Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཅུ་གསུམ་པ་ཆེན་པོའི་རྩ་ཚིག་གཞན་ཞིག

Posted on 2013-07-30 By རེབ་གོང་བཀྲ་ཤིས། No Comments on བཅུ་གསུམ་པ་ཆེན་པོའི་རྩ་ཚིག་གཞན་ཞིག

༈རྒྱ་བོད་ཐུན་མོང་ལ་འཕགས་ཡུལ་ཀ་སྦུག་ནས་སྩལ་བའི་རྩ་ཚིག་བཞུགས།
གས་རིའི་ལྗོངས་འདི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། ངོས་རྒྱལ་དབང་གོང་མའི་ལམ་བཞིན་ཆོས་སྲིད་ཡོངས་ཀྱི་བདག་པོར་སྲིད་ཞིའི་ཆེ་རྒུ་ཀུན་གྱི་ལུང་གིས་བསྔགས་སྟབས་བསྟན་སྲིད་འཛིན་སྐྱོང་མི་དམན་པའི་ལྷག་བསམ་རྒྱ་ཆེ་བསྐྱེད་མུས་སུ་བསྟན་སྲིད་ལ་ཞེ་ནས་བརྣག་པའི་རྒྱ་དཔོན་འགའ་ཞིག་ནས་སྤར་གྱི་མཆོད་ཡོན་ཐ་ཚིག་དང་། མཚན་ལར་བོར་ཏེ་བོད་དབང་བཙན་འཕྲོག་བྱེད་རྩིས་འདི་ཐད་ལམ་དུ་བཏང་ན་མདོ་སྨད་ཁུལ་ཇི་བྱུང་བཞིན་རྒྱལ་བསྟན་རིམ་པས་བསྣུབས་རྒྱུ་དངོས་བསྟན་སྟབས་ཕྱི་དོན་ཁོ་ནར་ངལ་བ་འཛེམས་མེད་ལོ་ནས་ལོ་བཏུད་བགྱིས་གཤིས་མཆོག་གསུམ་བདེན་མཐུས་རྒྱ་ཡུལ་ཞིང་ཆེན་ཚང་མར་ངོ་ལོག་ཟིང་འཁྲུག་ཅི་ཆེས་གོང་མ་ཟུར་བཞག་གིས་ཡུས་ཤི་ཁར་རི་སྤབ་ལིའི་ཁྲི་བ་བསྐོས་འདུག་ཀྱང་ཞིང་ཆེན་ཕན་ཚུན་ཕྱོགས་ལངས་འཐབ་འཛིངས་ཀྱིས་རྒྱལ་ཕམ་རེས་མོས་ཁོ་ནས་དུས་འདའ་ཞིང་། བོད་སྡོད་རྒྱ་དཔོན་དམག་རྣམས་ཀྱི་ཕོགས་ཐོབ་རྩ་ཆད་ལ་བརྟེན་ནང་ཟིང་འཕྲོག་བཅོམ་ཅི་ཆེ་བགྱིས་མཐར་ལམ་ཆས་དངུལ་འབབ་བྱུང་ཚེ་ཕྱིར་ལོག་བསྐྱོད་རྒྱུའི་ཁ་དན་བར་མི་དང་འབྲེལ་ཏེ་ལོག་ཆས་ཁྲི་དངུལ་བཅུ་བསྐོར་སྤྲད་བླངས་རྗེས་བསམ་བཏང་དྲན་སྐྱེས་ཀྱིས་སྤོ་ཀོང་གི་རྒྱ་དམག་ཆེད་འབོད་ཀྱིས་ལམ་ཁེལ་རྫོང་གཞིས་དང་། ལྷོ་ཁུལ་སྡེ་དགོན་གྱི་རྒྱུ་དངོས་ཁྱོན་ཆེ་འཕྲོག་བཅོམ་ཚོད་མེད་བྱས་འདུག་པར་བརྟེན་རང་སྡེ་བསྲུང་ཆེད་དང་། ངོས་རྒྱལ་ཁབ་ཏུ་བསྐྱོད་རྒྱུ་བཅས་ཀྱི་སྲུང་དམག་བསྡུ་བསགས་བགྱིས་རིགས་པ་སྣམ་དུ་འབྱོར་སྐབས་གཞིས་རྒྱལ་གཉིས་ཀྱིས་ཚུར་རྒོལ་བྱེད་པར་ཆེད་བཏང་གིས་འཐབ་འཛིངས་བགྱིས་འདུག་པར་རྒྱ་ཕྱོགས་ཕམ་ཉེས་ཇི་བྱུང་ཤེས་གསལ་ད་ཆ་འཐབ་བསྐྲོད་མི་ཐུབ་པ་མེད་ཀྱང་རྒྱ་དམག་རྣམས་དབང་མེད་བོད་འབྱོར་ཙམ་ལས་སྙིང་ནས་གནོད་སེམས་མེད་པ་ནང་ཁུལ་དག་མིན་རང་ནས་རྟོགས་གསལ་སྟབས། ཨམ་བན་དང་། པི་ཅིང་གོང་མར་བོད་ལྗོངས་བསྟན་སྲིད་དང་། སྐྱེ་འགྲོའི་བདེ་སྐྱིད་བརླག་གཞིའི་རྒྱ་དམག་ཕྱིར་འཐེན་དགོས་ལུགས་རིམ་བརྗོད་བཞིན་གང་ཅིར་བསམ་ཤེས་ཀྱིས་ཚུལ་མཐུན་རྒྱ་ཡུལ་དུ་ཕྱིར་ལོག་བྱེད་མིར་རྟ་ཁལ་ལམ་ཆས་ཕན་གྲོགས་དང་བཅས་སྙད་མེད་ཤར་གཏོང་དགོས་པའི་སྔར་ལོ་སྲིད་བློན་ཐུན་མོང་ནས་དྲིལ་བསྒྲགས་བཀོད་རྒྱ་གཏོང་བཅུག་པ་མ་ཟད། ཉེ་ཆར་རྒྱལ་ཁབ་དང་། དམག་སྒར་ཁག་བཅས་ལའང་བཀོད་རྒྱ་སོང་དོན་ལྟར་དེ་རྩིས་རྒྱ་བོད་ཚང་མས་བླང་དོར་ཡིན་ལུགས་སུ་སྤྱོད་པར་གྱིས། འཕགས་ཡུལ་ཀ་སྦུག་མི་འགྱུར་མངོན་དགའི་ཕོ་བྲང་ནས་ཆུ་བྱི་ཟླ་ཚེས་བཟང་པོར་བྲིས།།


མ་དཔེ་འདི་ལྟར་སོར་བཞག་གིས་བཀོད་ཡོད་ཅིང་། ངོ་དེབ་ཅིག་ནས་འདིར་དྲངས་པ་ཡིན། དཔེ་ཆ་གང་ཞིག་ནས་ཡིན་མིན་རྩད་གཅོད་བྱེད་དུས་འདྲེན་ཁུངས་ངོ་དེབ་དེ་རྙེད་མ་སོང་།

མཆན། མཇུག་གི་ཆུ་བྱི་ཟླ་ཚེས་བཟང་པོར་ཞེས་པའི་ ཆུ་བྱི་ དེ་ནི་ཕྱི་ལོ་༡༩༡༢ ལོར་འཁེལ་འདུག

གསལ་བསྒྲགས།

Post navigation

Previous Post: བཅུ་གསུམ་པ་ཆེན་པོའི་རྩ་ཚིག་གཞན་ཞིག
Next Post: མ་ཎིའི་ཕན་ཡོན་བཞུགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme