Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲི་བ་ཞིག་ཡོད། ཤེས་མཁན་ཚོས་ལན་རེ་གནང་རོགས།

Posted on 2013-08-24 By ཁ་བརྡ་ 21 Comments on དྲི་བ་ཞིག་ཡོད། ཤེས་མཁན་ཚོས་ལན་རེ་གནང་རོགས།

ཚེ་རིང་མིག་དམར།

དེང་སང་བོད་ཡིག་སྦྱོང་མཁན་མང་དུ་འགྲོ་ཡི་ཡོད་པ་རེད་དམ་ཉུང་དུ་འགྲོ་གི་ཡོད་པ་རེད། བོད་སྐད་བཤད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད་དམ་ཉུང་དུ་འགྲོ་གི་ཡོད་པ་རེད། དྲི་བ་གཉིས་རེད། ལན་ཡང་གཉིས་རང་རེད། ནང་ཆོས་ལ་དོ་སྣང་བྱེད་མཁན་བོད་པ་དང་མི་རིགས་གཞན་པ་གཉིས་ཀ་མང་དུ་འགྲོ་གི་ཡོད། ཡང་། དེང་རབས་ཀྱི་རིག་གནས་མང་པོ་ཞིག་བོད་ཡིག་ནང་མེད་སྟབས། གཞོན་སྐྱེས་མང་པོ་ཞིག་བོད་ཡིག་དང་ཁ་ཐག་རིང་དུ་འགྲོ་ཡི་ཡོད། འདི་གཉིས་ཀ་བོད་ཡིག་གིས་འགྲིག་དང་མ་འགྲིག་གི་གནད་དོན་གང་ཡང་མ་རེད། བོད་ཡིག་འདི་བེད་སྤྱོད་ཡོད་པའི་རིག་གནས་དང་བར་ཐག་ཉེ་བོ་ཡོད་མེད་དེ་རེད། མདོར་བསྡུས་ན་འཚོ་གནས་རིག་གནས་དང་འབྲེལ་བའི་དེང་རབས་རིག་གནས་དང་འབྲེལ་བ་ག་ཚད་ཡོད་མེད་དེ་རེད། བོད་ཡིག་གི་སཾསྐྲི་ཏའི་ཡི་གེ་དང་མཉམ་དུ་བསྐྱོད་ཐུབ་མཁན་ཡི་གེ་གཉིད་ཁོ་ན་ལས་མེད་པ་དེ་རེད། རིན་ཐང་གི་ཐད་ན་སྐྱོན་གང་ཡང་མེད།

གཟའ་ལྷག་པར་བོད་སྐད་བཤད་པ་ལེགས། བོད་ཆས་གྱོན་པའང་ལེགས། སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཀྱི་ཁུར་པོ་མང་པོ་ཞིག་གཟའ་ལྷག་པའི་ཉིན་ལ་སྤུངས་ནས་སྟབས་ཇེ་བདེར་གཏོང་གི་ཡོད། གཟའ་ལྷག་པའི་སྲུང་སྐྱོབ་འདི་ཡང་། གཟའ་ལྷག་པ་གཉིས་པ་དང་བཞི་པ་ལ་མར་ཆག་པ་ཡིན་ན། དེ་ཉེན་ཁ་ཞིག་ཆགས་སྲིད་ཀྱིརེད་དམ།

འདི་ཡང་དེང་སང་གཟའ་ལྷག་པ་གླེང་མཁན་ཚོས་གནད་འགག་ཅིག་ལ་གཟིགས་ཀྱི་ཡོད། གཟའ་ལྷག་པའི་ཉིན་གཅིག་དེ་ལོ་ལ་བསྐོར་ན་ཉིན་གྲངས་བཞི་ཅུ་ཞེ་ལྔ་རེད། ལོ་གཅིག་གི་ཉིན་གྲངས་ཞེ་ལྔའི་རིང་གི་དོ་སྣང་ཞིག་གིས་ང་ཚོས་སྐད་ཡིག་རིག་གཞུང་ཡོངས་སུ་སྲུང་སྐྱོབ་ཐུབ་བམ། བོད་ཀྱི་སྐད་ཡིག་རིག་གཞུང་ཉམས་རྒུད་ཀྱི་རྒྱུ་རྐྱེན་གླེང་མཁན་ཚོས། དགེ་རྒན་ འགྲིག་གི་ཡོད་པ་མ་རེད་ཟེར། ཕ་མ་འགྲིག་གི་ཡོད་པ་མ་པ་མ་རེད་ཟེར། གཞུང་གི་གནང་སྟངས་འགྲིག་གི་ཡོད་པ་མ་རེད་ཟེར། སློབ་དེབ་འགྲིག་གི་ཡོད་པ་མ་རེད་ཟེར། ཁོར་ཡུག་འགྲིག་གི་ཡོད་པ་མ་རེད་ཟེར། ཡང་སྙིང་ཅི་ཞིག་འགྲིག་གི་ཡོད་པ་མ་རེད། ལན་ཡོད་མཁན་ཚོས་དགོངས་ཚུལ་ལྟ་ཚུལ་རེ་གསུང་གནང་རོགས།  གླེང་སློང་ཡག་མོ་རེ་གནང་རོགས།

སྣ་ཚོགས།

Post navigation

Previous Post: གྲོགས་པོའི་ནང་དུ་ཞག་གཅིག་ཉལ་བ།
Next Post: ལྒང་འབུག

Comments (21) on “དྲི་བ་ཞིག་ཡོད། ཤེས་མཁན་ཚོས་ལན་རེ་གནང་རོགས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 7:46 am

    ཁོར་ཡུག་འགྲིག་བགྱིད་མེད་པ་བདེན་ཡང་། སྤྱི་སྐད་གཅིག་ཡིན་པའི་སློབ་དེབ་འགྲིག་བགྱིད་མེད་པ་ནི། ཧ་ཅང་གསལ་པོ་ཡིན་ན་ཡང་། སུས་ཀྱང་དེ་ལ་ལག་འཆང་མི་ཐུབ་པ་དེ་ཡང་། ཆོལ་གསུམ་སོགས་བོཔར་ཡུལ་སྐད་མང་དྲགས་པས་བྱས་པ་ཡང་། གསལ་གསལ་ཐིང་ཐིང་རེད་སྙམ་ལགས།

  2. བན་དེ་བ། says:
    2013-08-24 at 8:05 am

    བོད་ཡིག་སྦྱོང་མཁན་ཉུང་དུ་འགྲོ་གི་ཡོད།
    བོད་སྐད་བཤད་མཁན་ཉུང་དུ་འགྲོ་གི་ཡོད།
    ༡༽ དང་པོ་རྒྱུ་མཚན་ནི། སྔར་གྱི་བོད་ཡིག་ཤེས་མཁན་རྒན་རབས་རྣམས་ནི་རིམ་གྱིས་ཡལ་བཞིན་ཡོད། དེང་རབས་གཞོན་སྐྱེས་རྣམས་ནི་བོད་ཡིག་ལ་དོ་སྣང་མེད། གཞོན་སྐྱེས་རྣམས་ནི་ནུབ་ཕྱོགས་སུ་འཕུར་ཏེ་སྐབས་བབ་ཀྱི་ཡུལ་སྐད་དང་ཡུལ་དེའི་སྐད་ལ་སྦྱོང་བརྩོན་གྱིས་ལས་ཀ་རེག་ཐེབས་གནང་བཞིན་པ་ལས་བོད་ཡིག་ལ་སྦྱོང་བའི་དུས་ཚོད་མེད། མི་རང་ཏང་གི་མི་ཚེ་ལ་བསམ་བློ་བཏང་ནས་སྐབས་བབ་ཀྱི་གནས་བབ་ལ་གཞིགས་ཏེ་ཁེ་བཟང་གང་ཐོབ་པ་ལ་བལྟ་བཞིན་ཡོད།
    ༢༽ བོད་སྐད་ཤོད་མཁན་ཀྱང་ཉུང་དུ་འགྲོ་གི་ཡོད་གོང་གི་གནས་སྟངས་དང་གཅིག་པ་རེད། འོན་ཀྱང་ཕྱི་མི་བོད་ཡིག་སྦྱོང་མཁན་དང་བོད་སྐད་རྒྱབ་མཁན་ཅུང་མང་དུ་འགྲོ་གི་ཡོད། འོན་ཀྱང་དེ་ཚོ་ནི་གནས་སྐབས་ཙམ་ལས་མི་རབས་ནས་མི་རབས་སུ་འཐུད་པའི་ཕན་ཐོགས་མེད།

  3. རྫི་བོ says:
    2013-08-24 at 8:42 am

    གནད་དོན་དེར་ང་རང་གིས་འདི་ལྟར་འཐོང་སྟེ། ཕ་སྐད་རྒྱུད་འཛིན་ཟེར་ནའང་འདྲ། སྐད་ཡིག་སྲུང་སྐྱོབ་ཡིན་ནའང་འདྲ། ནང་ཆོས་དར་སྤེལ་ཡིན་ནའང་འདྲ། བྱ་དངོས་གང་ཡིན་ཡང་མཐར་གཏུགས་ན་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་འཕེལ་རྒྱས་དང་ཉམས་རྒུད་དུ་འགྲོ་བ་ཆོས་ཉིད་དུ་གྲུབ འདོར་ན་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་མིན་དང་བཀོལ་སྤྱོད་ཀྱི་རིན་ཐང་ཡོད་མེད་ལ་རག་ལས་སོ། ད་ལྟ་བོད་སྐད་དང་བོད་ཡིག་གི་ལས་དབང་ཚད་གང་འདྲ་ཞིག་ལ་སླེབས་ཡོད་མེད་ཀུན་གྱིས་འཁྱེན་གསལ་རེད། སྤྱོད་རྒྱ་ཆེ་བའི་སྐད་དང་ཡི་གེ་དེས་སྤྱོད་རྒྱ་ཆུང་བའི་སྐད་ཡིག་དང་རིག་གནས་དེ་ཤོག་བུ་སྣུམ་གྱི་སུམ་པ་ནང་བཞིན་ཉམས་དམས་སུ་གཏོང་བཞིན་པ་རེད། ཟས་རིགས། གྱོན་ཆས། ཡོ་བྱད། རྒྱུན་སྲོལ། ཡི་གིེ་དང་སྐད་ཆ་གང་ཡིན་ཡང་ཆོས་ཉིད་དེ་ལས་འདའ་བར་མི་ནུས་དེ། བཀོལ་སྤྱོད་ཀྱི་རིན་ཐང་དང་བྲལ་ཚེ་སྙིགས་རོ་བཞིན་དོར་དགོས་བའང་མི་བཟོད་པའི་གདམས་ཀ་ཀོ་ན་དེ་རེད། མདོར་ན། ཕ་སྐད་དང་མ་ཡིག་རྒྱུད་འཛིན་དང་དར་སྤེལ་གཏོང་བར་ཐབས་ལམ་གཅིག་ཁོ་ན་ལས་མེད་དེ། བཀོལ་སྤྱོད་ཀྱི་རིན་ཐང་ཆེ་རུ་གཏོང་རྒྱུ་སྟེ་འགྲོ་བ་མིའི་རིགས་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་ཐུབ་པ་བྱེད་དགོས། དེ་ནི་སྐད་ཡིག་གི་ཚེ་སྲོག་ཉག་གཅིག་ཡིན་སྙམ།རང་གི་འདོད་ཚུལ་ཙམ་མོ།

  4. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-24 at 9:29 am

    ངེད་ནས་བསམ་ན་དེང་སང་བོད་ཡིག་དང་བོད་སྐད་བཤད་མཁན་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་གི་ཡོད་མ་རེད།
    བོད་ཡིག་སྦྱང་མཁན་དང་བོད་སྐད་བཤད་མཁན་བོད་པ་ཙམ་མ་ཟད་ཕྱི་རྒྱལ་མི་ཚོས་ཀྱང་སྦྱང་གི་ཡོད་རེད། བོད་སྐད་བཤད་ཤེས་མཁན་མང་དུ་འགྲོ་བཞིན་ཡོད་རེད། ང་ཚོའི་སློབ་གྲྭ་ལ་མཚོན་ན་ནང་ལོག་ནས་བོད་སྐད་མ་གཏོགས་སྐད་རིག་སགཞན་བཤད་ཆོག་གི་ཡོད་མ་རེད། དེ་ལ་སྒྲིག་འཛུགས་ཡོད་རེད། ཕྱི་ནས་མི་སུ་ལ་ཐུག་ན་དེའི་སྐད་བཤད་ཆོག་གི་རེད། 
    སློབ་གྲྭའི་བོད་ཡིག་དང་བོད་སྐད་མི་ཤེས་མཁན་ཡོད་མ་རེད། ཡིན་ན་ཡང་རྡ་ས་ནས་བཀའ་ལན་འབྱོར་ནས་འཛིན་གྲྭའི་ནང་བོད་ཡིག་གི་ཚབ་ལ་དབྱིན་ཇི་ལབ་དགོས་པ་བཟོས་ཡོད་རེད། མ་འོངས་པར་དེས་དཀའ་ངལ་ཞིག་བཟོ་མི་སྲིད་པ་མ་རེད་སྙམ། 

  5. དྲན་དཀར་དཔལ་ཡོན་ says:
    2013-08-24 at 9:46 am

    ངའི་ལྟར་ན་བོད་ཡིག་ཤེས་མཁན་ཚོའི་སྤྱོད་ལམ་མི་འགྲིག་གི ཁ་བརྡ་ནང་གི་ཆེས་ཀློག་འདོད་མེད་པ་ནི་གུས་ཞབས་མེད་པའི་ཚིག་རེད་འདོད། གཉིས་པ་ནི་རྒྱུ་མཚན་མེད་པའི་ཚིག་རེད་འདོད། གང་ལྟར་བོད་ཡིག་ནི་ཁུ་བྱུག་བཞིན་དུ་གྲགས་དགོས་ཀྱི་འདུག གཞས་གཏོང་དགོས་ཀྱིན་འདུག བོད་སྐད་ལ་དུངས་པ་ཡོད་ན་མ་མཐར་ཡང་གཞས་བཏང་དགོས་ཀྱིན་འདུག་གོ

  6. རི་སྤྱང་ says:
    2013-08-24 at 9:53 am

    དེ་གསལ་བོ་རེད་ཡོད་ཚད་གྱི་བོད་ཡིག་ལ་དོ་སྣང་ཉུང་དུ་འགྲོ་གི་ཡོད་པ་མ་ཟད་རང་རེས་བཀའ་ཤག་ནས་ཡང་བོད་ཡིག་མེད་པར་གཏོང་བའི་ཐབས་ལམ་འཚོལ་གྱི་འདུག གཞན་གྱིས་རང་གི་སྐད་ཡིག་མེད་པར་གཏོང་གི་འདུག་ཟེར་གི་ཟེར་གི་རང་གིས་ཡང་བོད་ཡིག་སོགས་མེད་པར་གཏོང་གི་འདུག ད་དུང་གཟའ་ལྷག་པ་བོད་ཆས་གྱོན་པ་བོད་སྐད་བཤད་སོགས་བཤད་བྱེད་དགོས་བའི་འཁྲབ་སྟོན་ཟློས་གར་དེ་ཡིས་ཅི་ཡང་ཕན་གྱིས་མ་རེད་འདོད་གི

  7. ཡ་མ་ཚེ་རིང་། says:
    2013-08-24 at 10:22 am

    སྤྲོས་བཤད་བྱེད་ཁོམ་མི་འདུག མདོར་ན་བོད་ཡིག་སྤྱངས་མཁན་མང་དུ་འགྲོ་གིན་ཡོད། བོད་སྐད་བཤད་མཁན་ཉུང་དུ་འགྲོ་གིན་ཡོད་དེ་ཙམ་ཡིན།

  8. ཐབས་ཇུས་ཅན says:
    2013-08-24 at 10:37 am

    མཆན ༤ པ། ས་སྒོ་བསམ་གཏན་སྒྲོལ་མ་ནས། རྡ་ས་ནས་བཀའ་ལན་འབྱོར་ནས་འཛིན་གྲྭའི་ནང་བོད་ཡིག་གི་ཚབ་ལ་དབྱིན་ཇི་ལབ་དགོས་པ་བཟོས་ཡོད་ཟེར།
    དེ་དངོས་ནས་བདེན་པ་ཡིན་ནམ། སློབ་གྲྭའི་མིང་ག་རེ་རེད།
    དངོས་ནས་དཔེར་མི་སྲིད་པ་རེད་བསམ་སོང་།
    གལ་ཏེ་དེ་འདྲའི་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཟེར་བ་ཞིག་དགོས་དོན་མི་འདུག་སྙམ།

  9. གཡང་ཀླུང་གེ་ཁོད། says:
    2013-08-24 at 12:36 pm

    ངས་ལྟོས་ན་བོད་པ་བོད་ཡིག་སྦྱོང་མཁན་དང་བོད་སྐད་བཤད་མཁན་ཉུང་དུ་འགྲོ་བཞིན་ཡོད།ཕྱི་རྒྱལ་བོད་ཡིག་སྦྱོང་མཁན་དང་བོད་སྐད་བཤད་མཁན་མང་དུ་འགྲོ་བཞིན་པ་དངོས་ཡོད་གནས་ཚུལ་རེད་བསམ་ཀི་ཡོད།

  10. ལུང་རྟོགས། says:
    2013-08-24 at 12:57 pm

    བོད་ཡིག་སྦྱང་བ་དང་བོད་སྐད་བཤད་པ་ནི་ལྟོ་གོས་ཀྱི་ཆེད་དུ་མ་རེད་རིག་གཞུང་རྒྱུན་འཛིན་གྱི་ཆེད་དུ་རེད། རིག་གཞུང་རྒྱུན་འཛིན་བྱེད་པ་དེ་ཡང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཆེད་དུ་རེད། དེས་ན་གཞུང་སྒེར་སུ་འདྲ་ཞིག་གིས་འཁོར་ཡུག་སོགས་ཅི་འདྲ་ཞིག་ལ་ཁ་གཡར་ནས་བོད་ཀྱི་སྐད་ཡིག་ཉམས་རྨས་སུ་བཏང་བ་ཡིན་ན་དེ་ནི་བོད་མི་རིགས་དམར་གསོད་གཏོང་་མཁན་གྱི་ལག་དམར་བ་དང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་རྒྱུ་གདོན་མི་ཟ་བ་རེད། སྐད་ཡིག་གིས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐུབ་དང་མི་ཐུབ་ཞེས་པ་དེ་ཡང་སྐད་ཡིག་ལ་རག་ལས་མེད་པར་སྐད་ཡིག་གི་བདག་པོ་མི་རིགས་འདི་ལ་རག་ལས་ཡོད། དེས་ན་ཚང་མས་རང་འགན་རང་ཁུར་དགོས་རྒྱུ་གལ་ཆེན་པོ་རེད།

  11. དབྱངས་ཅན་འབངས། says:
    2013-08-24 at 1:18 pm

    ༤༽ ས་སྒོ་བསམ་གཏན་སྒྲོལ་མ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༩ སྐར་མ་ ༢༩
    ། ཡིན་ན་ཡང་རྡ་ས་ནས་བཀའ་ལན་འབྱོར་ནས་འཛིན་གྲྭའི་ནང་བོད་ཡིག་གི་ཚབ་ལ་དབྱིན་ཇི་ལབ་དགོས་པ་བཟོས་ཡོད་རེད། མ་འོངས་པར་དེས་དཀའ་ངལ་ཞིག་བཟོ་མི་སྲིད་པ་མ་རེད་སྙམ། 

    སྐད་ཆ་དེ་དངོས་གནས་ཡིན་ནམ།

  12. ནུབ་ཕྱོགས་གངས་ཕྲུག་ says:
    2013-08-24 at 2:24 pm

    བོད་སྐད་བཤད་མཁན་ཉུང་དུ་འགྲོ་གི་འདུག མཐའ་ན་བོད་པ་བོད་སྐད་མི་ཤེས་མཁན་མཐོང་རྒྱུ་འདུག ཕྱི་མི་བོད་སྐད་རྒྱབ་མཁན་ནམ་སྦྱོང་མཁན་ཁོ་རང་མ་གཏོགས། ནང་མི་ཚོས་བོད་སྐད་ཤེས་ཀྱི་མེད། དེའི་རིགས་ཁོ་རང་གི་མི་ཐོག་མ་གཏོགས་མིཐོག་་རྗེས་མར་རྒྱུན་མཐུད་མི་ཐུབ། དེས་ན་བོད་པ་རང་གི་བོད་སྐད་བདག་པོ་རྒྱབ་དགོས།

  13. པདྨ says:
    2013-08-24 at 4:08 pm

    བོད་སྐད་བཤད་པ་ཉུང་ངུ་འགྲོ་བ་ཡོད་པ་མ་ཟད། བོད་ཀྱི་ཡིག་གཟུགས་ལ་རྫུན་མ་བཟོས་ནས་གཞོང་གཤོང་སྨར་ཡིག་ཟེར་བ་པེ་ཅིན་ནས་བཟོ་བཞིན་པ་ཚང་མས་གཟབ་དགོས་པར་འདུག དེ་འདྲའི་རྫུན་བཟོ་འགའ་རེས་བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་དུ་བཟོ་འདོད་ཡིན་པར་ཤེས་ན་བདེན་ཚུགས་ཟིན་པ་རེད།

  14. ཚེ་རིང་སྐྱབས་ says:
    2013-08-24 at 6:14 pm

    ༅།དེངས་སྐབས་བོདེ་ཡིག་དང་རང་མི་རིགས་ཀྱི་རིང་ཐང་བྲལ་རྩ་ཆེའི་རིགས་གཞུང་ལ་ཁ་ཤས་ཁན་མ་ཏོག་ཁ་ལོས་ལག་ཡོད་ཀྱི་དོན་མཉམ་ལེན་བྱེ་འཁན་ནི་མིག་མཐོང་ལགས་གཟུང་གི་བྱེ་གསལ་རེད་།
    རང་ཡུལ་བོད་ནང་ལ་གུང་ཁྲན་གྱི་བཙམ་འོག་ནས་བོད་ཡིག་མ་ལགས་དང་བཅས་རྩ་མེད་བཟོས་བཞིན་པ་སྨོས་མི་དགོས་།
    བོད་ནང་གི་བོད་མི་ཐུགས་ཁག་མེད་གནམ་གྱི་ས་རྡུང་པ་རེད་།
    ཟིགས་དང་བཙན་འབྱོར་རང་དབང་ལུང་པའི་ནང་བོད་ཡིག་ལ་དོན་གནང་གནང་འཁན་གསུམ་ཆ་གཅིག་ཙམ་ལས་མེད་མུས་ཁར་རིམ་བཞིན་བོད་མི་ཤུག་པོ་སྣུམ་ཟས་འགྲོ་བ་སྨོས་མི་དགོས་།
    བོད་ཡིག་ཕ་རིའི་སྤང་རྒྱན་རེད་
    མི་རིང་བའི་ནང་བོད་མི་ངོ་རླག་རྒྱུ་ངེད་པ་རེད་བཅེས་བཤད་ན་མ་འགྲིག་མི་འདུག་
    མགོ་སྲིད་སྐྱོུང་མཆོག་ནས་བོད་མི་རྒྱ་གར་གྱི་མི་སེར་བཟོས་མཆོག་པའི་དཀའ་ཕྲོད་གནང་པ་དེ་རང་གི་བོད་མི་རི་རིང་བར་རྩ་ལག་འགྲོ་གི་རེད་བཤད་ནའང་མ་འགྲིག་པ་མི་འདུག་

  15. ལོ་མ་ལྗང་ཁུ says:
    2013-08-24 at 6:28 pm

    བོད་ཡིག་གི་རྒྱ་ཁྱོན་ལྔ་དགུའི་ཡར་སྔོན་དང་བསྡུར་ན་ཆེ་རུ་སོང་ཡོད་དངོས་ཡོད་གནས་སྟངས་རེད་། རྒྱུ་མཚན་ནི་། ལྔ་དགུའི་ཡར་སྔོན་དུ་བོད་དང་བོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁ་ཤས་རྒྱ་ཁྱོན་ཆེར་སོང་མེད་མོད་ཀྱང་། དེ་རིང་བོད་ཡིག་ཁྱབ་ཚད་དེ་དག་ལས་རྒལ་ཏེ་ནུབ་ཕྱོགས་དང་ཤར་ཕྱོགས་རྒྱལ་ཁབ་འདྲ་མིན་བེད་སྤྱོད་བྱེད་མཁན་མང་པོ་ཡིན་པ་མ་ཟད་གཞན་པའི་སློབ་གྲྭ་རེ་འགའ་ན་བོད་ཡིག་སློབ་ཚན་ཡང་ཡོད་། ཡིན་ཡང་བོད་ཡིག་གི་ཤེས་ཡོད་མཁན་སྔུན་མ་བསྡུར་སྐྱོ་བོ་རེད་ཟེར་ན་མི་འགྲིག་པ་མེད་།

  16. རྒྱལ་མཚན་ says:
    2013-08-24 at 9:30 pm

    བོད་ཡིག་ཤེས་མཁན་དང་བོད་སྐད་རྒྱག་མཁན་མང་ཉུང་གང་འདྲ་འགྲོ་གིན་ཡོད་རུང་། བོད་ཀྱི་སྐད་ཡིག་གཉིས་ཀའི་འབུར་དུ་ཐོན་པའི་ཁྱད་ཆོས་དང་། སྐད་ཡིག་གི་གཞི་རྩའི་སྤུས་ཚད་ཞེན་དུ་འགྲོ་ཡིན་ཡོད་པ་མིག་མཐོང་ལག་ཟིན་རེད། སྐད་ཡིག་གཞན་དག་དེ་ཚོ་ལྟར་འགྱུར་བ་འགྲོ་ནའང་དེ་བཞིན་དུ་འཕེལ་རྒྱས་དང་དར་རྒྱབ་ཆེ་རུ་འགྲོ་ན་གནས་ཚུལ་ཆེ་བ་མ་ཡིན་རུང་། བོད་སྐད་ལ་དེ་གཉིས་ཀ་མེད་པ་འདི་གལ་ཆེའི་ནང་གི་དོན་ཆེན་ཡིན་པས་དེ་དག་ལ་དོ་སྣང་དང་གྲོས་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཡིན།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 12:13 am

    བོད་ནང་ལ། མོ་ཊའི་ཁ་ལོ་པའི་ལག་འཁྱེར་བོད་སྐད་ཐོག་ཡིག་རྒྱུགས་གཏོང་ས་ཡོད་པ་བཟོ་དགོས་རེད། འདིས་བོད་སྐད་དང་བོད་ཡིག་ཉིན་རེའི་མདུན་ལམ་ནང་ལ་ཕན་ཐོགས་བཟོ་ཐུབ་པ་ཅིག་ཆགས་པ་རེད། རེ་བ་འདི་བོད་རིགས་ལས་བྱེད་པདྨ་འཕྲིན་སོགས་ལ་རེ་བ་བཏོན་པ་ཡིན། ཁ་བརྡ་བ་ཚོས་འདི་ཁོང་སྙན་ལམ་དུ་འཁྱོལ་ཐབས་ཅིག་གྱིས་དང་། དེས་ན་བོད་སྐད་དང་བོད་ཡིག་ཡར་རྒྱས་འགྲོ་དང་མི་འགྲོ་ཐེ་ཚོམས་ཡོད་མ་རེད་དོ།། །།གཞོན་སྐྱེས་ཚོ།། །།

  18. དགེ་འདུན་རྒྱ་མཚོ། says:
    2013-08-25 at 12:29 am

    རིག་གཞུང་ཅི་ལྟར་བདག་པོ་བརྒྱག་མིན་དེ་རང་གི་ལག་ན་ཡོད་རེད།
    རང་གིས་རང་ལ་དྲི་བ་འདོན་རོགས་གནང་།

  19. རྒྱ་ཞིང་མྱི་དཀར says:
    2013-08-25 at 3:07 am

    བོད་ཡིག་སྤྱོངས་མཁན་མང་དུ་འགྲོ་གི་ཡོད་མེད་དང་བོད་སྐད་བཤད་མཁན་མང་དུ་འགྲོ་གི་ཡོད་མེད་ཟེར་ན་དྲི་བ་འདི་གཉིས་ལ་ལེན་འདི་ལྟར་བཏབ་ཆོག་དྲན་སོང་ལོ་རབས་དྲུག་བཅུ་བདུན་བཅུ་ཡུས་མེས་ནས་བོད་ཡིག་སྦྱོངས་མཁན་མང་དུ་ཕྱིན་ཡོད་དཔེར་ན་ལོ་རབས་ཀྱི་ཆ་ནས་བཤད་ན་ལོ་རབས་ལྔ་དྲུག་སོགས་ལ་བསྡུར་ན་དེང་སང་གི་ཆར་འདིར་བོད་ཡིག་སྦྱོངས་མཁས་བརྒྱ་ཆ་བཅུ་གྲངས་ཤིག་འཕར་ཡོད་ལབ་ན་མི་འགྲིག་པ་མེད་བོད་སྐད་བཤད་མཁན་གྱང་དེ་དང་གཅིག་མཚུགས་ཡིན་འོན་ཀྱང་བོད་ཡིག་གི་ནུས་ཚད་སྔོན་ལ་ལྟོས་ན་ཧེ་བག་ཆེན་པོ་ཡོད། བཙན་བྱོལ་བ་ལྟ་བུ་ཞིག་ལ་མཚོན་ན་བོད་སྐད་དང་བོད་ཡིག་ཟེར་བ་འདི་ལྟག་ཆུ་ཆད་པའི་རྫང་བུ་བཞིན་ཉིན་རེ་ནས་ཉིན་རེ་ཇེ་ཞེན་དང་ཇེ་སྡུག་དུ་འགྲོ་གི་ཡོད་པ་གསལ་བོ་རེད་གལ་སྲིད་ལྷོ་ཕྱོགས་ཁག་གི་བཙུན་སྡེ་དག་མེད་ན་ཕལ་ཆེར་ལོ་ངོ་བཅུ་ཡང་འགྲོ་ཁག་པོ་རེད་བཙན་བྱོན་བའི་མི་རབས་རྒན་པ་དག་མི་རིགས་དང་རིག་གཞུང་གི་ཆེད་དུ་བཙན་བྱོལ་དུ་ཡོང་བ་ཡིན་ཀྱང་མི་རབས་གསར་བ་དག་སོ་སོའི་ལྟོ་རྒྱབ་དང་ཕྱི་ཡུལ་གྱི་བདེ་སྐྱིད་ཞིག་གཉེར་ནས་ཡོང་བ་ལོས་ཡིན་བསམ་བསམ་འདྲ་འདུག་གང་ལྟར་བོད་སྐད་དང་ཡི་གེ་ཧ་ཅང་བློ་འཚབ་དང་སེམས་ཁྲལ་བྱས་དགོས་བའི་གནས་ཤིག་དུ་གྱུར་འདུག

  20. གནམ says:
    2013-08-25 at 10:17 am

    བོད་རིགས་འཆི་བ་ལས་སྐྱེས་བ་མང་བ་ཡོད་པས། དེ་ཙམ་ཞིག་མི་ཤེས་ན། གཟིམ་རྒྱལ་གནང་རོགས། ཧ་ཧ།

  21. ལ་སྟོད་པ་ says:
    2013-08-27 at 2:42 am

    ངས་ལྟ་ན་བོད་པའི་སྤྱི་ཚོགས་ནང་བོད་ཡིག་ལ་དོ་སྣང་དང་བརྩོན་འགྲུས་བྱེད་མཁན་ཉུང་རུ་འགྲོ་བ་དང་
    སྤྱི་ཚོགས་གཞན་ནང་བོད་ཡིག་ལ་དོ་སྣང་དང་འབད་པ་བྱེད་མཁན་མང་རུ་འགྲོ་བ་མངོན་ གང་ལ་ཞེས་ན་དང་པོ་སྤྱི་ཚོགས་གཞན་དང་མཉམ་དུ་སྡོད་དགོས་ཙང་སྤྱི་ཚོགས་གཞན་གྱི་སྐད་ཡིག་གི་ཤུགས་སྐྱེན་ཐེབས་ཀྱི་ཡོད་པ་དང་ཤུགས་སྐྱེན་དེའི་ཐད་བོད་པ་ལ་གྱོང་ག་རེ་ཡོད་མེད་དང་ཤུགས་སྐྱེན་དེ་ནོར་འཁྲུལ་ཡིན་པ་མ་ཤེས་པས་ཡིན་
    གཉིས་པ་ནི་ནང་ཆོས་བཀའ་དྲིན་ཆེ་བས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme