Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་རྒྱལ་ཡོངས་དགེ་འདུན་མཆོད་པ་དང་བོད་བརྒྱུད་ནང་བསྟན་གྱི་མཉམ་འབྲེལ།

Posted on 2013-08-31 By ཁ་བརྡ་ 9 Comments on ཐའེ་ཝན་རྒྱལ་ཡོངས་དགེ་འདུན་མཆོད་པ་དང་བོད་བརྒྱུད་ནང་བསྟན་གྱི་མཉམ་འབྲེལ།

གནས་ཚུལ་མཁོ་སྤྲོད་པ། རྫ་ཚེ་རིང་བཀྲ་ཤིས།

0-1ཉེ་བའི་སྤྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ལྔའི་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེའི་ཉེ་འགྲམ་གྲོང་ཁྱེར་གྱི་ལས་རྩལ་ར་བ་ཞིག་ཏུ་ལོ་ལྟར་འཆར་ཅན་འཚོགས་བཞིན་པའི་རྒྱལ་སྤྱིའི་དགེ་འདུན་མཆོད་པའི་ཆོས་འཁོར་ཆེན་མོ་འཚོགས་ཡོད་པ་དང་། སྔ་དྲོའི་ཆར་རྩེད་ཐང་ར་བའི་ཚོམས་སུ་དགེ་འདུན་པ་སྟོང་ཕྲག་དུ་མ་དང་། དད་ལྡན་ཁྲི་ཕྲག་བརྒལ་བ་མཉམ་དུ་ཚོགས་ཞིང་། ཉིན་གུང་གསོལ་ཚིགས་གྲུབ་རྗེས་ཕྱི་དྲོའི་ཆར་རྒྱ་བརྒྱུད་དང་བོད་བརྒྱུད་དཀྱིལ་འཁོར་ཁག་སོ་སོར་བྱས་ནས་མུ་མཐུད་འཚོགས་ཡོད།

དེ་ཡང་རྒྱལ་སྤྱིའི་དགེ་འདུན་མཆོད་པའི་ཚོགས་ཆེན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པར་རང་འགུལ་གྱིས་འབྲེལ་བ་གནང་སྟེ། བོད་བརྒྱུད་ཀྱི་དགེ་འདུན་པ་དག་ལོ་སྔ་མ་དག་ལས་སྒྲིག་འཛུགས་ཡོད་པ་དང་ཚགས་ཚུད་པའི་སྒོ་ནས་མཉམ་ཞུགས་ཡོང་ཆེད། ཞིབ་འཇུག་ཚོགས་པས་གོ་སྒྲིག་ལས་རིམ་གྱི་འགན་ལེན་མཐུན་གྱུར་ཡོང་བ་དང་། དེའི་འབྲེལ་ཡོད་ཀྱི་འགྲོ་སོང་ཡོངས་རྫོགས་ཚོགས་ཆེན་ནས་གཏོང་གནང་རྒྱུ་བཅས་ལ་བཀའ་མོལ་བྱུང་བ་ལྟར་ཞིབ་འཇུག་ཚོགས་པའི་ངོས་ནས་དང་ལེན་གནང་རྗེས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་དག་གིས་གཙོས་པའི་དགེ་འདུན་པ་གདན་འདྲེན་དང་། ཚོགས་ཁང་གི་རྒྱན་དང་གཤམ་བཀོད་ཀྱི་འཆར་འགོད། དགེ་འདུན་པའི་མནབ་བཟའ་དང་སྒྲིག་ཆས། ཆོ་ག་དང་འབུད་རྡུང་དཀྲོལ་གསུམ་གྱི་ཆ་ལག་སོགས་མཐུས་སྒོ་ཚང་བའི་གྲྭ་སྒྲིག་དང་། ཁྱད་པར་མདོ་སྔགས་ཐུན་མོང་གི་ལུགས་ཀྱི་ཐུབ་པའི་དཀྱིལ་འཁོར་རྡུལ་མཚོན་གྱིས་དངོས་སུ་བཞེངས་པ་སོགས་མཛད་ཡོད།

0-2དེ་ཡང་ལས་རིམ་ཧྲིལ་པོ་མཁན་པོ་ཆོས་ཉིད་དོན་རྟོགས་དང་། ཐའེ་ཝན་གནས་བཞུགས་གྲྭ་སྤེན་པ་སོགས་ཀྱིས་གཙོ་འགན་ཁུར་པའི་ཐོག་ནས་སྒྲུབ་ཅིང་། དངོས་གཞིའི་ཆོ་ག་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་སྔ་འགྱུར་རྙིང་མའི་རྫ་ཀིཿ་ལུང་སྤྲུལ་སྐུ་དང་། བཀའ་བརྒྱུད་ཀྱི་མཁན་པོ་ཚུར་རྣམ་རིན་པོ་ཆེ། ས་སྐྱའི་བཀྲ་ཤིས་རིན་པོ་ཆེ། དགེ་ལུགས་ཀྱི་སྤྲུལ་སྐུ་ཨ་ཀ་རིན་པོ་ཆེ། ཇོ་ནང་གི་མཐུས་ཚབ་ཀཿཐོག་རིག་འཛིན་ཆེན་པོ་རིན་པོ་ཆེ་བཅས་ཀྱི་དབུས་པའི་མཁན་སྤྲུལ་དགེ་བཤེས་དང་། བོད་ཀྱི་དགེ་འདུན་པ་བརྒྱ་ལ་ཉེ་བས་དབུས་པའི་བོད་བརྒྱུད་དད་ལྡན་པ་ལྷན་བཞུགས་ཀྱི་ཚོགས་པ་དངོས་སུ་འཚོགས་ཡོད་ཅིང་། ཚོགས་པའི་རྣམ་པ་དང་སྒྲིག་འཛུགས་སོགས་ལ་ཚོགས་ཆེན་གྱི་དབུ་འཛིན་རྒན་གཞོན་(ཧའེ་ཐའོ་ཧྥ་ཧྲི་སོགས)འབྲེལ་ཡོད་མི་སྣས་ཀྱང་ཧ་ཅང་གདེང་འཇོག་མཐོན་པོ་ཐོབ་ཡོད་པ་དང་། སང་ཕོད་ཀྱང་འདི་བཞིན་ཞིབ་འཇུག་ཚོགས་པས་ཐུགས་འགན་བཞེས་པའི་ཐོག་ནས་གོ་སྒྲིག་གནང་རྒྱུའི་རེ་བསྐུལ་བྱས་འདུག

དེ་བཞིན་ཆོས་ལུགས་ཀྱི་ཆོ་གའི་གཟི་བྱིན་དང་། ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་ཐུན་མིན་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་ཀྱིས་དད་ལྡན་པ་ཧ་ཅང་མང་པོ་ཞིག་གི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་སུ་བཅུག་པའི་ཁར། ཐའེ་ཝན་མི་མང་གི་སེམས་ངོགས་ཀྱི་བོད་ཀྱི་ཆོས་དང་ཆོས་ལུགས་རིག་གནས་ཀྱི་སྣང་ཚུལ་ལ་བཟང་ཕྱོགས་ཀྱི་མཐོང་སྣང་གང་ལེགས་བསྐྲུན་ཐུབ་ཡོད་པར་མ་ཟད། བོད་བརྒྱུད་གྲུབ་མཐའ་ཁག་གི་བར་ཡང་ཐུན་མོང་མིན་པའི་མཐུན་ལམ་དང་མཉམ་འབྲེལ་གྱི་ཧ་ཅང་ལེགས་པོ་ཡོད་པའི་མཐོང་སྣང་ཚོགས་ཞུགས་པ་ཀུན་ལ་བྱུང་ཡོད།

0-3དེ་བཞིན་སྔ་གྲོའི་ཆར་ཚོམས་ཆེན་ར་བ་རང་དུ་ཡང་། ཚོགས་ཆེན་གྱི་གཙོ་སྐྱོང་བ་དང་མདོ་འཛིན་རྣམ་པས་བོད་བརྒྱུད་ཀྱི་སྡེ་ཚན་དང་། ཆོས་བརྒྱུད་ཁག་གི་རིན་པོ་ཆེ་རྣམ་པར་དམིགས་བསལ་མཚན་འདོན་གནང་ནས་ངོ་སྤྲོད་ཞུས་ཏེ་སྡིང་ཆར་གདན་འདྲེན་ཞུས་པ་སོགས་བཀུར་བཟོས་ཧ་ཅང་ཆེན་པོ་གནང་ཡོད་པ་དང་། འདི་ནི་ལོ་འགའི་རིང་ནས་ཐའེ་ཝན་གྱི་ཚོགས་པ་བྱེ་བྲག་པས་དམིགས་ཡུལ་ཡོད་པའི་ཐོག་ནས་བོད་བརྒྱུད་ནང་བསྟན་ནང་པ་སྤྱི་དང་ཐའེ་ཝན་སྤྱི་ཚོགས་གཉིས་ཆར་གྱི་གྲལ་ནས་འཕུད་པར་ཐབས་ཤེས་ཡོད་རྒུ་བྱེད་བཞིན་པར་ནུས་པ་ལྡན་པའི་བརྡ་ལན་ཅིག་སྤྲད་ཡོད་པ་རེད།

ཐེངས་འདི་ནི་ཐའེ་ཝན་གྱི་རྒྱལ་ཡོངས་རང་བཞིན་གྱི་ནང་པའི་ཆོས་ལུགས་མཛད་སྒོ་ཆེ་ཤོས་དགེ་འདུན་མཆོད་པ་ལ་བོད་ཀྱི་ཆོས་བརྒྱུད་ཁག་ཡོངས་རྫོགས་ཐུན་མོང་ཐོག་མཉམ་ཞུགས་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང་། དགེ་འདུན་མཆོད་པ་འདི་ཡང་ཐའེ་ཝན་གྱི་གནས་བརྟན་དང་བླ་ཆེན་ཆེ་ཤོས་ཁག་གིས་དབུ་ཁྲིད་གནང་བའི་རྒྱལ་ཡོངས་ནང་པའི་ལོ་བསྟར་གྱི་ཆོས་ཕྱོགས་ཀྱི་ལས་འགུལ་ཆེ་ཤོས་དེ་ཡིན་པ་རེད།

གསར་འགྱུར།

Post navigation

Previous Post: གསོན་འདྲེ་བཏུལ་བ།
Next Post: སྙིང་གི་ཕྱེད་ཀ

Comments (9) on “ཐའེ་ཝན་རྒྱལ་ཡོངས་དགེ་འདུན་མཆོད་པ་དང་བོད་བརྒྱུད་ནང་བསྟན་གྱི་མཉམ་འབྲེལ།”

  1. དྲན་དཀར་དཔལ་ཡོན་ says:
    2013-08-31 at 12:26 pm

    བསྟན་འཛིན་ཞབས་བརྟན་ཐུགས་མཐུན་དགེ་འདུན་རྣམས།
    བསྟན་པ་འཁོར་ལོ་གསུམ་གྱིས་སྐྱོང་བ་དང་།
    བསྟན་ལ་དད་པའི་སྐྱེས་བུས་ས་སྟེང་ཁྱབ།
    རིས་མེད་རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག
    ཅེས་༧གོང་ས་མཆོག་གིས་གསུང་ས་པ་ལ་མངོན་པར་བསྟོད་དོ།

  2. དབྱངས་ཅན་འབངས། says:
    2013-08-31 at 12:56 pm

    རིས་མེད་བསྟན་འཛིན་ཐུགས་མཐུན་བཀྲ་ཤིས་ཤོག།
    རིས་མེད་ཆོས་ལ་སློབ་པའི་བཀྲ་ཤིས་ཤོག།
    རིས་མེད་བསྟན་པ་དར་བའི་བཀྲ་ཤིས་ཤོག།
    རིས་མེད་སྐྱེ་རྒུ་བདེ་བའི་བཀྲ་ཤིས་ཤོག།

  3. ཨ་ཕྱི་ཆོས་སྒྲོན says:
    2013-08-31 at 4:01 pm

    ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་ཆོས་ཀྱི་རྗེས། །
    ཟབ་རྒྱས་རྟེན་འབྲེལ་གནད་གསང་བསྟན་པ་ཡིས། །
    བཤད་སྒྲུབ་ཕྲིན་ལས་ཕྱོགས་མཐར་ཁྱབ་པ་དང་། །
    འགྲོ་ཀུན་བདེ་སྐྱིད་པའི་སྨོན་ལམ་འདེབས། །

  4. སྤོབས་པ་མཐའ་ཡས། says:
    2013-08-31 at 7:28 pm

    དགེ་འདུན་པ་མཆོད་རྒྱུ་དེ་ཡང་གལ་ཆེན་པོ་ལོས་ཡིན། དགེ་འདུན་པས་འཛམ་བུ་གླིང་གི་སྤྱི་ཚོགས་ལ་མཆོད་པ་འབུལ་དགོས་པ་དེ་ལས་ཀྱང་གལ་ཆེན་རེད། སངས་རྒྱས་རང་གི་དམིགས་ཡུལ་ངོ་མ་དེ་ནི་དགེ་འདུན་པ་ཟེར་བ་དེ་འགྲོ་བ་སེམས་ཅན་གྱི་མཆོད་གནས་བྱ་རྒྱུ་དེ་མ་ཡིན་པར་དགེ་འདུན་པ་ཟེར་བ་དེ་འགྲོ་བ་སེམས་ཅན་གྱི་གཡོག་པོར་འགྱུར་ཐུབ་པ་དེ་རེད། ད་ནི་སྤྱི་ཚོགས་ཀྱི་དགེ་འདུན་པ་ཨེ་མཆོད་ལྟ་བ་ལས་ཀྱང་དགེ་འདུན་པས་མར་འགྲོ་བ་སེམས་ཅན་མཆོད་པའི་ལས་འགུལ་སྤེལ་རོགས།

  5. བཀྲ་ཡེ་ཚང་། says:
    2013-09-01 at 6:33 am

    དེང་སང་བོད་པ་ཚོས་ཁྱབ་བསྒྲགས་བྱེད་སྟངས་ཏེ་རྒྱ་ནག་གིས་ཁྱབ་བསྒྲགས་བྱེད་སྟངས་དང་འདྲ་བོ་ཆགས་འདུག མི་བདེན་ན་ཚར་གཅིག་ཀློག་དང་།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 2:08 am

    ཐེ་ལན་ཌིའི་ནང་པའི་གྲྭ་བ་སྨྱོ་ཧམ་ཅན་ཞིག་གི་གནས་ཚུལ།
    འདོན་སྤེལ། ༢༠༡༣/༠༩/༠༡
    ཕལ་ཆེར་ཟླ་གཅིག་གཉིས་སྔོན་ལ་རང་ལོ་ ༣༤ ཡིན་པའི་གྲྭ་ཝིར་པོལ་སུག་པོལ་(WirapolSukphol)ཞེས་པའི་མིང་འདི་ཐེ་ལན་ཌིའི་ནང་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། ཡིན་ནའང་ཁ་སང་དེ་རིང་ནང་པ་ཤུགས་ཆེན་པོ་ཡིན་པའི་ཐེ་ལན་ཌིའི་རྒྱལ་ཁབ་ནང་གྲྭ་ཝིར་པོལ་ནི་འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ནང་པའི་ཆོས་པ་རྙོག་དྲ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
    འདུལ་ཁྲིམས་ཚུལ་བཞིན་སྲུང་བ་དང་། འདོད་ཆུང་ཆོག་ཤེས་བྱེད་རྒྱུ་ནི་རབ་བྱུང་བའི་མི་ཚེའི་ལམ་བུ་དེ་ཁོ་ན་ཉིད་ཡིན་པར་བཤད་ཀྱང་། གྲྭ་ཝིར་པོལ་ནི་ཐེ་ལན་ཌིའི་ནང་ཆོས་ཕྱོགས་ནས་ཐོས་བསམ་སྒོམ་གསུམ་གང་འཚམ་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་མོད། ཀུན་སྤྱོད་ཀྱི་ཐད་ནས་གོང་གི་ལམ་བུ་དེར་ཞུགས་རྒྱུ་ལས་ལྡོག་སྟེ་འདོད་རྔམ་ཆེ་ཞིང་རྒྱས་སྤྲོས་ལ་དགའ་བའི་ནང་པའི་དགེ་འདུན་པ་སྨྱོ་ཧམ་ཅན་ཞེས་སྐད་གྲགས་ཆགས་ཡོད།
    ཉེ་ལམ་ཕྱི་ཟླ་ ༦ པའི་ནང་ཡོའུ་ཁྲོབ་(YouTube)དྲ་བརྙན་བརྒྱུད་དེ་ཁོའི་བྱ་སྤྱོད་ཁག་ཅིག་ཁྱབ་བརྡལ་དུ་ཕྱིན་ཡོད་པ་དང་། སྐབས་དེ་ནས་བཟུང་མི་མང་པོ་ཞིག་གིས་དོ་སྣང་བྱེད་མགོ་བརྩམས་ཡོད། དྲ་བརྙན་དེར་གྲྭ་ཝིར་པོལ་སྒེར་གཉེར་གནམ་གྲུ་ཞིག་ཏུ་བསྡད་དེ་མིག་ཤེལ་ནག་པོ་ཨེ་ཝེ་ཡེཊྲོར་(Aviator Sunglasses )རྟགས་ཅན་(ཨ་སྒོར་ ༣༠༠ ཡས་མས།)ཞིག་གྱོན་ཞིང་། ཁོའི་འགྲམ་དུ་ལོའི་ཝེསུ་ཝེ་ཁྲོན་(Louis Vuitton)རྟགས་ཅན་གྱི་རྒྱབ་ཁུག་(ཨ་སྒོར་ ༣༠༠༠ ཡས་མས།)ཅིག་བཞག་ཡོད་པ་སོགས་ཀྱིས་ཐེ་ལན་ཌི་གཙོས་འཛམ་གླིང་གང་སར་ཁོ་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་ཕྱིན་ཞིང་། ཁོའི་སྐོར་གྱི་གནས་ཚུལ་མང་པོ་ཞིག་སྔ་རྗེས་སུ་གསར་ལམ་ཁག་ཏུ་འཐོན་ཡོད།
    ཉེ་ཆར་གྲྭ་ཝིར་པོལ་ལ་ཐེ་ལན་ཌའི་དངུལ་སྒོར་བྱེ་བ་གཅིག་ ༡/༠༠༠༠༠༠༠(ཨ་སྒོར་ས་ཡ་ ༣༢ )ཙམ་གྱི་རྒྱུ་ནོར་ཡོད་པའི་གནས་ཚུལ་ཕྱིར་འཐོན་ཡོད་ཅིང་། ཐེ་ལན་ཌིའི་ནང་པའི་ལྷན་ཚོགས་(The Office of National Buddhism)ཞེས་པས་གྲྭ་ཝིར་པོལ་ཐེ་ལན་ཌིའི་ནང་པའི་དགེ་འདུན་པའི་ཁོངས་ནས་ཕྱིར་འཕུད་བཏང་བ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཁོ་གང་མགྱོགས་འཛིན་བཟུང་བྱེད་དགོས་པའི་གཞུང་འབྲེལ་བཀོད་ཁྱབ་བཏང་ཡོད་འདུག གནས་ཚུལ་དེ་ཐོག་མར་བྱུང་སྐབས་གྲྭ་ཝིར་པོལ་ཧྥ་རན་སིར་ཡོད་ཀྱང་། དེ་མ་ཐག་ཨ་རིར་ཕྱིན་ཡོད་འདུག ཐེ་ལན་ཌིའི་གཞུང་གིས་ཨ་རིའི་གཞུང་ལ་གྲྭ་ཝིར་པོལ་གྱི་ཐོངས་མཆན་རྩིས་མེད་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
    ཐེ་ལན་ཌིའི་ཕྱོགས་ནས་གྲྭ་ཝིར་པོལ་འཛིན་བཟུང་བྱེད་དགོས་པའི་ནག་ཉེས་གཙོ་བོ་ ༣ བགྲང་ཡོད་པ་ནི། ལོ་ན་མ་སོན་པའི་བུ་མོ་ཞིག་ལ་འཁྲིག་སྤྱོད་བྱས་པ་དང་། སྤྱི་རྒྱུ་སྒེར་སྤྱོད་བྱས་པ། དྲ་ཐོག་ནས་མི་མང་ལ་མགོ་བསྐོར་བཏང་སྟེ་ཞལ་འདེབས་ཕོན་ཆེན་བསྡུ་སློང་བྱས་པ་སོགས་རེད། ད་དུང་ཁོས་དངུལ་སྒོར་གྱི་འབྱུང་ཁུངས་སྦ་གསང་བྱས་པ་དང་། ཉལ་ཐའི་རིགས་ཉོ་ཚོང་བྱས་པ། ཁོའི་རླངས་འཁོར་གྱིས་མི་བསད་པ་སོགས་ལ་ཞིབ་འཇུག་འགྲོ་བཞིན་ཡོད་འདུག
    ཐེ་ལན་ཌིའི་གཞུང་འབྲེལ་དམིགས་བསལ་རྟོག་ཞིབ་ཚན་པ་(Department of Special Investigation )ཞེས་པའི་མགོ་འཛིན་གྱིས་བཤད་པ་ལྟར་ན། སྤྱིར་ཐེ་ལན་ཌིའི་གྲྭ་བ་ཚོའི་ཁྲོད་དུ་ཆོས་གོས་ལོག་པར་སྤྱད་མཁན་གང་འཚམ་ཡོད་ཀྱང་། ད་རེབ་ཝིར་པོལ་ལྟ་བུ་དེ་སྔ་བྱུང་མྱོང་མེད་ཟེར། རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱིས་བརྗོད་པ་ལྟར་ན། ཐེ་ལན་ཌིའི་རྒྱལ་ཁབ་ནང་གཏན་འཇགས་སུ་གནས་པའི་གྲྭ་བ་ ༦༡༤༡༦ ཙམ་ཡོད་པ་ལས། འདས་པའི་ལོ་ཁ་ཤས་ནང་གྲྭ་བ་ ༣༠༠ ཙམ་གྱིས་ཆང་རག་འཐུང་བ་དང་། བུད་མེད་ལ་འབྲེལ་བ་བྱས་པ་སོགས་ལ་བརྟེན་ཏེ་ཉེས་ཆད་ཕོག་པ་དང་དགོན་པ་ནས་ཕྱིར་འཕུད་བཏང་སོགས་བྱུང་ཡོད་ཟེར།
    ཝིར་པོལ་ཐེ་ལན་ཌིའི་བྱང་ཤར་མངའ་སྡེ་ཨོའི་བྷོན་ར་ཅ་ཐའ་ནིས་(UbonRatchathani)ནང་གི་ས་གནས་སྐྱོ་བོ་ཞིག་ཏུ་སྐྱེས་ཞིང་། རང་ལོ་བཅུ་གྲངས་ཐོག་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས་ཡོད་པ་དང་། ས་གནས་དེ་གའི་སྤྱི་ཚོགས་ཁྲོད། གྲྭ་ཝིར་པོལ་གནམ་མཁར་འཕུར་ཐུབ་པ་དང་ཆུའི་སྟེང་ནས་གོམ་པ་རྒྱག་ཐུབ་པ། ལྷ་སྲུང་གཟུགས་མེད་དག་དང་གླེང་མོལ་བྱེད་ཐུབ་པ་སོགས་མཐུ་དང་རྫུ་འཕྲུལ་ལ་ཐོག་པ་མེད་རབས་བཤད་ཚུལ་ཡོད་ཅིང་། ཁོ་རང་གིས་ཀྱང་སོ་སོ་སྔོན་བྱོན་སྐྱེས་ཆེན་དམ་པ་ག་གེ་མོ་ཞིག་གི་སྤྲུལ་བ་ཡིན་ཚུལ་བསྒྲགས་ཏེ། རང་ཉིད་ལ་ལོང་པོ་ནན་ཁམས་(Luong Po Nen Kham) ཞེས་མིང་བཏགས་ཡོད་འདུག
    ཝིར་པོལ་གྱིས་ལྷ་ཁང་དང་སྨན་ཁང་སོགས་རྒྱག་རྒྱུ་ཡིན་ཚུལ་བཤད་དེ་དགེ་རྩའི་མིང་ཐོག་ནས་ཞལ་འདེབས་འབོར་ཆེན་བསྡུས་པ་མ་ཟད། ཐེ་ལན་ཌིའི་བྱང་ཤར་དུ་ཡོད་པའི་ཁོ་བོའི་དགོན་པར་འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་བཻ་ཌཱུརྱའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཕི་ཏྲི་ ༣༦ ཡོད་པ་ཞིག་བཞེངས་ཡོད་ཀྱང་། གཞན་གྱི་བཤད་ཚུལ་ལྟར་ན་སྐུ་བརྙན་དེའི་རྒྱུ་ངོ་མ་དེ་བཻ་ཌཱུརྱ་མ་ཡིན་པར། ཨར་འདམས་དང་རྒྱུ་ཆ་གཞན་བསྲེས་སྦྱོར་བྱས་ཡོད་ཚུལ་བཤད།
    ཐེ་ལན་ཌིའི་དངུལ་ཁུངས་བརྩད་ཞིབ་ལས་ཁང་(Anti-Money Laundering Office)ཞེས་པས། གྲྭ་ཝིར་པོལ་ལ་འབྲེལ་བ་ཡོད་པའི་དངུལ་ཁང་གི་འཛིན་བྱང་ ༤༡ ཙམ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་ལས། འཛིན་བྱང་ཁག་ཅིག་ཏུ་ཐེ་སྒོར་ས་ཡ་ ༢༠༠/༠༠༠༠༼ཨ་སྒོར་ས་ཡ་༦/༤༠༠༠༠༠༽ཙམ་རྒྱུན་ལྡན་མིན་པའི་ཐོག་ནས་བཅོལ་ལེན་ཐེངས་མང་བྱས་ཡོད་པ་དང་། གནས་ཚུལ་དེས་ཁོའི་དངུལ་གྱི་ཡོང་ཁུངས་ལ་དོགས་གཞི་ཆེ་རུ་ཕྱིན་ཡོད་འདུག ཉེ་ཆར་ཝིར་པོལ་བོར་བརླག་ཏུ་ཕྱིན་རྗེས་སླར་ཡང་ཁོའི་དངུལ་འཛིན་ལས་ཐེ་སྒོར་ས་ཡ་གསུམ་ ༣༠༠/༠༠༠༠ ཙམ་ཕྱིར་བཏོན་ཡོད་པ་ཤེས་རྟོགས་བྱུང་སྟབས། ཐེ་ལན་ཌིའི་གཞུང་གི་དངུལ་ཁང་དང་དཔལ་འབྱོར་སྡེ་ཁག ས་ཆ་དོ་དམ་ལས་ཁུངས། སྐྱེལ་འདྲེན་ལས་ཁུངས་སོགས་སྡེ་ཚན་མ་འདྲ་བ་ ༡༡༤ ཙམ་ལ་ཝིར་པོལ་དང་འབྲེལ་བ་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག
    ཐེ་ལན་ཌིའི་དམིགས་བསལ་རྟོགས་ཞིབ་(DSI)ཚན་པས་གྲྭ་ཝིར་པོལ་གྱིས་སྔ་རྗེས་སུ་རླངས་འཁོར་ ༨༠ ཙམ་ཉོས་ཡོད་པ་དང་། ༢༠༠༨ ནས་ ༢༠༡༡ ལོའི་བར་ལ་ཁོས་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་རླངས་འཁོར་མིར་སེ་ཌེ་སུ་བྷན་ཙི་ (Mercedes Benz)གྲངས་ ༢༢ ཙམ་ཉོས་ཡོད་འདུག རླངས་འཁོར་དེ་དག་ལ་ཁྱོན་ཐེ་སྒོར་ས་ཡ་དགུ་དང་འབུམ་ལྔ་ ༩༥/༠༠༠༠༠(ཨ་སྒོར་ས་ཡ་༣/༡༠༠༠༠༠)ཙམ་བཏང་ཡོད་ཅིང་། རླངས་འཁོར་མང་པོ་ཞིག་ཚོང་ར་ནག་པོར་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་རྩད་གཅོད་བྱེད་བཞིན་ཡོད་འདུག ཁོ་ལ་ཐེ་ལན་ཌིའི་ནང་སྡོད་ཁང་དང་གླ་ཁང་མང་པོ་ཡོད་པ་མ་ཟད། ཨ་རི་དང་རྒྱལ་ཁབ་གཞན་དུའང་སྡོད་ཁང་དང་ཆོས་ཚོགས་ཁ་ཤས་བཙུགས་ཡོད་འདུག གྲྭ་ཝིར་པོལ་ཐེ་ལ་ཌིའི་བྱང་ཤར་ནས་བྷང་གོག་(Bangkok)བར་ལ་ཕར་ཚུར་འགྲོ་སྐབས། རྒྱུན་ལྡན་གྱིས་སྒེར་གཉེར་གནམ་གྲུ་ཆུང་བ་དང་ཐད་འཕུར་གནམ་གྲུ་གླ་བཞིན་ཡོད་ཅིང་། དེར་ཐེངས་གཅིག་ལ་ཐེ་སྒོར་འབུམ་གསུམ་ ༣༠༠/༠༠༠ (ཨ་སྒོར་༡༠༠༠༠) ཙམ་ཡིན་འདུག
    པི་ཡ་ཊརེ་གྷན་ནོན་(PiyaTregalnon) ཟེར་བ་ཞིག་གིས་ནམ་རྒྱུན་གྲྭ་ཝིར་པོལ་ལ་གནམ་གྲུ་གོ་སྒྲིག་དང་། གནམ་གྲུའི་ཁ་ལོ་བ་ཡང་ཐེངས་མང་བྱས་མྱོང་ཡོད་པ་མ་ཟད། གྲྭ་ཝིར་པོལ་གྱི་གནས་ཚུལ་ཐོག་མ་ཕྱིར་བསྒྲགས་བྱེད་མཁན་ཡང་ཁོ་ཡིན་འདུག ཉེ་ཆར་ཁོས་ངོ་དེབ་སྟེང་། “ ལོ་ངོ་ ༣ ཙམ་གྱི་རིང་ལ་ངས་རྟགས་པར་གྲྭ་བ་ཁོ་ལ་དེ་འདྲའི་དངུལ་འབེལ་བོ་ཞིག་གང་ནས་ཡོང་གི་ཡོད་ན་བསམས་ཏེ་དོགས་པ་ཟོས་མྱོང་ཡོད”ཅེས་བཀོད་འདུག དེ་སྔོན་གྲྭ་ཝིར་པོལ་གྱིས་ཁོ་ལ། ང་ལ་རྒྱུན་ལྡན་གྱིས་བེད་སྤྱོད་གཏོང་ཆེད་མིར་སེ་སྒྲི་སི་(Mercedes-Benz S500) གཅིག་དང་། རྦིས་ཨེམ་དྲབིཡོའུ (BMWx6)གཅིག དགོན་པའི་ནང་ཁུལ་དུ་ཕར་ཚུར་འགྲོ་བྱེད་དུ་མིའི་ནིས་ཁོའུ་པར (Mini Cooper)གཅིག་བཅས་ཡོད་ཚུལ་བཤད་ཡོད་འདུག ཐེངས་ཤིག་པི་ཡ་ལ་ཨ་རི་ནས་གཉེར་འཕུར་གནམ་གྲུ་ཞིག་ཉོ་རོགས་བྱེད་དགོས་པའི་རེ་སྐུལ་དངོས་སུ་ཞུས་ཡོད་སྟབས། པི་ཡས་གྲྭ་ཝིར་པོལ་དང་འབྲེལ་བ་ཇེ་རིང་དུ་བཏང་ཡོད་འདུག གྲྭ་ཝིར་པོལ་གྱིས་བུད་མེད་མང་པོ་ཞིག་ལ་ཆགས་སྤྱོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལས། བུ་མོ་ཁ་ཤས་ལོ་ན་ཆུང་ཆུང་ཡིན་འདུག དེ་དག་ཁྲོད་ཀྱི་གཅིག་ནི་ལོ་ ༡༤ ཡིན་ཞིང་། ད་ལྟ་ཁོ་མོར་བུ་ཕྲུག་ལོ་ ༡༡ ཅན་ཞིག་ཡོད་པའི་ཕ་གྲྭ་ཝིར་པོལ་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་མ་ཟད། བདུན་ཕྲག་ཁ་ཤས་སྔོན་ཁོ་མོས་གྲྭ་ཝིར་པོལ་གྱིས་ཁོ་མོར་བཙན་གཡེམ་བྱས་ཚུལ་ཁྲིམས་གཏུག་བྱས་ཡོད་འདུག
    ལྕམ་ཨོང་སའ་ཡོབ་རམ་ (OnsaYubram) ཞུ་བ་ནི་གྲྭ་ཝིར་པོལ་དང་ཡུལ་ཕྱོགས་གཅིག་པ་ཡིན་ཞིང་། ད་ལྟ་བྷན་ཀོག་(Bangkok) ཏུ་ཁང་ཁྱིམ་གཙང་སྦྲའི་ལས་ཀ་བྱེད་ཀྱིན་ཡོད། ཁོ་མོ་ལོ་གཅིག་གི་སྔོན་དུ་གྲྭ་ཝིར་པོལ་གྱི་གསུང་ཆོས་ལ་ཕྱིན་པའི་སྐོར་བརྗོད་དོན། “ཁོའི་གསུང་སྐད་ཧ་ཅང་སྙན་ཞིང་ཡིད་དབང་འཕྲོག་པ་ཞིག་རེད། ཁོས་གསུངས་པའི་ཚིག་རེ་རེས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་སོང་། གསུང་ཆོས་གྲུབ་རྗེས་ཁོས་རྒྱབ་ཁུག་སེར་པོ་ཞིག་གཟེད་དེ་ཞལ་འདེབས་བསྡུ་མགོ་བརྩམས་སྐབས། མི་མང་པོ་འཚང་ཁ་ཤིག་ཤིག་གིས་ཞལ་འདེབས་ཕུལ་སྐབས། རྒྱབ་ཁུག་ལམ་སང་ཁེངས་སོང་། ཁོས་ད་དུང་མི་མང་ཚོར། འཚང་ཁ་མ་རྒྱག་དང་། ཞལ་འདེབས་ཕུལ་མཁན་མཐའ་མའི་བར་ང་འདི་ནས་སྡོད་རྒྱུ་ཡིན་ཞེས་ལབ་སོང”ཞེས་གསར་ལམ་དུ་བརྗོད་འདུག མཇུག་ཏུ་ཁོ་མོས། ད་ལྟ་ང་རང་ཡང་ཁོའི་མགོ་སྐོར་འོག་ཚུད་པ་ཤེས་ཀྱི་འདུག་ཀྱང་། གྲྭ་བ་ཁ་ཤས་སྡུག་ཅག་ཡིན་པ་ཙམ་གྱིས་གྲྭ་བ་ཚང་མ་ངན་པ་ཡིན་པ་མཚོན་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
    ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།
    ༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

  7. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 2:09 am

    རིས་མེད་༸རྒྱལ་བསྟན་ཡུན་རིང་འབར་གྱུར་ཅིག །

  8. སྤོབས་པ་མཐའ་ཡས། says:
    2013-09-02 at 2:49 am

    གསར་འགྱུར་རྒྱུདལམ་ཁ་ཤས་ནས་གྲྭ་བ་རྒྱས་སྤྲོས་ཆེན་པོ་ཟེར་ནས་མིཁ་ཤས་ཤིག་ལ་ཟུར་ཟ་མཚམས་མཚམས་ལ་མཐོང་ཡོང་གི། གཅིག་ནི་ཐའེ་ལན་དྲིའི་གྲྭ་བ་འདི་རེད། གཅིག་ནི་རྒྱ་ནག་གི་ཧྲའོ་ལིན་དགོན་བདག་ཤི་ཡོང་ཤན་རེད། གཅིག་ནི་ང་ཚོའི་རྒྱལ་བ་རིན་པོ་ཆེ་རེད

  9. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 3:11 am

    ང་ཚོའི་རྒྱལ་བ་རིན་པོ་ཆེ་ནི། ངེས་པར་འབྱུང་བའི་ངེས་འབྱུང་རྩེ་མོར་ཉམས་བཞེས་གནང་མཁན་ཅིག་ཡོན་ཙང་། དུས་རབས་ཉེར་ཅིག་པའི་གྲུབ་ཐོབ་ཆེན་པོ་འདི་ལྟ་བུ་ལ། ཀླན་ཀ་འཚོལ་ཡང་སྐྱོན་རྙེད་པའི་སྐབས་དུས་ནམ་ཡང་མི་སྲིད་དོ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme