Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽

Posted on 2013-08-23 By ཁ་བརྡ་ 4 Comments on དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽

དྲིལ་ལྕེ།
༼སྔོན་མའི་འཕྲོས།༽

༼ག༽

ཞིང་ཁའི་གྲོ་ནས་ཀྱི་སྙེ་མ་ནི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་ཕར་གཡོ་ཚུར་གཡོ་བྱེད་བཞིན་པ་དང་། སྔོ་ཞིང་དྭངས་པའི་གནམ་མཁའ་རུ་སྤྲིན་པ་ཧ་ཅང་དཀར་བོ་དབྱིབས་གཟུགས་འདྲ་མིན་ཞིག་བགྲོད་བཞིན་འདུག ནམ་རྒྱུན་སྟོན་དུས་ཉེ་བའི་སྐབས། སྡེ་བ་འདིའི་གནམ་མཁའི་ངོགས་སུ་སྤྲིན་པ་སྙིང་རྗེ་བོ་རེ་དང་། སྤྲིན་པ་དཔུང་ཆེ་ལ་དབྱིབས་ཀྱང་། རི་བོ་དང་ཁང་ཆེན། སྲོག་ཆགས་འདྲ་མིན་གྱི་རྣམ་པ་འདྲ་མིན་ཞིག་མཐོང་རྒྱུ་ཡོད། བཤད་ཚུལ་ལ། སྟོན་ཁའི་སྤྲིན་པ་ནི་མཛེས་སྡུག་ལྡན་ལ། སྟོན་ཁའི་སྤྲིན་པ་ནི་རྔམ་ནག་ཅིང་དྲག་རྩུབ་ལྡན་པ། སྟོན་ཁའི་སྤྲིན་པ་ནི་དཔུང་སྟོབས་ལྡན་ལ། སྟོན་ཁའི་སྤྲིན་པ་ནི་ནམ་ཡོང་མི་ཤེས་པའི་ཁྱི་སྤྱང་སྨྱོན་པ་འདྲ་བོ་ཞིག་ཡིན་ཟེར། རྒྱུ་མཚན་ནི། དབྱར་གྱི་ས་གཞི་ལ་ཚ་བ་རྒྱས་པ་དང་། དབྱར་གྱི་རྒྱ་མཚོ་ལ་དྲོད་ལངས་ཏེ། སྟོན་གྱི་གནམ་མཁའ་ལ་སྤྲིན་པ་འདྲ་མིན་ཞིག་སྐད་ཅིག་ཉིད་དུ་ལྡིང་ཞིང་། སྐད་ཅིག་ཉིད་དུ་ཡལ། སྐད་ཅིག་ཉིད་དུ་གཟུགས་དབྱིབས་འདྲ་མིན་ཞིག་སྟོན་པ་རེད།
ས་གཞི་ལ་ཚ་བ་རྒྱས་པ་ནི། མཐོ་སྒང་གི་ངའི་གྲོང་སྡེ་འདིར་ཡོད་པའི་མི་རྣམས་ཀྱིས་ཤེས་རྟོགས་ཡོད། ལྷག་པར་དུ་དབྱར་རྗེས་དང་། སྟོན་འགོ་ཙམ་ལ་ལུས་ཀྱི་མགོ་ཐོག་ནས་མེ་འབར་བ་ལྟར་བྱེད། རྒྱ་མཚོ་ལ་དྲོད་ལངས་ཟེར་བ་ནི། ངས་ཅི་ཡང་མི་ཤེས་ལ། སྡེ་བ་འདིའི་གྲོང་མི་གཅིག་གིས་ཀྱང་ཤེས་མི་སྲིད། སྡེ་འདིའི་ལུང་ཁུག་ན། གཙང་བོ་རན་པོ་ཞིག་ཡོད་ལ། དབྱར་ཁ་ཆུ་བསྐྱལ་དུ་སོང་ན། ཐོག་མར་ལུས་སུ་བདེ་སྣང་ཞིག་སྟེར་ལ། རྒྱུན་རིང་བོ་ཞིག་བསྡད་རྗེས། ལུས་བོ་གྲང་བའི་ཚོར་བ་སྟེར། དེ་བས་རྒྱ་མཚོ་ལ་དྲོད་ལངས་ཟེར་བ་དེ་ངས་ཅི་ཡིན་མི་ཤེས།

ང་རང་ཞིང་ཚིགས་ཀྱི་བར་དུ་ལག་གཉིས་ཕར་བརྐྱངས་ཏེ། ལག་པའི་མཛུབ་མོས་སྙེ་མགོ་རེག་ཙམ་རེག་ཙམ་བྱེད་བཞིན་གོམ་བགྲོད་བྱས་པ་ཡིན། འདི་ལྟར་གོམ་བགྲོད་བྱེད་འདོད་པ་གང་ཡིན་ཆ་མ་འཚལ་མོད། གཅིག་བྱས་ན། གྲྭ་བཙུན་ངས་རང་གི་སྐྱེས་ཡུལ་ལ་དུངས་སྣང་སྟོན་སྟངས་ཤིག་ཀྱང་ཡིན་སྲིད། ངོ་མ་རྒྱང་རིང་བོ་ཞིག་ནས་མི་ཞིག་གིས་ང་རང་མཐོང་བ་ཡིན་ན། ཆུ་མ་ཐང་སྡེ་བའི་ཞིང་ཚིགས་བར་ན། བྱ་རྒྱལ་རྒོལ་པོ་དམར་བོ་ཞིག་ལྡིང་སྐོར་རྒྱག་བཞིན་འདུག་ཟེར་ངེས།
སྔོན་ཆད་ང་རང་དེ་རིང་ལྟར་ཁེར་བགྲོད་བྱེད་སྐབས། སོ་སོའི་སྐད་ངག་ལ་བསམས་བློ་ཅི་ཡང་མི་གཏོང་བར། ཁ་ནས་ལ་གཞས་སྙན་སྙན་འདྲ་ཞིག་བཏང་ཡོད། མི་སུ་འདྲ་ཞིག་གིས། སྡེ་བ་འདིའི་མཛེས་སྡུག་གི་རི་ལུང་དང་། སྤང་གཤོངས། གཙང་ཆུ། ཆུ་མིག སྐྱེ་དངོས་འདི་དག་ལ་ལྟ་བཞིན་ཁེར་བགྲོད་བྱས་པ་ཡིན་ན། ཁ་ནས་གླུ་ཞིག་དང་། ལ་གཞས་ཤིག ཡང་ན། གླུ་དབྱངས་ཤིག་རང་བཞིན་གྱིས་ཐོན་ཡོང་བ་དང་། གལ་སྲིད་གླུ་དང་ལ་གཞས། གླུ་དབྱངས་ཤིག་ཀྱང་ལེན་མི་ཤེས་མཁན་ཞིག་ཡིན་ན་ཡང་། ཀི་ཞིག་འདེབས་པ་ངས་གདེང་ཚོད་ཆེན་པོའི་བཤད་ཐུབ།

༼ང༽

སྐབས་འདིར་ངའི་ཁ་ནས་ལ་གཞས་དང་གླུ་ལྟ་ཅི། ཐ་ན་ཀི་ཞིག་ཀྱང་འདེབས་རྒྱུ་མ་བྱུང་། ང་རང་ཁེར་རྐྱང་ངང་གོམ་བགྲོད་བྱས་ཏེ་ལག་པའི་མཛུབ་མོས་འཇམ་རེག་གི་ཚོར་སྣང་སྙེ་འགོ་ནས་འཐུ་ཞོར། སེམས་ཀྱི་མེ་ལོང་ངོས་སུ་ངའི་ཆུང་དུས་ཀྱི་འཚོ་བ་ཤར་བཞིན་འདུག དགོད་ཀྱང་རུང་ལ། ངུ་ཡང་རུང་བའི་ངའི་བྱིས་དུས་ཀྱི་མི་ཚེ་ནི། ངོ་མ་བཤད་ན། དཀའ་ངལ་ཅན་དང་། གདོང་ལེན་ཅན། བློ་ཕམ་ཅན། རྒྱབ་རྟེན་མེད་པ་ཞིག་ཡིན། དེ་བས། སྐབས་འདིའི། མགོ་བོ་ཕྱིར་དགྱེ་བ་དང་། མིག་གིས་གནམ་མཁའ་ལྟ་བ། ལག་པའི་མཛུབ་མོས་གྲོ་ནས་ཀྱི་སྙེ་མའི་འཇམ་རྩུབ་ཀྱི་མྱོང་བ་སྒོམ་པ། སེམས་པ་བག་ཡངས་དང་། ཞི་བདེ་ངང་གོམ་བགྲོད་འདི་འདྲ་ཞིག་ང་ལ་གཏན་ནས་བྱུང་མྱོངས་མེད། ངས་གཞི་ནས། ང་རང་སྐྱེས་སའི་ཕ་ས་ཕ་ཡུལ་འདིར། ལུས་སེམས་གཉིས་བདེ་ལ་བབས་པ་དང་། སྔོན་ཆད་ལྟར། བྲེལ་བྲེལ་ཟིང་ཟིང་དང་། བློ་དོགས་སེམས་འཚུབ་ཀྱི་ཡུལ་མི་དེ་མིན་པ་གསལ་རྟོགས་བྱུང་།

ས་ཆ་འདིར་ང་རང་སྐྱེས་ཤིང་། ས་ཆ་འདིར་ང་རང་འཚར་ལོངས་བྱུང་། གནས་འདིར་ང་ལ་རྒྱུས་ཡོད་ལ། གནས་འདིར་ང་ལ་དབང་། ཡུལ་འདི་ངའི་ཕ་ཡུལ་ཡིན་ལ། ཡུལ་འདིའི་ཤིང་ནགས་སྐྱེ་དངོས་དང་། གྲོ་ནས་སྲན་གསུམ་གྱི་ཞིང་ཁ། སྒོ་ཟོག་རྣམས་ངའི་འཚོ་རྟེན་དང་འཚོ་བ། ངའི་མི་ཚེ་བྱས་ཡོད། ཡིན་ནའང་། རང་ཉིད་གྲྭ་བཙུན་གྱི་གཟིགས་སུ་གྲུབ་ཏེ་འདིར་སླེབས་ནས་བཟུང་། ང་ལ་འབྲེལ་བ་མེད་ཅིང་། ང་ལ་བྱེད་ལས་ཅི་ཡང་མི་འདུག སེམས་ངོར་ཕ་ས་འདི་རང་ཉིད་ཀྱི་ཡིན་པ་ཙམ་རེད། ང་རང་ཁྱིམ་ནས་ཕྱི་ལོག་ཏུ་གོམ་བགྲོད་ཆེད་ཐོན་སྐབས། ང་ལ་བཏང་འཛིན་བྱེད་མཁན་མ་བྱུང་ལ། འདི་ལྟར་ཞིང་ཚིགས་བར་དུ་གོམ་བགྲོད་བྱེད་སྐབས། ང་ལ་ཐེ་གཏོགས་བྱེད་མཁན་ཡང་མ་བྱུང་། འདི་ལྟ་བུའི་རང་དབང་གི་གོམ་བགྲོད་ཅིག་དང་། རང་དབང་གི་སེམས་ཁམས་ཤིག རང་དབང་གི་གྲྭ་བཙུན་མགོ་རིལ་ཞིག ད་ནི། ང་རང་དེ་སྔོན་གྱི་མི་ཚེ་གདོང་ལེན་ཅན་དང་། བློ་ཕམ་ཅན། དཀའ་ཁག་ཅན། ཉམ་ཆུང་ཅན་ལས་ཡོངས་སུ་ཐར་སོང་བ་འདྲ། གཏན་དུ་བྲལ་སོང་བ་འདྲ།

༼ཅ༽

ང་ནི་ཐང་བུ་ཞིག་ཡིན། ཐང་བུ་ནི། འཇིག་རྟེན་འདིར་རང་ཉིད་ཀྱི་ཨ་ཕ་དེ་སུ་ཡིན་ངོས་འཛིན་མེད་པའི་བུ་ལ་ཐང་བུ་ཟེར། སྤྱིར་ན། ཚིག་འདི་ངའི་རྣ་བས་དངོས་སུ་གོ་ཐོས་འབྱུང་བ་ཧ་ཅང་ཉུང་ཉུང་ཡིན། གལ་སྲིད་ཚིག་འདི་གོ་བ་ཡིན་ཚེ། རང་ཉིད་ཀྱི་ཉམ་ཆུང་བའི་སེམས་པ་དེའི་ནང་། མེ་ཕུང་ཞིག་བླུག་པ་དང་ཁྱད་པར་ཅི་ཡང་མེད། ཚིག་འདི་ལ་ང་རང་གཏན་ནས་མི་དགའ། ཚིག་འདིའི་རྐྱེན་བྱས། ངས་བྱིས་པ་ཁ་ཤས་ཀྱི་ཁ་སྣ་དང་། མགོ་མིག་སོགས་ལ་ན་ཚ་བཟོས་མྱོངས་ལ། ཐང་བུ་ཞེས་པའི་ཚིག་འདིས། ང་རང་གི་མགོ་ལག་དང་། རྐང་ལུས་ལ་ན་ཚ་ཡང་བཟོས་མྱོངས། སྤྱིར་ན། ཐང་བུ་ཞེས་པའི་ཚིག་འདི་ནི། རང་ཉིད་ཀྱི་བྱིས་པའི་མི་ཚེ་ལ་རྨ་ཁ་བཟོ་མཁན་དེ་རེད།

ཨ་ཕ་ཞིག་གི་བྱམས་སྐྱོང་དང་། ཨ་ཕ་ཞིག་གི་ལམ་སྟོན། ཨ་ཕ་ཞིག་གི་རྒྱབ་རྟེན་སོགས། ངའི་མི་ཚེའི་ནང་ང་ལ་ཐོབ་མྱོངས་མེད། གནས་ཚུལ་འདི་ལ་རྐྱེན་བྱས། ངས་ཨ་མའི་བྱམས་བརྩེ་མང་བོ་ཞིག་ལ་ལྡོག་ཕྱོགས་ཀྱི་ལན་བྱིན་ཡོད། ཕལ་ཆེར་ང་རང་ལོ་ན་བཅུ་གཅིག་ཙམ་རེད། ང་རང་གོམ་བགྲོད་བྱེད་སའི་ཞིང་ཁ་འདིའི་ཐོག སྔོ་ལྡེམ་ལྡེམ་ངང་གཡོ་བའི་ལོ་ཏོག་གི་སྙེ་མ་འདི་འདྲ་ཡོད་པའི་སྐབས་ཤིག་མིན། དེ་ནི་ལོ་ཏོག་བརྔས་ཚར་བའི་རྗེས་ཀྱི་སྟོན་ཁ་ཞིག་རེད། སྟོན་མཇུག་ལ། སྡེ་འདིའི་བྱིས་པ་ཚོ་དར་བསྡད་ཡོད། སྐོར་སྐོར་བྱས་ཏེ། རི་འགོར་མེ་འབུད་པ་དང་། དཔུང་སྒྲིག་ཏེ་རྩེད་མོ་རྩེ་བ། ཅི་ཞིག་གི་ཆེད་དུ་ཡིན་མིན་གསལ་བོ་མི་འདུག ང་རང་བྱིས་པ་གཞན་ཞིག་ལ་ཁ་རྩོད་དང་ལག་འཛིང་བྱུང་། འདི་ནི་རྒྱུན་ལྡན་ཞིག་རེད། ཁོའི་ཁ་ནས་ཐང་བུ་ཞེས་ངའི་སེམས་ལ་མེ་འབར་བྱེད་ཀྱི་ཚིག་སྟེ་ཤོེར་སོང་། ཚིག་འདིས་ངའི་སེམས་ལ་ཁོང་ཁྲོའི་མེ་རབ་ཏུ་འབར་སོང་། ལྷག་པར་དུ་རྩེ་རོགས་བྱིས་པ་ཚོའི་ཁྲོད་དུ་འབར་སོང་།

སྣང་བ་ཞིག་ལ། ང་རང་གི་ལུས་ཀྱི་སྟོབས་རྒྱས་པ་ལྟ་བུའི་གཟུགས་བོང་ཆེ་རུ་གྱུར། རྒྱུགས་ཐེངས་གཅིག་གིས་ཁོའི་སྣ་འགོ་ལ་ཁུ་ཚུར་གཅིག་དང་། མིག་ལ་གཅིག་བཞེས་པ་ན། ཁོ་རང་ངུ་སྐད་དང་བཅས་ང་ལ་ཤི་འཐམ་རོ་འཐམ་བྱས་སོང་། ངའི་སེམས་སུ་འབར་བའི་མེ་དེ་ནི། ཁོའི་སྣ་འགོ་ན་ཐོན་པའི་ཁྲག་དེ་ལས་དམར་ཞིང་ཚ་བ་མ་ཟད། ཁོའི་མིག་སྐོང་ན་བཞུར་བའི་མཆི་མ་དེས་གསོད་ག་ལ་ཐུབ། ཡུད་ཙམ་རྗེས། རྩེད་རོགས་ཚོས་བར་འདུམ་བྱས་ཏེ་སོ་སོར་གྱེས་པ་ཡིན།
ཕྱི་དྲོ་ཕྱིར་ཁྱིམ་དུ་འཁོར་སྐབས། ལམ་བར་དུ་བྱིས་པ་དེའི་ཨ་ཕ་དང་གདོང་ཐུག་རྒྱབ་སོང་། ང་རང་མཐོང་མ་ཐག་ཏུ། ངའི་འགྲམ་པའི་ཐོག་ཐལ་ལྕག་མེ་འབར་བ་ཞིག་རྒྱབ་སོང་། དེ་བཞིན་རྣ་ནང་དུ་སྒྲ་ཞིག་གྲགས་པ་དང་། འགྲམ་པ་ཡང་ཚ་རུ་ཚ་རུ་འགྲོ་བའི་སྣང་བ་བྱིན། སྐབས་དེར། ང་རང་ཞེ་སྡང་ལངས་ས་དང་ཁོང་ཁྲོ་འབར་ས་ནི་ཁོ་མ་རེད། ང་རང་ཁོང་ཁྲོ་ལངས་ནི་ཁྱིམ་གྱི་ཨ་མ་རེད།

བརྩམས་སྒྲུང་།

Post navigation

Previous Post: རྒྱ་བོད་བར་གྲོས་མཐུན་༡༧ ལ་མཚན་རྟགས་བཀོད་སྐབས་ཀྱི་ལོ་རྒྱུས་ངོ་མ།
Next Post: ས་མཐའི་སྐྱོ་གླུ།

Comments (4) on “དྲིལ་ལྕེ། ༼གྲྭ་སྒྲུང་ཞིག༽”

  1. ཀླུ་སྨྱོན། says:
    2013-08-26 at 12:32 am

    ཡག་པོ་འདུག མང་རའི་རོང་སྡེ་དེ་ཚོ་དྲན་བྱུང་། རོང་མོ་མགོ་རས་ཁྲ་ཁྲ་ཅན་ཚོ་ཞིང་ཚིགས་བར་ནས་གནོན་རྒྱུ་བྱུང་ན་སྐྱིད་པ་ལ་བསམས་མྱོང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-08-26 at 12:45 am

    ་་་་་ ས་ཆ་འདིར་ང་རང་སྐྱེས་ཤིང་། ས་ཆ་འདིར་ང་རང་འཚར་ལོངས་བྱུང་། གནས་འདིར་ང་ལ་རྒྱུས་ཡོད་ལ། གནས་འདིར་ང་ལ་དབང་། ཡུལ་འདི་ངའི་ཕ་ཡུལ་ཡིན་ལ། ཡུལ་འདིའི་ཤིང་ནགས་སྐྱེ་དངོས་དང་། གྲོ་ནས་སྲན་གསུམ་གྱི་ཞིང་ཁ། སྒོ་ཟོག་རྣམས་ངའི་འཚོ་རྟེན་དང་འཚོ་བ། ངའི་མི་ཚེ་བྱས་ཡོད། ཡིན་ནའང་། ་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2013-08-26 at 12:48 am

    སྒྲུང་འདི་ཤིནད་ཏུ་སྣ་པོ་བྱུང་། ཐུགས་རྗེ་ཆེ། ངའི་ཕ་ཡུལ་སྐ་དུ་ཕ་ངོས་འཛིནམེད་པའི་བུ་ལ་ཉ་ལུ་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-08-26 at 12:52 am

    རིང་བོ། རིང་པོ།
    གཙང་བོ། གཙང་པོ།
    སྡེ་བ། སྡེ་པ།
    བྱ་རྒྱལ་རྒོལ་པོ། བྱ་རྒྱལ་རྒོད་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme