Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཀྱིལ་ཤར་ཨེ་ཤ་ཡའི་བུད་མེད་དང་དྲི་བ་དྲིས་ལན།

Posted on 2013-09-04 By ཁ་བརྡ་ 1 Comment on དཀྱིལ་ཤར་ཨེ་ཤ་ཡའི་བུད་མེད་དང་དྲི་བ་དྲིས་ལན།

ཨ་ཛེན་ཨསེན་ཧྥེཌི།
པད་མ་ཆོས་སྒྲོན་གྱིས་བསྒྱུར།

0“གཉའ་གནོན་ལ་རྒོལ་རྡུང་བྱེད་རྒྱུ་ནི་ཐོབ་ཐང་གི་སྐད་ཆ་ཞིག་མིན།” ཨ་ཛེན་ཨསེན་ཧྥེཌི་གྱིས།

༡༽ ཀཱརཌ་སི་ཐན་གྱི་ལོ་རྒྱུས་ཐུང་ཐུང་ཞིག་ངོ་སྤྲོད་གནང་རོགས།

ཀཱརཌ་ཤི་མི་རིགས་ནི་དཀྱིལ་ཤར་ཨེ་ཤ་ཡའི་གླིང་གི་མི་རིགས་རྙིང་ཤོས་ཤིག་ཡིན། སྔར་དུས་རབས་སྔོན་གྱི་ལོ་༢༤༠༠་ནས་ལོ་རྒྱུས་ལྡན་པའི་མི་རིགས་འདིས་དེང་འདིར་མིང་ལ་ཨེརག་དང་། ཨེ་རན། སེ་རིས་ཡ་དང་ཊིར་ཀི་ (Syria, Iraq, Iran, and Turkey )བཅས་བཏགས་པའི་ས་ཁུལ་འདི་དག་བདག་གར་བཟུང་ཡོད་ཀྱང་། ཕྱི་ནས་ཡང་ནས་བསྐྱར་དུ་བྱུང་བའི་བཙན་འཛུལ་དང་དབང་བསྒྱུར་གྱི་དབང་གིས་ས་ཁུལ་ཁ་འཐོར་དང་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར་ཐོག ང་མི་རིགས་གོང་གི་རྒྱལ་ཁབ་བཞིའི་ནང་དུ་ཁ་བཀྲམས་ནས་བསྡད་ཡོད།

དེའང་ཀཱརཌ་མི་རིགས་ཀྱི་གདོད་མའི་ཆོས་ལུགས་ལ་ཛོརོསི་ཌིན་ (Zoroastrianism )ཟེར་ཅིང་དེ་ཉམས་ལེན་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་དུས་རབས་བདུན་པའི་ནང་ཨ་རབ་པི་ཡི་དབང་བསྒྱུར་སླེབས་ཞིང་། དེའི་དབང་ཤུགས་འོག་ང་ཚོས་ཁ་ཆེ་ཆོས་ལུགས་སུ་ཆོས་འགོ་ལོག་དགོས་བྱུང་ཡོད། སྤྱིར་ཛོ་སོ་སི་ཌོན་ཆོས་ལུགས་ནི་ཀུན་ལ་སྙོམས་པའི་ཆོས་ལུགས་ཤིག་ཡིན་ལ། ཨ་རབ་ཀྱི་དབང་བསྒྱུར་འོག་ང་ཚོས་རང་གི་མི་རིགས་ཀྱི་རིག་གཞུང་ལག་བསྟར་དང་རྒྱུན་འཁྱོངས་བྱས་ཐུབ་པ་བྱུང་ཡོད། ཡང་ཕྱི་ལོ་དུས་རབས་བཅུ་དྲུག་ནང་ཨོ་ཌོ་མ་རྒྱལ་བོའི་དབང་བསྒྱུར་སླེབས་ཤིང་། དེ་བསྒྱུར་དབང་དེ་འཛམ་གླིང་དམག་ཆེན་དང་བོའི་བར་གནས་ཤིང་། འཛམ་གླིང་དམག་ཆེན་དང་བོ་བརྒྱུད་སླར་ཡང་དབྱིན་ཇི་ཡི་དབང་ཤུགས་སླེབས་པར་བརྟེན། ཨོ་ཌོ་མ་རྒྱལ་རྒྱུད་དབྱིན་ཇིའི་ལག་འོག་ནས་ཕམ་ཉེས་བྱུང་ཞིང་། དབྱིན་ཇི་ཡིས་མེསོཔོ་ཌམན་ཡི་ས་ཁུལ་ཡོངས་རྫོགས་དབང་བསྒྱུར་བྱས་ཐུབ་པ་བྱུང་ཡོད།
ཕྱི་ལོ་༡༩༢༠ལོར་ང་ཚོ་མི་རིགས་ཀྱིས་འགོ་ཁྲིད་འགས་དབྱིན་ཇི་སྲིད་གཞུང་ལ་ང་ཚོའི་ས་ཁུལ་རང་སྐྱོང་བྱེད་འཐུས་པའི་ཆ་རྐྱེན་བཏོན་ཡང་། དབྱིན་ཇི་བས་དེར་མོས་མཐུན་བྱས་མེད་པའི་ཐོག མེསོཔ་ཌམན་གྱི་ཁུལ་དུ་འདུས་སྡོད་བྱེད་ཀྱིན་པའི་ང་ཚོའི་མི་རིགས་སླར་ཡང་དུམ་བུ་གཉིས་སུ་བཏང་ནས། ཁོང་ཚོའི་དབང་བསྒྱུར་སྲ་བརྟན་བཏང་ཡོད། དེ་ལྟར་མི་རིགས་དང་ས་ཁུལ་གཉིས་ཀ་དུམ་པ་དང་དུམ་པའི་གཏོང་མཐར་གྱི་ང་ཚོས་སླར་ཡང་མི་རིགས་ཁབ་གཙང་གི་རང་བཙན་རྒྱལ་ཁབ་ཅིག་བསྐྲུན་རྒྱུ་ནི་ཧ་ཅང་ཁག་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

༢༽ ནམ་ཚོད་ལ་རང་ཚོའི་མི་རིགས་དེར་རང་སྲིད་རང་སྐྱོང་ཐོབ་པ་རེད་དམ།

དེའང་སྤྱི་ལོ་༡༩༧༠ལོར་ཨེ་རག་གྲོས་ཚོགས་ནས་ང་ཚོའི་མི་རིགས་ཀྱིས་རང་གི་ནང་སྲིད་དང་ཕྱི་སྲིད་གཙོས་པའི་གཞི་རྩའི་བྱེད་སྒོ་ཁག་དོ་དམ་བྱེད་ཆོག་པའི་ཁྲིམས་ཤིག་གཏན་འབབ་བྱུང་ཡོད་ཀྱང་། ཡིག་ཐོག་གི་ཁྲིམས་དང་ལག་བསྟར་གཉིས་ཀྱི་བར་ན་ཧེ་བག་ཆེན་པོ་བྱུང་ཡོད། ཡང་གོང་གི་ཁྲིམས་འདི་དེ་ལྟར་གཏན་ལ་འབབ་དོན་ཡང་ཆབ་སྲིད་ཀྱི་དགོས་དབང་ཆེན་པོ་ཞིག་ཡོད་པ་ཡིན། སྤྱི་ལོ་༡༩༨༠ཡས་མས་ནས་བཟུང་། ཨེ་རག་གི་སྒེར་གཅོད་པ་སྲིད་འཛིན་ས་ཐམ་ཧོ་སན་(ཟུར་བ) གྱིས་ང་ཚོའི་མི་རིགས་ཐོག་ཡང་དང་བསྐྱར་དུ་ཚུར་རྒོལ་དང་དྲག་གནོན་བྱེད་པ་མ་ཟད་། ང་ཚོའི་མི་རིགས་རྡུལ་ཕྲན་ཚོན་ཆ་ཚོད་ལྟ་བྱེད་ཡུལ་བྱས་ཡོད། སྐབས་དེར་ཧེལེབསེ་ཞེས་པའི་གྲོང་གསེང་ནས་མི་འབོར་༥༠༠༠སྡེབ་གསོད་བྱས་པ་དང་། མུ་མཐུད་ནས་ས་ཁུལ་ཁ་ཤས་ནས་སྡེབ་གསོད་བྱས་པ་བཅས། སྔ་ཕྱི་རུ་མི་གྲངས་༡༠༠༠༠ལྷག་ཙམ་བསད་ཡོད་ཅིང་། ཤུལ་ལྷག་རྣམས་ཀྱང་དུག་རྫས་ཀྱི་རྐྱེན་པས་དབང་བོ་དང་རྐང་ལག་ལ་གནོད་སྐྱོན་ཚབས་ཆེན་འཐེབ་ནས་དཀའ་ངལ་དུ་མར་འཕྲད་ཡོད། དེ་ལྟར་ཕྱི་ནང་གི་རྐྱེན་གང་མང་ལ་བརྟེན་ནས་གོང་གི་ཁྲིམས་དེ་སྤྱི་ལོ་༢༠༠༥ནས་ལག་ལེན་བསྟར་ཐུབ་པ་བྱུང་ཡོད། ཁྲིམས་ལྟར་ང་ཚོར་རང་གི་སྲིད་གཞུང་དང་རང་གི་རྩ་ཁྲིམས་ཡོད་ཆོག་པ་ཡིན།

༣༽ ཁྱེད་རང་ཚོའི་རང་སྲིད་རང་སྐྱོང་ལ་བདག་དབང་གང་དང་གང་ཡོད་དམ།

ང་ཚོའི་ས་གནས་སྤྱི་མཐུན་རང་སྐྱོང་ལ་སྲིད་འཛིན་དང་རྩ་ཁྲིམས། གྲོས་ཚོགས་བཅས་ཡོད་ཆོག་ཐོག མི་རིགས་རང་གི་སྐད་ཡིག་གཞུང་ཡིག་བྱེད་ཆོག་པ་བཅས་ཡིན། ད་ལྟའི་སྲིད་འཛིན་ནི་མསོ་པཛནི་ཡིན། ཡིན་ན་ཡང་། ཨེ་རག་དབུས་གཞུང་གིས་བསྟུད་མར་དཀའ་ངལ་སྤྲོད་ཀྱི་ཡོད། ལྷག་དོན་རྡོ་སྣུམ་ཞེས་པའི་སྐད་ཆའི་ཐད། ང་ཚོའི་མི་རིགས་ངོས་ནས་ང་ཚོའི་ས་ཐོག་ཏུ་ཡོད་པའི་རྡོ་སྣུམ་ཕྱིར་ཚོང་བྱེད་ཀྱི་ཡོད། དེ་ལྟར་བྱེད་ཆོག་པའི་ཐོབ་ཐང་རྩ་ཁྲིམས་ནང་དུ་གསལ་བ་ཞིག་ཀྱང་ཡིན་ཡང་། ཨེ་རག་དབུས་གཞུང་གིས་རྩ་ཁྲིམས་ཀྱི་ཁེ་དབང་དང་རྒྱབ་འགལ་གྱིས་ཕྱི་ཚོང་བྱེད་བཅུག་གི་མེད། ཁོང་ཚོས་ཁྲིམས་ཀྱི་དོན་དངོས་ནི་རྒྱལ་ཁབ་ཀྱི་ས་གནས་ནང་ཁུལ་ཁོ་ནར་བཙོང་ཆོག་གི་ཡོད་པར་འགྲེལ་བཤད་བསྐྱོན་གྱི་ཡོད་ལ། ཡང་ཕྱི་ཚོང་བརྒྱུད་ནས་རྒྱལ་མཚམས་ཀྱི་དཀའ་རྙོག་བཟོ་ཉེན་ཆེ་རབས་ཀྱི་ཁག་དཀྲི་ས་མང་བོ་ཁྱེར་ཡོང་གི་ཡོད། འོན་ཀྱང་། ང་ཚོའི་མི་རིགས་ཀྱི་ཚོང་བ་ཆེ་ཁག་གིས་དེ་ལྟར་སྲིད་བྱུས་ཀྱི་མནན་མིན་ལ་མ་ལྟས་པར། བཟོ་གྲྭ་དང་ཚོང་བ་བརྒྱུད་ཚོང་ཐབས་བྱེད་ཐུབ་ཀྱི་ཡོད། ཡང་རྡོ་སྣུམ་གྱི་ཚོང་ཟོག་འདི་ང་ཚོའི་མི་རིགས་ཀྱི་ལག་པར་ཡོད་པ་དེ་ནི་ང་ཚོར་རང་སྲིད་རང་སྐྱོང་སྤྲོད་དགོས་ཐུག་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཆགས་ཡོད། ཡང་འདི་དུས་བར་ཏུ་ང་ཚོས་རང་གི་ས་ཁུལ་འདི་འདྲའི་ཕྱུག་པོ་ཞིག་ཡིན་པ་ངོ་འཕྲོད་བྱུང་མེད།

༤༽ རང་སྐྱོང་རང་སྲིད་བརྒྱུད་རང་ཚོའི་མི་མང་གི་གནས་སྟངས་སྔར་ལས་ཡག་ཏུ་ཕྱིན་ཡོད་དམ། དེང་གི་སྲིད་བྱུས་ཀྱི་གནས་བབ་ག་འདྲ་ཡིན་ནམ།

སྲིད་བྱུས་དེས་ཨེ་རག་གི་དབང་འོག་ཏུ་གནས་པའི་ང་ཚོའི་མི་རིགས་ཤས་གཅིག་ལ་བདེ་འཇགས་ཀྱི་འཚོ་བ་ཞིག་བསྐྲུན་ཐུབ་ཅེས་བཤད་ཆོག་པ་ཡིན། ཡང་རང་སྲིད་རང་སྐྱོང་གི་སྲིད་ཇུས་འདིའི་རྐྱེན་བྱས་ནས་ང་ཚོས་རང་བཙན་ཐོབ་འདོད་ཀྱི་འཐབ་རྩོད་ཀྱི་ངར་ཤུགས་ཉམས་དམུས་སུ་གཏོང་སོང་། ལྷག་དོན་རྡོ་སྣུམ་བཙོང་བའི་དངུལ་བབ་དང་ཚོང་འབྲེལ་གྱིས་ང་ཚོའི་མི་རིགས་ཀྱི་མིག་ལོང་བ་ལྟ་བུར་བཟོས་སོང་། ང་ཚོས་མཐར་ཐུག་གི་དམིགས་ཡུལ་དེ་རང་བཙན་ཡིན་པའང་བརྗེད་གྲབས་ཡོད།
ཡིན་ནའང་། གལ་སྲིད་ཁྱེད་ང་ཚོའི་ལུང་བར་ཡོང་ནས་སུ་དང་འཕྲད་ནས་སྐད་ཆ་དྲིས་ཀྱང་རང་བཙན་མི་དགོས་ཟེར་མཁན་གཅིག་ཀྱང་མེད་མོད། རང་བཙན་འཐབ་རྩོད་ལས་ལྷག་པའི་འཐབ་རྩོད་ཅིག་ཡོད་པ་དེ་ནི་རང་རང་གི་ཆབ་སྲིད་ཚོགས་པར་རྨོངས་ཞེན་གྱི་དབང་གིས་ནང་ཁུལ་མ་ཆགས་པའི་རྩོད་རྙོག་ཁོ་ནར་མགོ་གཡེང་ནས་བསྡད་ཡོད། དཔེར་ན། སྤྱི་ལོ་༡༩༩༤ལོར་མི་གྲངས་༢༠༠༠ལྷག་ཙམ་རྐྱེན་ལམ་དུ་གཏོང་ཡོད། དེ་ནི་ཆབ་སྲིད་ཚོགས་པ་ PDKདང་ PUKགཉིས་བར་ཆབ་སྲིད་ལྟ་བ་མ་མཐུན་པས་སྤུན་ཟླ་ནང་འཁྲུག་བྱུང་བས་བྱས་པ་ཞིག་རེད།
སྤྱིར་ཡོངས་ཀྱི་ཆ་ནས་བཤད་ན། དེ་ལྟར་ཨེ་རག་གི་མངའ་འོག་གི་རང་སྲིད་རང་སྐྱོང་གི་སྲིད་ཇུས་ཀྱིས་ང་ཚོའི་མི་མང་ལ་ལྟོས་འཇོག་གི་ལྷིང་འཇགས་ཤིག་བསྐྲུན་ཡོད་པ་ཡིན།

༥༽ རྒྱལ་ཁབ་བཞིའི་ནང་ཁ་འཐོར་ཏུ་གནས་པའི་ཁྱེད་ཚོའི་མི་རིགས་ཀྱིས་ཁྱེད་ཚོའི་ཐུན་མོང་གི་རང་བཙན་རྒྱལ་ཁབ་ཅིག་ཐོབ་འདོད་ཀྱི་འཐབ་རྩོད་བྱེད་ཀྱི་ཡོད་དམ།

ངས་གོང་དུ་བཤད་ཟིན་པ་ལྟར། ཨེ་རག ཨེ་རན། སེ་རིས་ཡ་དང་ཊིར་ཀི་བཅས་ཕྱོགས་གང་སར་གནས་པའི་ང་ཚོའི་མི་རིགས་ཀྱི་མི་སུ་ལའང་རང་བཙན་དགོས་མིན་དྲིས་ཚེ། དེ་དག་གི་ཐུན་མོང་གི་ལན་ནི་དགོས་ཞེས་པ་ཡིན། ཡང་དེའི་ཐད་འཐབ་རྩོད་ཀྱང་བྱེད་ཀྱིན་ཡོད་པའི་ཁུལ་རེད། འོན་ཀྱང་། མི་རིགས་དུམ་པུར་གཏོང་བའི་རྔམ་གནག་གི་སྲིད་ཇུས་འདིས་ང་ཚོའི་ཐུན་མོང་གི་དམིགས་ཡུལ་ཕྱོགས་སུ་བསྐྱོད་རྒྱུར་དཀའ་ངལ་འཛད་མེད་ཅིག་བསྐྲུན་ཡོད།
དཔེར་ན། སེ་རས་ཡའི་ནང་དུ་ཡོད་པའི་ང་ཚོའི་མི་རིགས་གནས་སའི་ས་ཁུལ་དེ། ཨེ་རག་དང་སེ་རས་ཡའི་རྒྱལ་མཚམས་འཁེལ་གྱི་ཡོད། རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་མཚམས་དཀའ་རྙོག་གི་དབང་གིས་ང་ཚོའི་མི་མང་མང་བོ་རྐྱེན་ཤི་འཐེབ་ཀྱི་ཡོད་ལ། ལྷག་དོན་ཊྲིར་ཀི་སྲིད་གཞུང་གི་ངོས་ནས་ཨ་ཁེ་ཏ་(Al-Qaeda)་ལ་ལྐོག་དངུལ་སྤྲད་ནས་དེར་ཡོད་ང་ཚོའི་མི་རིགས་ཀྱི་གྱེན་ལོག་པར་རྩ་མེད་གཏོང་གི་ཡོད།
དེའང་སེ་རས་ཡའི་ནང་འཁྲུག་གི་སྐབས་སུའམ་སྒེར་གཅོད་པའི་སྲིད་གཞུང་མགོ་རྟིང་ལོག་པའི་གྱེན་ལོག་ཕྱོགས་ཁག་ཆེ་ཤོས་དེ་ང་ཚོའི་མི་རིགས་ཀྱིས་སྣེ་ཁྲིད་ཚོས་ཚོགས་བསྡུ་བྱས་པ་ཞིག་ཡིན་ལ། ཁོང་ཚོའི་ངོས་ནས་ད་ལྟའི་ཆར་ཕྱོགས་འགལ་སྲིད་གཞུང་ཞིག་ཀྱང་བཙུགས་ཐུབ་པ་བྱུང་ཐོག རང་བཙན་དང་རང་སྲིད་རང་སྐྱོང་གང་ཐུབ་གང་དགོས་ཀྱི་སྐོར་གྱི་སྐད་ཆའང་འགྲོ་མུས་སུ་ཡོད་པ་རེད།

ཡང་ཨེ་རན་དུ་ཡོད་པའི་ང་ཚོའི་མི་རིགས་ཀྱི་གྲངས་འབོར་ཕལ་ཆེར་ས་ཡ་བདུན་ལྷག་ཙམ་ཡོད་པ་ཡིན་ཡང་། ཁ་ཆེ་ཆོས་ལུགས་སྤྱི་མཐུན་རྒྱལ་ཁབ་འདིས་ལོ་བསྟུད་མར་ང་ཚོའི་མི་རིགས་སྟེང་དྲག་གནོན་གཙོས། ཆོས་དང་རིག་གཞུང་རྒྱུན་བསྲིངས་བྱེད་དུ་མི་བཅུག་པའི་ཐབས་ཤེས་སྣ་མང་འཐེན་ཡོད། དེ་ལྟར་བསུན་གཙེར་ལན་མང་བྱས་མཐར་རམ། དེ་ཡི་མཇུག་འབྲས་ལྟ་བུ་སྤྱི་ལོ་༡༩༤༠ལོར་ཀརཌི་ཤི་(ང་ཚོ་)མི་རིགས་རང་ལུགས་ལྷན་ཚོགས་(KDP)ཞེས་པ་ཚོགས་པ་འཛུགས་དགོས་ཐུག་ཡོད།
ཡང་ང་ཚོ་མི་རིགས་ཀྱི་བདེ་སྡུག་དང་དྲང་བདེན་གཏམ་བཤད་གནང་པའི་ཀར་ཌ་ཤིའི་མཁས་དབང་དང་ལས་འགུལ་བ་སྟོང་ཕྲག་མང་བོ་སྲོག་ཁྲིམས་བཅད་ཡོད། དེ་ནང་ནས་དཔེ་མཚོན་གཅིག་ཞུ་ན། ལས་འགུལ་བ་ཨེཧསན་ཧཀྲཧན་ཁོང་སྤྱི་ལོ་༢༠༠༩ལོར་སྲོག་ཁྲིམས་བཅད་ཡོད། ཁོང་ལ་ཁྲིམས་བཤེར་བྱེད་མཁན་གྱི་ཁྲིམས་རྩོད་པའང་གླ་བཅུག་མེད། དེ་ལྟར་དྲང་བདེན་མ་ཡིན་པའི་ཁྲིམས་བཅད་དེའི་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ཡུལ་ལུང་གཞན་གྱི་ལས་འགུལ་བས་ཉེས་འཛུགས་སྐྱོན་བརྗོད་ནན་མོ་བྱས་ཡོད།

ཊྲིར་ཀི་ནང་དུ་ཡོད་པའི་ང་ཚོའི་མི་རིགས་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད། རྒྱལ་ཁོངས་དེའི་མི་རིགས་(ཊྲིར་ཀི་མི་རིགས)ཁྲོད་ང་ཚོའི་མི་རིགས་ནི་གྲངས་འབོར་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ཀྱང་། ཊྲིར་ཀི་སྲིད་གཞུང་གི་རྩ་ཁྲིམས་ངོས་ནས་ང་ཚོའི་མི་རིགས་ལ་རང་ལུགས་ཀྱི་མིང་དང་འདེགས་བཅུག་གི་མེད་ལ། སྐད་ཡིག་བདེ་སྤྱོད་ཆོག་གི་མེད། ཆབ་སྲིད་ཚོགས་པ་ཚུད་ཆད་ཡོད་མ་ཆོག་པ་བྱས་ཡོད། མ་ཟད་སྤྱི་ལོ་༡༩༨༣ནས་༡༩༩༡ལོར་ང་ཚོའི་མི་རིགས་ཀྱིས་བྲིས་པའི་བརྩམས་ཆོས་དག་ཀྱང་པར་སྐྲུན་བྱེད་མ་ཆོག་པར་བཀག་སྡོམ་བྱས་སོང་།
དེ་ལྟར་ཊྲིར་ཀི་གཞུང་གི་ངོས་ནས། ང་ཚོའི་མི་རིགས་སྟེང་རིགས་རྒྱུད་རྩ་མེད་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་བསྟུད་མར་ལོ་མང་སྤེལ་བར་བརྟེན། དེང་འདིར་ཊྲིར་ཀི་ལ་ཡོད་པའི་ང་ཚོའི་མི་རིགས་ཀྱི་མི་རབས་གསར་བ་ཁྲོད་མི་རིགས་རང་གི་སྐད་རྒྱག་ཤེས་མཁན་ཧ་ཅང་ཉུང་ཉུང་ཆགས་ཡོད།
མདོར་ན། ཨེ་རག་འོག་ན་རང་སྲིད་རང་སྐྱོང་ཐོབ་པའི་ང་ཚོའི་མི་རིགས་ཤས་འདིས་རང་བཙན་འཐབ་རྩོད་ཐད་ནུས་བ་བཏོན་ཐུབ་པ་དང་བཏོན་འོས་པར་ཅིག་ཆགས་ཡོད་ཀྱང་། ནང་ཁུལ་གྱི་ཆབ་སྲིད་ཚོགས་པའི་རྙོག་གླེང་ཁོ་ནས་ང་ཚོའི་ནུས་པ་གཅིག་ཏུ་སྒྲིལ་རྒྱུ་ཧ་ཅང་ཁག་པར་ཡོད།

༦༽ རྒྱལ་སྤྱིའི་ངོས་ནས་ཅི་ཕྱིར་ཀརཌི་སི་ཐན་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་མ་བྱས་པ་རེད་དམ།

སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། སྤྱི་ལོ་༡༩༢༠ལོར་དབྱིན་ཇི་ཡི་དབང་བསྒྱུར་སླེབས་ནས། ང་ཚོའི་མི་རིགས་ས་ཁོད་རིམ་པ་བཞིའི་(Syria, Iraq, Iran, and Turkey)ཁ་གཏོར་བཏང་བ་དང་། ཡང་དེང་གི་འཆར་ཀྱང་ས་ཁུལ་འདི་དག་གི་རྡོ་སྣུམ་ཕྱིར་ཚོང་གི་དབང་གིས། ཨ་རི། ར་ཤི་ཡ། རྒྱ་ནག་དང་ཡོ་རབ་བཅས་ཀྱི་ངག་བསྡམས་ཡོད། རྒྱུ་རྐྱེན་ཆེན་པོ་འདི་གཉིས་ཀྱི་སྟེང་ལ། ང་ཚོ་ཀརཌི་ཤི་མི་རིགས་ཀྱི་འགོ་ཁྲིད་ངོས་ནས་ཀྱང་རང་བཙན་གྱི་རྒྱལ་ཁབ་ཁབ་གཙང་ཡོང་ཐབས་ཀྱི་གོ་སྐབས་འཛིན་མ་ཤེས་པ་རེད། དེའང་སྤྱི་ལོ་༢༠༠༣ལོར་ཨ་རིས་ཨེ་རག་རྒྱལ་ཁབ་དྲག་གནོན་བྱེད་ནས་སྲིད་གཞུང་ཉམས་ཞན་གྱི་སྐབས་དང་བསྟུན། ང་ཚོའི་མི་རིགས་ཀྱིས་ཀྱང་གོམ་གང་མདུན་སྤོས་ཀྱིས་རྒྱལ་ཁབ་ཁབ་གཙང་ཞིག་བཙུགས་ཐུབ་ཀྱང་གོ་སྐབས་འཛིན་མ་ཤེས་པར་འཆོར་བ་རེད།

སྤྱི་ལོ་༢༠༠༥ལོར་རྒྱལ་ཁབ་ཁབ་གཙང་ཞིག་དགོས་པའི་སྐད་ཆ་དེ་སླར་ཡང་སླེབས་པ་བཞིན། ཨེ་རག་གྲོས་ཚོགས་ཀྱི་ཆབ་སྲིད་པ་གང་མང་ཞིག་དང་ང་ཚོའི་མི་རིགས་ཀྱི་སྣེ་ཁྲིད་པ་ཁྱོན་སྡོམ་མི་༩༧ཡིས་ང་ཚོའི་མི་རིགས་ལ་རྒྱལ་ཁབ་ཡན་གར་ཅིག་དགོས་པའི་འོས་ཤོག་ཐོབ་ཀྱང་། དུས་རྒྱུན་ནས་དབང་ཚད་ཆེ་ཤོས་ནི་ཆབ་སྲིད་པར་ཡོད་ཙང་། མཐར་མི་མང་གི་འབོད་སྒྲ་བརྩིས་མེད་ཀྱིས་རང་སྲིད་རང་སྐྱོང་གི་ལམ་ནས་ཨེ་རག་གི་ཆ་ཤས་བྱེད་ནས་འདུག་ཐག་བཅད་པ་རེད། ངས་སྐབས་འདིར་གཙོ་བོའི་ཨེ་རག་གི་མངའ་ཞབས་སུ་ཡོད་པའི་ང་ཚོའི་མི་རིགས་ཤས་གཅིག་འདིས་བྱེད་བབ་བཤད་ཀྱི་ཡོད།

༧༽ དེ་ན་ས་ཁོད་བཞིར་གནས་པའི་ཁྱེད་ཚོ་ཀར་ཌི་ཤི་མི་རིགས་ལ་ཐུན་མོང་གི་དམིགས་ཡུལ་ཡོད་དམ།

གོང་དུ་ངས་བཤད་ཟིན་པ་ལྟར། ང་ཚོའི་མི་རིགས་འདི་ས་ཁུལ་མ་འདྲ་བར་འཐོར་ཡུན་རིང་དྲགས་པའི་དབང་གིས། ད་ལྟའི་ཆར་གཅིག་སྒྲིལ་གྱི་སྒོ་ནས་རྒྱལ་ཁབ་ཁབ་གཙང་ཞིག་འཛུགས་རྒྱུའི་ཆོད་སེམས་དེ་ཉམས་ཚར་བ་ལྟ་བུ་རེད།
ལྷག་དོན་འདི་ལོའི་(༢༠༡༣)ཟླ་གསུམ་པའི་ནང་། ང་ཚོའི་སྲིད་འཛིན་གྱིས་ཨེ་རག་གི་མངའ་འོག་ཏུ་ཡོད་པའི་ཀརཌི་ཤ་མི་རིགས་ལ་རང་བཙན་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད། ཡིན་ནའང་དེ་ནི་ཨེ་རག་གི་ཤས་གཅིག་ཙམ་ལས་ས་ཁུལ་གཞན་དག་ཏུ་ཡོད་པ་རྣམས་བརྗེད་པ་རེད། རང་བཙན་གྱི་བསམ་བློ་ཕལ་ཆེར་ཚང་མར་ཡོད་པ་ལྟ་བུ་རེད་མོད། བཙན་འཛུལ་དང་དབང་བསྒྱུར། དམག་འཁྲུག་སོགས་རབ་དང་རིམ་པ་ཞིག་དང་བརྒྱུད་ནས་ཡོང་བའི་ང་ཚོའི་མི་རིགས་འདི་དེང་འདིར་རང་རང་གནས་སའི་ས་ཁུལ་དེའི་ཞེན་ཁག་ཀྱང་སླེབས་ཚར་བ་ལྟ་བུ་རེད། ཨེ་རག་ཏུ་ཡོད་པའི་ང་ཚོ་ལྟོས་འཇོག་གི་བརྟན་འཇགས་ལྟ་བུ་བྱུང་ཡོད། མ་མཐར་ཡང་གནས་སྐབས་རིང་བརྟན་ལྷིང་ཡིན།

ཡང་སྔ་མོ་ཞིག་ལ་འཛམ་གླིང་གང་སར་ཁྱབ་པའི་ང་ཚོའི་མི་རིགས་འདིས་ཁ་གཅིག་གྲགས་སུ་རང་བཙན་གྱི་རྒྱལ་ཁབ་ཁབ་གཙང་དུ་འདུག་རྒྱུའི་དགོས་འདུན་བཏོན་པ་འདྲ་མོད། དེང་འདིར་དེ་ནི་གྲོས་གླེང་ཙམ་དུ་གྱུར་ཅིང་། གྲོས་གླེང་གི་ཁྲོད་དུའང་གལ་སྲིད་དེ་འདྲ་བྱུང་ཡང་གཅིག་འགྱུར་གྱི་འགོ་ཁྲིད་བཀོད་ཁག་རབས་བཤད་ཀྱི་ཡོད། དེ་ནི་མི་རིགས་འདྲེས་སླད་དང་རིག་གཞུང་སྣ་མང་ཅན་དུ་འགྱུར་ཟིན་ཐོག སོ་སོའི་ཆབ་སྲིད་ཀྱི་འགོ་གཙོ་ནི་ལྷ་ལྟ་བུར་བརྩི་སྲོལ་དར་བས་རེད།
དཔེར་ན། ཊྲིར་ཀི་ནང་དུ་ཡོད་པའི་ང་ཚོའི་མི་རིགས་ཀྱི་ཚོགས་པའི་(PKK)ཚོགས་མི་ཤས་གཅིག་གིས་སྲིད་གཞུང་ངོས་ནས་ང་ཚོའི་མི་རིགས་སྲུང་སྐྱོབ་དང་གཞི་རིམ་གྱི་ཐོབ་ཐང་ཁག་མཁོ་སྤྲོད་དགོས་སྐོར་གྱི་ཉིན་གྲངས་༦༨རིང་ཟས་བཅད་ངོ་རྒོལ་བྱས་མཐར། ཚོགས་པ་འདིའི་འགོ་ཁྲིད་ཨབ་དོ་ཨོ་ཁོ་ལན་(Abdulla Ocalan)ལགས་སྐབས་དེར་བཙོན་ཁང་དུ་ཡོད་ཀྱང་། ཁོང་གིས་ཁོའི་ནུ་བ་བརྒྱུད་ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་སྐོར་གྱི་སྐད་བསྐུར་བ་བཞིན། སྐད་འཕྲོད་པའི་ཕྱི་ཉིན་དེ་ག་རང་ལ་མཚམས་འཇོག་བྱས་ཡོད།
ཡང་སི་རས་ཡའི་སྲིད་གཞུང་ལ་གྱེན་ལོག་བྱེད་མཁན་གྱི་ཕྱོགས་ཁག་ཆེ་ཤོས་དེ་ང་ཚོའི་ཀརཌི་ཤི་མི་རིགས་ཡིན་ལ། ཁོང་ཚོས་ལས་འགུལ་ཚོགས་པ་དེའི་འགོ་གཙོས་མཛུབ་མོ་གར་བསྟན་ཤར་ལྟ་བུ་ཡིན། དེ་དག་གི་སྒོ་ནས་ཅི་ཞིག་མཚོན་པ་ཁྱེད་ཅག་གིས་ཅིས་ཀྱང་ལོས་ཤེས།

༨༽ ཁྱེད་རང་ཚོའི་མི་མང་གི་བསམ་བློའི་ནང་རང་སྲིད་རང་སྐྱོང་ནི་རང་བཙན་ཐོབ་ཐབས་ཀྱི་གོམ་པ་དང་བོ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་དམ།

རེད། དེ་འདྲ་ཞིག་ཏུ་འདོད་ཀྱི་ཡོད་པ་རེད། དེ་ནི་འདོད་པ་ཙམ་ཡིན། སྤྱིར་རང་བཙན་ནི་ཕྱོགས་ཡོངས་ཀྱི་ཀརཌི་ཤིའི་མི་རིགས་གཅིག་སྒྲིལ་བྱུང་རྒྱུ་ནི་ཐོག་མའི་ཆ་རྐྱེན་དང་། དེ་ནས་ཐུན་མོང་གི་དམིགས་ཡུལ་གཅིག་ཡོད་རྒྱུ་རིམ་པ་གཉིས་པ་ཆགས་ཡོད་པ་ཡིན། དེ་ལྟར་གཅིག་སྒྲིལ་དང་དམིགས་ཡུལ་གཅིག་འཛིན་རྒྱུ་ནི་འཐབ་རྩོད་ཀྱི་ངར་ཤུགས་དང་མ་རྩ་ཡིན་མོད། ང་ཚོའི་ནང་ཁུལ་གྱི་ཆབ་སྲིད་རྙོག་གླེང་གིས་ང་ཚོའི་ཐུན་མོང་གི་དམིགས་ཡུལ་དང་ལངས་ཕྱོགས་འབོར་ལ་ཉེ་བ་ཡིན།

༩༽ ཁྱེད་ཚོའི་འཐབ་རྩོད་ཁྲོད་བུད་མེད་ཀྱི་ཆ་ཤས་ལེན་གྱི་ཡོད་དམ།

ཡོད་པ་རེད། ཊྲིར་ཀིའི་ས་ཁུལ་གྱི་ང་ཚོའི་མི་རིགས་ཀྱི་བུད་མེད་པད་ཞ་མར་གྷས(Peshmergas )། “མ་ཤི་བར་དུ་”ཞེས་པའི་གསར་བརྗེ་ལས་འགུལ་སྣེ་ཁྲོད་བུད་མེད་ཧ་ཅང་མང་བོ་ཡོད་པ་རེད། ཡང་བུད་མེད་འཐབ་རྩོད་ནང་ཞུགས་པ་འདི་ནི་ང་ཚོའི་མི་རིགས་འདིས་རང་བཙན་ཅིས་ཀྱང་ལེན་དགོས་པའི་རྒྱུ་མཚན་ཆེ་ཤོས་ཤིག་ཏུ་གྲངས་ཀྱི་ཡོད་རེད། བུད་མེད་ཚོ་ཤེས་ཡོན་དང་ཆབ་སྲིད་གཉིས་ཀའི་ཆ་ཤས་ལེན་གྱི་ཡོད། ཕོ་དང་མཉམ་དུ་ལས་འགུལ་དང་འཐབ་རྩོད་ནང་ཞུགས་པའི་བུད་མེད་ཁོང་ཚོར་སྦྱོང་བརྡར་ཡང་ཐོབ་ཡོད། ཁོང་ཚོའི་ལན་རེར་འཐབ་འཛིང་ནང་ཞུགས་པ་དང་། ཡང་མཚམས་འཐབ་མོ་བ་ཕོ་ཚོར་བསྡོད་གནས་མཁོ་སྤྲོད་དང་རི་ལ་བྲོ་བསྐྱལ་མཁན་བྱས་ཀྱི་ཡོད་རེད །

མ་ཟད་ཊྲིར་ཀིའི་ནང་ལས་འགུལ་བ་ཨབ་དོལ་ཨོ་ཁ་ལན་(Abdulla Ocalan )གྱིས་སྤྱི་ལོ་༡༩༨༠ལོར་བཙུགས་པའི་ཀར་ཌི་ཤིའི་ལས་བཟོ་བའི་ཚོགས་པའི་ཚོགས་ཁུངས་སུ་བུད་མེད་ཧ་ཅང་མང་བོ་ཡོད་ཅིང་། དེ་དག་ནི་འཐབ་རྩོད་ནང་ཞུགས་ཤུགས་ཆེ་ཤོས་ལྟ་བུའམ། ཚོགས་པའི་ཚོགས་མིའི་སྐྱེས་ཕོ་མོ་མེད་པར་ཀརཌི་སི་ཐན་རང་བཙན་མ་ཐོབ་བར་ཏུ་གཉེན་སྒྲིག་མི་བྱེད་པའི་དམ་བཅའ་ཡང་བཞག་ཡོད་པ་རེད།

༡༠༽ དེ་ན་འཐབ་རྩོད་ཀྱི་སྣེ་འཁྲིད་ཐུབ་མཁན་གྱི་བུད་མེད་བྱུང་ཡོད་དམ། ཡོད་ན་སུ་དང་སུ་རེད།

ཡོད་པ་རེད། ལེ་ལ་ཛ་ན་དང་( LeylaZana)། པད་ཞ་མར་གྷས(Peshmergas)། ཧབ་ས་ཀན་ནི་ནཁབ(HapsaKhaniNaqib)། ལེ་ལ་ཁའ་སམ(LeylaQasim)་དང་མར་གྷ་ཌི(Margret)བཅས་རེད། ཁོང་ཚོའི་མིང་དེ་ཀུན་གྱིས་ཤེས་པ་ལྟ་བུ་ཡིན།
གོང་དུ་ངས་ཞུས་ཟིན་པ་ལྟར། བུད་མེད་ པད་ཞ་མར་གྷས(Peshmergas )ལགས་ཀྱིས་“མ་ཤི་བར་དུ་”ཞེས་པའི་ལམ་ནས་སྒེར་གཅོད་པ་བྷ་ཐ་ལ་ངོ་རྒོལ་གྱི་ནུས་པ་ཤུགས་ཆེར་ཐོན་ཡོད།
ཧབ་ས་ཀན་ནི་ནཁབ(HapsaKhaniNaqib )ལགས་སྤྱི་ལོ་༡༨༩༡ལོར་གཞིས་ཀ་ཆེན་པོ་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཁོང་ནི་ཡོངས་གྲགས་སུ་ཤེས་ཡོན་གྱི་མཚོན་དོན་ལྟ་བུར་མཐོང་གི་ཡོད། ཁོང་གིས་ཀར་ཌི་ཤིའི་མི་རིགས་འདུས་བསྡོད་ས་ཁུལ་གང་མང་སྒེར་གཉེར་སློབ་གྲྭ་བཙུགས་ཤིང་། བུད་མེད་ལ་ཤེས་ཡོན་སློབ་སྦྱོང་མཁོ་སྤྲོད་བྱས་པའི་ལམ་ནས་བུད་མེད་ཀྱི་གནས་བབ་ཇེ་ཡག་ཏུ་གཏོང་མཁན་ཞིག་ཡིན།
དེ་མཚུངས་སུ་ལེ་ལ་ཁའ་སམ(LeylaQasim)་དང་མར་གྷ་ཌི(Margret)གཉིས་ནི་ལྕམ་ ལེ་ལ་ཛ་ན་དང་( LeylaZana)ལགས་ཀྱིས་གསར་བརྗེ་སྣེ་ཁྲིད་ཁྲོད་ཞུགས་ནས་གསར་བརྗེ་ཡི་བརྒྱ་ཁ་ཆེན་པོ་ལེན་གྲས་དང། གསར་བརྗེ་ལས་འགུལ་དེ་བརྒྱུད་ང་ཚོའི་མི་རིགས་ཀྱི་གནས་བབ་ཇེ་ཡག་ཏུ་གཏོང་ཡོད།
ཡང་ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་། ཁོང་ནི་ཀར་ཌི་ཤཱའི་ཕོ་མོ་ཡོངས་ཀྱི་སེམས་ཤུགས་འབྱུང་ས་དང་ནང་ཁུལ་འགྲིག་མཐུན་གྱི་གྲོས་གཞི་འདྲི་ས་གཅིག་པུ་ཡིན། ཁོང་འཛམ་གླིང་ཞི་བདེ་གཟེངས་རྟགས་ཀྱི་འོས་མིའི་ཁྲོད་ཐེངས་གཉིས་སླེབས་ཤིང་། སྔ་ཕྱི་རུ་གཟེངས་རྟགས་མང་བོ་ཐོབ་མྱོང་མཁན་ཞིག་ཡིན།

སྤྱི་ལོ་༡༩༩༤ལོར་ཁོང་ཊྲིར་ཀི་གྲོས་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་ཞིང་། ཁོང་མོས་གྲོས་ཚོགས་ཀྱི་དམ་བཅའི་སྐབས་སུ་“ངས་ང་འདིར་སླེབས་པ་ནི་ཊྲིར་ཀི་མི་རིགས་དང་ཀརཌི་ཤི་མི་རིགས་གཉིས་མཐར་ཞི་མཐུན་འགྲིག་འཇགས་ཡོང་བའི་མཚོན་དོན་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་”ཅེས་བཤད་པ་ལ་བརྟེན་ནས། ཁོང་མོ་མི་ལོ་བཅུར་བཙོན་འཇུག་བྱས་པ་རེད།
བཙོན་ནས་གློད་རྗེས། སྤྱི་ལོ་༢༠༠༥ལོར་ཁོང་མོས་མང་གཙོའི་ཚོགས་པ་ཞིག་གསར་བཙུགས་བྱས་པ་རེད། ཡིན་ན་ཡང་། ཚོགས་པ་དེ་བཙུགས་ནས་ལོ་གསུམ་ཡང་མ་འགོར་བར་སྤྱི་ལོ་༢༠༠༨ལོར་ཁོང་མོ་སླར་ཡང་བཙོན་འཇུག་གིས་ལོ་བཅུར་ཁྲིམས་ཐག་བཅད་པ་རེད་མོད། ཐེངས་འདིར་རྒྱལ་སྤྱི་དང་ཡོ་རབ་མཉམ་སྤྲེལ་གྱི་ངོས་ནས་ཉེས་འཛུགས་སྐྱོན་བརྗོད་ཀྱི་དབང་གིས་གློད་གྲོལ་བྱས་དགོས་འཁེལ་བ་རེད། དེ་ལྟ་མོད། ཊྲིར་ཀི་ཁྲིམས་ཁང་གི་ངོས་ནས་སླར་ཡར་ཁོང་མོ་ཟླ་ངོ་༡༥བཀག་གཉར་བྱས་པ་མ་ཟད་། ཁོང་མོ་དང་ལྷན་དུ་ང་ཚོའི་མི་རིགས་ཀྱི་ཆབ་སྲིད་པ་༣༠ཆབ་སྲིད་ཐོབ་ཐང་ལོ་༥་འཕྲོག་པ་རེད།
སྤྱི་ལོ་༢༠༡༡ལོར་ཁོང་མོ་བཀག་གཉར་འོག་ཏུ་ཡོད་མིན་ལ་མ་ལྟས་པར་སླར་ཡང་གྲོས་ཚོགས་འཐུས་མིར་འདེམས་ཤིང་འོས་གྲངས་ཀྱང་ཧ་ཅང་མང་བ་ལ་བརྟེན་ནས། སྲིད་གཞུང་གི་ངོས་ནས་བརྩི་མེད་གཏོང་མ་ཐུབ་པ་རེད།

སྤྱིར་ཊྲིར་ཀི་སྲིད་གཞུང་གིས་འཇིགས་བསྐུལ་རིང་ལུགས་པ་ཨ་ཁེ་ཏ་དང་ལག་སྤྲེལ་གྱིས་ང་ཚོའི་མི་རིགས་རྩ་རྫོགས་ཀྱི་ལས་འགུལ་སྤེལ་མུས་སུ་ཡིན་པ་བཞིན། ང་ཚོའི་མི་རིགས་ཀྱི་སྐྱེས་ཕོ་མོ་རྣམས་དུས་རྒྱུན་ནས་འཐབ་རྩོད་ཅིག་གི་ཁྲོད་དུ་ཟིམ་བསྡད་ཡོད། ཡང་དེའི་ཐད་ལ་ཁོང་མོས་བཅར་འདྲི་ཞིག་གི་ལན་དུ་ “གལ་སྲིད་སྐྱེས་པ་ཕོ་རྣམས་ཀྱི་འཛིང་མ་ཐུབ་ཚེ། ང་ཚོ་བུད་མེད་ཚོས་འཛིང་ཆོག་” ཅེས་ལན་བསྐྱོན་ཡོད། དེ་ལྟར་བུད་མེད་སྣེ་ཁྲིད་ཁོང་ཚོས་གཉའ་གནོན་ལ་ངོ་རྒོལ་བྱས་ཐོག བུད་མེད་ཀྱི་ཐོབ་ཐང་དང་ཤེས་ཡོན་ལ་དོ་ཁུར་ཆེ་བཞེས་གཙོས། ང་ཚོའི་མི་རིགས་ཀྱི་བདེ་སྡུག་ཕྱིའི་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་རྒྱུ་བཅས་རེད།

༡༡༽ བུད་མེད་སྣེ་ཁྲིད་དེ་དག་གི་ད་ལྟའི་གནས་བབ་ག་འདྲ་ཡིན་ནམ།

ཨེ་རག་འོག་གི་རང་སྲིད་རང་སྐྱོང་གི་ཁུལ་གྱི་བུད་མེད་སྣེ་ཁྲིད་གཙོས་པའི་བུད་མེད་ཀྱི་གནས་བབ་ཅུང་ཟད་ཡག་པོ་ཡོད་པའི་ཁུལ་རེད། མི་མང་ངོ་ཚབ་ཀྱིས་གྲོས་ཚོགས་ལ་ཞུ་གཏུགས་དང་འབོད་སྒྲ་བསྐྱལ་ཆོག་གི་ཡོད། ཡིན་ནའང་། ས་ཁུལ་གཞན་གསུམ་གྱི་ནང་གི་བུད་མེད་ཀྱི་གནས་སྟངས་སྤྱི་དང་། ཆབ་སྲིད་ཀྱི་ཐོབ་ཐང་ཅུང་ཟད་ཞན་པོ་ཡོད་པ་རེད། དཔེར་ན་གོང་དུ་ངས་ཞུས་པ་བཞིན། ལྕམ་ལེ་ལ་ཛ་ན་དང་( LeylaZana)ལྟ་བུའི་གནས་ཚུལ་གྱི་སྟེང་ནས་ང་ཚོས་གང་འཚམས་ཞིག་རྟོགས་འགྲོ་གི་རེད། དེ་དང་དེ་འདྲ་ག་ཚོད་ཡོད་མེད།

༡༢༽ ཕོ་དང་བུ་མོ་ཡིས་ཆབ་སྲིད་འཐབ་རྩོད་ཀྱི་ཆ་ཤས་ལེན་ཚད་དམ་བརྒྱ་ཆ་ག་ཚོད་ཙམ་ཟིན་གྱི་ཡོད་དམ།

ཊྲིར་ཀི་ཁུལ་གྱི་བུད་མེད་ཀྱི་ཆ་ཤས་ལེན་ཚད་དེ་ཕལ་ཆེལ་བརྒྱ་ཆ་༤༠ཡིན་ངེས། དེ་མིན་ཞིབ་ཆ་ང་ལ་ཞུ་ཡ་མེད།བུ་མོ་ཨ་ཛེན་ཨསེན་ཧྥེཌི་(Azheen Ihsan Fuad)ལགས་ནི་རང་ལོ་བཅོ་བརྒྱད་དང་། ཨེ་རག་གི་ཨ་མེ་རི་ཀ་གཙུག་ལག་སློབ་གླིང་(America university of Irag )དུ་རྒྱལ་སྤྱིའི་ཕྱི་འབྲེལ་གྱི་ཞིབ་འཇུག་སློབ་མ་འདོན་གྱི་ཡོད། ངེད་ལྷན་ཚོགས་ཀྱིས་འདི་ལོ་ནས་དཀྱིལ་ཤར་ཨེ་ཤ་ཡའི་བུད་མེད་དང་བླངས་ལེན་པའི་ལེ་ཚན་བརྒྱུད་འདིར་སླེབས་ནས་ཟླ་ངོ་གཅིག་རིང་བསྡད་ཅིང་། དེའི་རིང་མོས་ངེད་བུད་མེད་ལྷན་ཚོགས་ཀྱི་པར་སྐྲུན་ཁག་གཙོས་བོད་དོན་དང་བོད་ཀྱི་སྤྱི་ཚོགས་རྒྱུས་ལོན་གྱིས་ཕྱིར་ལོག་ཅིང་། འདུག་ཡུན་རིང་མོས་ཁོང་ཚོའི་མི་རིགས་ཀྱི་འཐབ་རྩོད་དང་བཙན་འཛུལ་གྱི་དཀའ་སྡུག་མྱོང་སྟངས་སོགས་མིག་ཆུ་དང་བཅས་ང་ཚོར་རྒྱས་བཤད་གནང་སོང་།

བཅར་འདྲི།

Post navigation

Previous Post: བོད་ཡུལ་གྱི་སྣོད་བཅུད་ལ་གདམས་པ་བློ་ལྡན་ཉི་མའི་འོད་སྣང་།
Next Post: ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག

Comment (1) on “དཀྱིལ་ཤར་ཨེ་ཤ་ཡའི་བུད་མེད་དང་དྲི་བ་དྲིས་ལན།”

  1. དྲན་དཀར་དཔལ་ཡོན་ says:
    2013-09-04 at 12:07 pm

    བཀའ་དྲིན་ཆེ་ཨ།
    ༄༅།གལ་སྲིད་སྐྱེས་པ་ཕོ་རྣམས་ཀྱི་བསྒྱུར་མ་ཐུབ་ཚེ་ ང་ཚོ་བུད་མེད་ཚོས་སྒྱུར་ཆོག་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme