Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དབང་གིས་འཚོའམ་ཡང་ན་འཆི། Live free or die.

Posted on 2013-08-31 By ཁ་བརྡ་ 5 Comments on རང་དབང་གིས་འཚོའམ་ཡང་ན་འཆི། Live free or die.

ཐེ་བོ་སངས་རྒྱས་ཀྱིས་སྒྱུར་སྒྲིག་བྱས།

0-1ང་ཚོར་གསར་བརྗེ་ཞིག་མཁོའོ། we need a revolution. དམག་འཁྲུག་གི་འགྲོ་གྲོན། the cost of war. ངའི་མགོར་རྡོག་རྫིས་མ་གཏོང་། don’t tread on me. སུ་ལའང་ཡིད་ཆེས་མེད། trust no one. ཁྱེད་ཀྱིས་ཨ་རིའི་སྒྱུ་རྩལ་བ་མིང་གྲགས་ཅན་ཌན་ཋ་གྷེས་Dan Tague, སྒྲོ་ལཱར་ལྟེབ་ཚགས་བརྒྱབས་པའི་གསེང་གི་འཕྲིན་ཐུང་གན་ཚོ་མཐོང་བྱུང་ངམ། གཅིག་ཐང་ན་མི་སྡེས་དངུལ་ལོར་བེད་སྤྱོད་བྱེད་ཐབས་ལེགས་བཅོས་བྱ་དགོས་པའི་གསལ་བརྡ་སྒྱུ་རྩལ་ལམ་ནས་བསྟན་པ་གཞན་པའང་ཁྱོད་ཀྱིས་མཐོང་མྱོང་ཡོད་རྒྱུ་རེད།

0-2འདིར་སྒྱུ་རྩལ་བ་ཋ་གྷེས་ཨ་སྒོར་གྱི་འཛའ་ཐང་གཅོག་ཐབས་སུ་གོ་རྒྱུ་བསྟན་པ་ཡིན་ཀྱང་སྲིད། གང་ཡིན་ཞེ་ན་ཋ་གྷེས་སྒྲོ་ལཱར་ལ་སྒྱུ་འཕྲུལ་ལམ་བཤད་མི་ཤེས་པའི་ནུས་པ་ཞིག་ཡོད་པར་ཁས་བླངས། དེ་ལ་དངོས་པོ་ཉོ་སྒྲུབ་བྱེད་པའི་ནུས་སྟོབས་དང་། དེས་མི་བུ་གང་མང་ཞིག་ལྟོགས་གྲིར་འདེད་པ། ཐ་ན་དམག་འཁྲུག་ཕལ་མོ་ཆེའི་རྐྱེན་རྩ་ཡང་ཤོག་སྒོར་ལ་ཐུག་པར་འདོད་ཀྱི་འདུག ཋ་གྷེས་ཨ་མེ་རི་ཁའི་ལོ་རྒྱུས་དང་ཤོག་སྒོར་གྱི་ལམ་ལུགས་ཐད་སྐྱོན་བརྗོད་བྱས་པའི་བརྒྱུད་རིམ་ནང་ཤོག་སྒོར་ནི་ཉ་འཛིན་ལྕགས་ཀྱུ་ལྟ་བུར་ཆགས་ཚར་བས། མི་རྣམས་སྒོར་མོའི་ཆེད་རང་དབང་མེད་པར་འཆི་བའི་ཚད་དུ་གཏུགས་པར་བྱེད་ལ།

0-3ཤོག་སྒོར་གྱི་སྡོམ་ཐག་འདིས་དུས་རྒྱུན་པར་སྤྱི་ཚོགས་ཧྲིལ་པོ་རྙོག་འཛིང་ནང་དུ་ཁྲིད་ཀྱིན་འདུག་ཅེས་འཁང་ར་བྱས། ཋ་གྷེའི་ཡིད་འགུགས་ནུས་པ་ལྡན་པའི་འཕྲིན་ཐུང་དག་གིས་འཛམ་གླིང་ངམ་ཡང་ན་ཨ་རི་དང་དངུལ་ལོར་བཏང་འཛིན་བར་གྱི་གནད་དོན་བསྟར་ཆགས་སུ་གླེང་བསླངས་པ་ལས། མ་རྩ་རིང་ལུགས་པའི་སྤྱི་ཚོགས་ཁྲོད་དངུལ་སྨར་གྱི་འཁོར་སྐྱོད་ནི་ཡོད་ཚད་ནང་གི་ཡོད་ཚད་དུ་ཐལ་བའི་གནས་བབས་ངོ་མ་སྒྱུ་རྩལ་བརྩམས་ཆོས་བྱེ་བྲག་པས་གསལ་སྟོན་བྱས་པར་སྣང་། དེ་ལས་ཅུང་ཁ་གསལ་དུ་བཏང་ན་སྒོར་མོས་བརྩེ་དུངས་དང་། བདེ་སྐྱིད། གོ་གནས། བདག་དབང་། དཔྱ་ཁྲལ་ཆག་ཡང་། འོས་ཤོག་སོགས་ཉོ་ཐུབ་པ་ལྟར་སྣང་བའི་འོག་མི་རྣམས་ལོག་ལམ་དུ་ཁྲིད་ཀྱིན་ཡོད་ཟེར། ལྟ་ཚུལ་དེ་ནི་བློ་རིག་ཅན་ཚོར་དྲང་བདེན་དང་བཟང་སྤྱོད་ཀྱི་རིན་ཐང་གཙིགས་སུ་འཛིན་དགོས་པའི་གཞེན་སྐུལ་དུ་མ་གྱུར་ཏམ།

0-4གཞན་ཡང་ཁོང་གི་སྒྱུ་རྩལ་བརྩམས་ཆོས་དམག་འཁྲུག་གི་འགྲོ་གྲོན་the cost of war. ཞེས་པས་དྲག་པོའི་དམག་འཐབ་ཀྱི་འགྲོ་གྲོན་ཨ་སྒོར་ཐེར་འབུམ་མང་པོ་ཆུད་ཟོས་བཏང་བའི་མཇུག་འབྲས་མི་ཁྲི་ཕྲག་མང་པོ་ལས་མེད་དུ་གྱུར་པའི་ཁར། དེའི་རྐྱེན་གྱིས་ཡུལ་མི་ཚོའི་སློབ་གསོའི་ཆུ་ཚད་ཉམས་རྒུད་དང་། འཕྲོད་བསྟེན་ལ་ཚད་བཀག་ངེས་ཅན་ཐེབས་སུ་བཅུག་ཡོད་པ་ཤུགས་སུ་བསྟན། དེ་ཡང་ཁོང་གིས་བརྩམས་ཆོས་དེར་འགྲེལ་བཤད་རྒྱག་སྐབས། དུས་རབས་བཅུ་དགུ་བའི་ནང་གི་ཨ་རིའི་སྲིད་དོན་པ་ཆཱར་ལེ་སི་སུམ་ནེར་Charles Sumner. གྱི་བསྒྲགས་གཏམ་སྟེ། “ང་ལ་དངུལ་ལོ་སྤྲོད་དང་ངས་དེ་དག་དམག་གྲོན་དུ་བཏང་བ་ལས། སྐྱེས་ཕོ་མོ་རྒན་གཞོན་མེད་པར་གཟབ་འཕྱོར་སྤྲོས་སུ་བཅུག་ནས་རྒྱལ་པོ་དང་བཙུན་མོ་དག་ལའང་སྤོབས་པ་སྐྱེ་རུ་འཇུག ངས་གནམ་འོག་གི་གྲོང་གསེབ་ཡོད་ཚད་དུ་སློབ་གྲྭ་རེ་བརྒྱག ངས་རི་དེའུ་ཐམས་ཅད་ཀྱི་རྩེ་རུ་ཕོ་བྲང་རྒྱ་ཕིབས་ཅན་རེ་བསྐྲུན་པའི་ནང་ཕྱག་མཆོད་ཀྱིས་ཞི་བདེ་ཡོང་བའི་བྱིན་རླབས་འབེབས་པར་བྱ།” ཞེས་པ་ལུང་འདྲེན་བྱས་འདུག

0-5ཋ་གྷེས་ཀྱི་སྒྱུ་རྩལ་བརྩམས་ཆོས་རྣམས་དེང་སང་ཚགས་པར་དང་དུས་དེབ་དྲ་ལམ་སོགས་སུ་ཁྱབ་བརྡལ་ཕྱིན་པར་བརྟེན། ཉེ་ཆར་བྷི་བྷི་སིའི་BBC.གསར་འགོད་པས་དེ་དག་གི་རྒྱབ་ལྗོངས་ཐད་བཅར་འདྲི་གནང་བར་མི་རྣམས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཚོད་རེད། མཇུག་མཐར་ཀློག་པ་པོ་དག་གིས་ཤོག་སྒོར་གང་རུང་ལྟེབས་ཚགས་གི་སྒྱུ་རྩལ་ལས་བསམ་བློ་གསར་བ་རེ་བསྟན་ན་ང་ཡིས་མཐོང་འདོད་ཆེའོ།།

འགྱུར་རྩོམ།

Post navigation

Previous Post: ཁ་བརྡའི་གསལ་བསྒྲགས་གལ་ཆེན་ཞིག
Next Post: སེམས་པ་བདེ་ལ་འབབ་པའི་གོ་སྐབས་ཤིག་མི་འདུག

Comments (5) on “རང་དབང་གིས་འཚོའམ་ཡང་ན་འཆི། Live free or die.”

  1. དྲན་དཀར་དཔལ་ཡོན་ says:
    2013-08-31 at 12:37 am

    ཐེ་བོ་སངས་རྒྱས་ལགས་བཀའ་དྲིན་ཆེ།
    ཡིན་ནའང་སྒོར་མོས་མི་བསླུས་པའི་སྟེབས་ཁུག་རེ་རེ་རུ་སེམས་སྟེང་གི་གསང་བ་རེ་རེ་ཡོད་ཡང་སྲིད། ནུབ་ཕྱོགས་པའི་སྒྱུ་རྩལ་ནི་དྭངས་པ་འདྲེན་པ་ཞིག་རེད།

  2. གནམ says:
    2013-08-31 at 3:36 am

    མྱིའི་ཧམ་པས་ཐ་ན་ཤོག་གུ་ཚུན་ཆད་བདག་དུ་བཟུང་བ་ལས། ཤོག་སྒོར་ཞིག་གིས་མྱི་སླད་པ་རེད་ཟེར་ན། དེ་ནི། ཚིག་པ་གཡག་ལ་བཟས་ནས། རྡོག་རྒྱག་རྟ་ལ་བཞུས་པ་དང་གཅིག་པ་རེད། དོན་ལ་མི་གནས་སོ།
    Live free or die་ལ་ནང་དོན་ཞིག་ཡོད་པ་རེད། དེ་ནི། ཁ་གསལ་ཙམ་བྱས་ན། གཞན་རྒྱུ་དཔང་འཕྲོག་མི་ཐུབ་ན་ཤི་བ་ལས་དགའ་ཟེར་བ་རེད། དེ་ཡག་པོ་ཞེ་དྲག་མི་འདུག་གི་ཨ། ཁྱེད་རང་ཚོ་ནི་ཧང་སང་མདོག་ལ།

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2013-08-31 at 11:22 am

    ཨ་རོགས། ཁྱོས་མཚམས་མཚམས་འདི་མོ་སྐྱིད་པོ་རེ་སྒྱུར་བར་བཀའ་དྲིན་ཆེ་ཞུ།

  4. ཀ་ཁའི་རྫི་བོ། says:
    2013-08-31 at 11:06 pm

    སུ་ལའང་ཡིད་ཆེས་མེད། trust no one.ཟེར་བ་འདི་སྒྲོ་ལཱར་ངོས་སུ་(ང་ཚོས་དཀོན་མཆོག་ལ་ཡིད་ཆེས་བྱེད། in god we trust.)ཞེས་པར་ཟུར་ཟ་བྱས་པ་ཡིན་ཤས་ཆེ་སྙམ།

  5. ཨ་ནུ་ཐང་བསོད་ནམས says:
    2013-09-02 at 4:41 am

    ཡག་པོ་སྒྱུར་འདུག ཐུགས་རྗེ་ཆེ། སྒྱུར་ལ་བཤད་ཡ་མེད། ཨ་རི་འཛམ་གླིང་གི་ཕུལ་བྱུང་རྒྱལ་ཁབ་གྱུར་བའང་། མཐའ་གཏུག་ན་ཨ་རིའི་དམག་དོན་རེེད། དམག་མི་རེད། དམག་མིའི་མཚོན་ཆ་རེད། དམག་འཁྲུག་གི་རྒྱལ་ཁ་རེད། དམག་མི་ཡིས་ཨ་རི་བདེ་བ་སྲུང་ཞིང་དཔལ་འབྱོར་ཅི་འདོད་དུ་ཨ་རིར་འདྲེན་བཞིན་ཡོད་ལ། རྒྱལ་ཁབ་གཞན་གྱིས་མི་འདོད་བཞིན་དུ་རང་གི་བདེ་འཇགས་ཆེད་དུ་ཆབ་དཔལ་ཨ་རི་དང་མཉམ་སྤྱོད་བྱེད་ཀྱི་ཡོད།
    ཨ་རིའི་དམག་དོན་གྱི་འགྲོ་སོང་དང་དམག་མིས་ལངས་བའི་ཡོང་སྒོ་གཉིས་བསྡུར་བ་ཡིན་ན་གནམ་སའི་ཁྱད་པ་ཡོད། ཨ་དམག་མེད་ན་འཇར་མན་གྱིས་བཟུང་ཚར་ལ། ཨ་རི་འཛམ་གླིང་ཐོག་མགོ་བོ་གནམ་ལ་བཅག་ནས་འགྲོ་དཀའ། འགྲོ་སོང་མ་བཏང་བ་ཡོང་སྒོ་འཁོར་མི་ནུས་བ་བཞིན། ཨ་དམག་མ་རྒྱག་པ་ཨ་རི་སྟོབས་ཆེན་ཆགས་ཐབས་མེད། མི་འདི་ཚོ་འགྲོ་སོང་མེད་པ་ཡོང་སྒོ་ཁོ་ན་བསམ་མཁན་རེད། ཡོང་སྒོ་མ་མཐོང་ཞིང་འགྲོ་སོང་མཐོང་བས་སྙིང་འདར་མཁན་ནུབ་མི་གྲས་ནས་མང་། ཡིན་ཏེ། ནུབ་མི་ཚང་མ་ཕུགས་རྒྱང་རིང་བོ་མཐོང་མཁན་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme