་པ་མིང་ཐོག་ལ་བསྒྱུར་བ་ནས་ཕ་མ་རྒན་གསོ་ཁང་ལ་བསྐྱལ་རྒྱུ་རེད།

  6. གཞོན་ནུ་ཟླ་མེད says:
    2009-12-06 at 12:17 am

    ཡིན་ན་ཡང་ཕྱི་རྒྱལ་ཀྱི་བུད་མེད་ཀྱི་ཤེས་བྱའི་དེབ་ཀྱི་ནང་ན་བྱིས་པ་སྐྱོང་སྟངས་སྐོར་མང་པོ་ཅིག་ཡོད་པ་དྲན་གི་འདུག དེ་ཡང་བྱིས་པ་གསོ་སྟངས་གཅིག་བུ་མ་རེད། ཐོག་མར་རང་གི་དགའ་པོ་སྒྲིག་སྟངས། དགའ་བོ་སྒྲིག་ནས་འཇུག་སྐྱོང་སྟངས། དེ་ནས་བྱིས་པ་ཆགས་ན་གྲོད་ཁོག་ན་ཡོད་པའི་སྐབས་སུ་ཟླ་རེ་དང་བདུན་རེར་ཇི་ལྟར་བྱེད་དགོས་མིན། བྱིས་པ་སྐྱེས་ཁར་ཆགས་པ་སྤྱོད་སྟངས། དེ་ནས་བྱིས་པ་སྐྱེས་རྗེས་བྱིས་པ་གསོ་སྟངས། དེ་ནས་སྨྱ་མ་ཆུང་ཆུང་བཟོ་སྟངས། དེ་ནས་ཁྱོ་ཀ་ལ་འཆམ་པོ་བཟོ་སྟངས། བྱིས་པ་ཆེན་པོ་ཆགས་ནས་ཨ་ཕ་དང་འགལ་བ་བྱུང་ན་འགལ་བ་འདུམ་སྒྲིག་བྱེད་སྟངས་ལ་སོགས་པ་མང་པོ་ཅིག་ཡོད་པ་དྲན་ངོགས་ནས་འདུག ད་དེ་ཚོ་བཤད་ནས་ཁོམ་པ་མི་འདུག སྒོར་མོ་ལ་དགའ་ནས་ཀི་ཡང་སང་ཉིན་སྔ་སེ་ནས་ལས་ཀ་འགྲོ་དགོས་གི ད་ཉལ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme