Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཚན་མོ་ཉལ་ཁའི་འཆར་ཡན།

Posted on 2013-08-23 By ཁ་བརྡ་ 11 Comments on མཚན་མོ་ཉལ་ཁའི་འཆར་ཡན།

དབྱངས་ཅན་འབངས།

མཚན་མོ་འདི་ཅི་འདྲའི་ཁ་ཁུ་སིམ་པོ་ཞིག་རེད། ངའི་ཤག་ནང་ང་རང་གཅིག་པུར་ཁ་བརྡར་མཆན་འདེབས་བཞིན་པ་དང་ལྷན་ཐག་རིང་ནས་དཔེ་ཆ་སྐྱོར་སྦྱང་བྱེད་བཞིན་པའི་སྒྲ་དག་ལྷང་ལྷང་ཐོས། ད་ལྟ་མཚན་གྱི་ཆུ་ཚོད་ ༡༢:༥༢ རེད། ང་ལ་མཚོན་ན་ཉལ་རན་ཐག་ཆོད་ཀྱང་ཟིན་བྲིས་གློག་ཀླད་ལག་ནས་མ་ཐོངས་པར་དམ་དུ་འཇུས་འདུག ངོ་མ་ཡ་མཚན། ལོ་བཞི་ལྔའི་ཡར་ས྄ོན་ལ་ངས་ཡོ་ཆས་འདི་དག་བེད་སྤྱོད་ལྟ་ཞོག་མིང་ཡང་ཡག་པོ་གོ་མ་མྱོང་མོད། ད་ནི་འདི་དག་ངའི་གཏན་གྲོགས་ཆགས་ཉེན་འདུག

ཡང་ན་སྡུག་ས་ནས་བཤད་ན། ང་ནི་ཁོའི་བྲན་གཡོག་རྣམ་དག་ཞིག་ཡིན་ཟེར་ན་མ་ཆོག་པ་ཕལ་ཆེར་མིན་འདུག ད་ནི་ཆུ་ཚོད་ ༠༡:༠༣ ཡོལ་ཟིན་འདུག་ལ་ཕྱི་ལོགས་ཀྱི་སྐྱོར་བརྡའི་སྒྲ་ཡང་ཇེ་ཆུང་ནས་ཇེ་ཆུང་རེད། ང་རང་གན་འགྱེལ་དུ་ཉལ་ནས་ཅི་ཞིག་འབྲི་དགོས་མིན་བསམ་བློ་གཏོང་བཞིན་པ་ཡིན། ཞེན་ཁོག་ཚ་བའི་སྐད་ཆ་ནི་འབྲི་སྙིང་མི་འདོད། འོན་ཀྱང་ཁ་བརྡ་མ་བལྟས་ན་ཉིན་གཅིག་གི་བྱེད་སྒོ་ཆད་སོང་བ་ལྟ་བུས་ཁ་བརྡ་བལྟ་རྒྱུ་ནི་གལ་ཆེའི་ལས་དོན་ཞིག་ཏུ་གྱུར་ཟིན་འདུག ཁ་འདོན་ཆད་གྲབས་བྱས་ཀྱང་སྐུ་ངོ་ཟིན་བྲིས་གློག་ཀླད་ལགས་ནི་དབང་ཇེ་ཆེ་རེད། ཟིན་བྲིས་གློག་ཀླད་སྟེང་ཡི་གེ་འདོགས་རྒྱུ་སྔོན་མ་དང་བསྡུར་ན་ཞེ་དྲག་བདེ་རུ་ཕྱིན་འདུག ཆུ་ཚོད་ ༠༡:༢༢ ཟིན་འདུག

ཁ་བརྡར་འགོད་དུས་ནོར་འཁྲུལ་མ་ལྷག་ཆེད་ད་བར་བྲིས་ཟིན་པ་རྣམས་བསྐྱར་ཀློག་ཞིག་བྱས་པས། འདི་ནང་དག་ཆ་མ་ནོར་བ་སྨོས་མེད་ཐོག་སྡེབ་སྦྱོར་ཡང་ཁ་ལ་འཇགས་བདེ་པོ་ཞིག་དགོས་པས་ཚིག་ཁ་ཤས་ལ་སྣོན་འཕྲི་སྤོགས་ཅོག་ཀྱང་ཏོག་ཙམ་བྱས། ཡི་གེ་འདོགས་བཞིན་དེ་རིང་ཉིན་གུང་དང་ལྷག་པར་ད་གིན་ ༠༨:༣༠ ཐོག་དགོང་ཇ་འཐུང་སྐབས་ཀྱི་སྐད་ཆ་མང་པོ་ཞིག་ཀྱང་སེམས་ལ་འཁོར་གིན་འདུག་མོད།་་་་་་་་་ཨོ་་་ད་ཟིན་བྲིས་གློག་ཀླད་ལག་པ་ནས་ཤོར་གྲབས་བྱས་བྱུང་། སྐྱོར་བརྡའི་སྒྲ་ཡང་རྦད་དེ་ཆད་ཚར་སོང་ལ་ཆུ་ཚོད་ཀྱང་ ༠༡:༤༨ ཡོལ་ཟིན་འདུག་པས་ད་ནི་གཅིན་པ་ཞིག་བཏང་ནས་ཉལ་ཆས་སྒལ་པར་འཁུར་ན་དགའ་བ་མིན་འགྲོ་བསམ། ཨ་ཡོ།

སྣ་ཚོགས།

Post navigation

Previous Post: ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བཞི་པ༽
Next Post: རྒྱ་བོད་བར་གྲོས་མཐུན་༡༧ ལ་མཚན་རྟགས་བཀོད་སྐབས་ཀྱི་ལོ་རྒྱུས་ངོ་མ།

Comments (11) on “མཚན་མོ་ཉལ་ཁའི་འཆར་ཡན།”

  1. Tsering says:
    2013-08-23 at 11:21 pm

    ལག་གཡོན་མས་གློག་ཀླད་དམ་དུ་འཇུས་ ལག་གཡས་པས་རླིག་པ་དམ་དུ་འཇུ། རྨིག་གཉིས་ཀ་གློག་ཀླད་ནང་དུ་འཛུལ།

  2. གནམ says:
    2013-08-24 at 4:59 am

    དགོང་མོར་ཉལ་རྒྱུ་མེད་པའི་རྟ་དང་འདྲ། ཕྱོགས་པར་ལང་རྒྱུ་མེད་པའི་ཕག་དང་འདྲ་ཟེར་བ་ཞིག་ཡོད་པ་རེད། འདི་ཡག་སྡུག་ག་རེ་ཞིག་གི་ནང་དོན་ཡིན་མིན་མི་ཤེས།
    ནུབ་མོར་གཉིད་འཁྲུགས། ཉིན་དཀར་སེམས་འཁྲུགས། ད་ཁྱོས་སངས་རྒྱས་བའི་བསོད་ནམས་ཞིག་བསགས་ཀི་མེད་ནོ་ཁོ་ཐག་རེད། ཧ་ཧ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 7:59 am

    དགོངས་དྲོ། ཉལ་མི་ཤེས་རྟ་དང་འདྲ།
    སྔ་དྲོ། ལངས་མི་ཤེས་བ་དང་འདྲ།
    ཞེས་པའི་བོད་ཀྱི་གཏམ་དཔེ་གཅིག་ཀྱང་ཡོད།

  4. དབྱངས་ཅན་འབངས། says:
    2013-08-24 at 2:21 pm

    ང་ཚོ་གྲྭ་ས་ལ་ཡིན་ན་མཚན་མོ་ཆུ་ཚོད་བཅུ་གཅིག་མ་ཡོལ་བར་དུ་སློབ་གཉེར་བ་སུ་ཡང་རྩོད་པ་རྩོད་ནས་ཆོས་ར་ལ་བསྡད་པ་མ་གཏོགས་ཤག་ལ་ལོག་ས་ག་པར་ཡོད། ད་དུང་སྙིང་རུས་ཡོད་མཁན་ཚོ་ནི་ཆུ་ཚོད་དང་པོ་གཉིས་པ་བར་དུ་རྩོད་ཐག་མ་ཆོད་པར་ལྷག་གི་རེད། དེ་ནས་ཤག་ལ་འཁོར་ནས་ཡང་བསྐྱར་དཔེ་ཆ་བལྟས་ནས་ཆོས་རའི་ནང་རྩོད་ཟླ་དང་སོ་སོས་ལབ་རེས་བྱས་པ་རྣམས་སུ་འཐད་མིན་ལ་བསྐྱར་ཞིབ་བྱེད། ང་ཡང་སློབ་གཉེར་བ་རྩེ་གྲས་ཞིག་མིན་ན་ཡང་གཞུང་ཆེན་སློབ་གཉེར་ལ་ཞེ་ཐག་པ་ནས་སྤྲོ་སྣང་ཡོད་ལ་སློབ་གཉེར་ལ་དབུ་ཚུགས་གང་འཚམས་བརྒྱབ་ཅིང་རྗེས་མཐུན་གྲུབ་འབྲས་ཀྱང་རང་གི་རང་ལ་དགའ་བ་སྐྱེ་ཆོག་པ་ཡོད། དེའི་གོམས་གཤིས་ཀྱིས་མཚན་མོ་གཉིད་ཉལ་རྒྱུ་སྔ་པོ་བྱས་ན་ཉལ་ཆས་ནང་ཨ་ལོག་རང་བརྒྱབ་ནས་གཉིད་མ་འོངས་པའི་ཁར་གཞན་པ་ཡང་བྱེད་རྒྱུ་མ་རག་པས་དུས་ཚོད་འཕྲོ་བརླག་གཏོང་མཁན་རང་ཆགས་ཀྱི་འདུག བྱས་ཙང་ང་ནི་གཉིད་མ་སླེབས་བར་དཔེ་ཆ་བལྟ་ཡི་ཡོད། བར་ལམ་ནས་གཉེན་ཉེ་ཞིག་གིས་ཟིན་བྲིས་གློག་ཀླད་ iPad ཅིག་སྤྲད་པ་དེ་ནས་བཟུང་དུས་ཚོད་ལྷག་པའམ་དཔེ་ཆ་བལྟ་མ་སྒྱིད་ན་ཁ་བརྡ་སྔོགས་ཀྱི་ཡོད། དེ་ཡང་ཁ་བརྡའི་ནང་ཀར་བན་ཨོ་ཅོ་མེ་སྤོབས་ཀླུ་གནམ་སོགས་འཆར་ཅན་རྣམས་དང་། སྐབས་རེ་ཁོ་འཇིགས་ང་ཞེད་ཟེར་བཞིན་རང་གི་དགོས་མཁོ་དང་བསྟུན་ནས་ཡོང་མཁན་ཡང་ཁ་ཤས་ཡོད་པ་བཅས་གང་ལྟར་ཁ་བརྡའི་ནང་མགོ་འཁོར་བ་དེས་དུས་ཚོད་ཞེ་པོ་ཕྱིན་ནས་སློབ་གཉེར་ལ་ཡང་མཚམས་རེ་དོ་ཕོག་ཏོག་ཙམ་ཡོང་གིན་འདུག་ཀྱང་། ཕྱོགས་གཞན་ནས་སྤྱི་ཚོགས་སྟེང་གི་གནས་ཚུལ་མང་པོ་ཞིག་ཤེས་རྒྱུར་ཕན་ཐོགས་ཀྱང་གང་འཚམ་ཡོང་གི་འདུག
    མདོར་ན་ང་ཚོ་གྲྭ་སའི་དཔེ་ཆ་བ་རྣམས་ནི་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བོད་ཀྱི་རིག་གཞུང་གི་རྩ་བ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར་ཤུགས་རྒྱག་མཁན་ཡིན། ཞུ་རྒྱུ་ཡིན།

  5. གནམ says:
    2013-08-24 at 9:36 pm

    ལགས་སོ། བདག་གི་མཆན་བུ་ཧ་ཧའི་རྔ་མ་ཅན་རྣམས་ནི། གྲོགས་པོ་ཚོ་ལ་དགའ་སྣང་མཚོན་པའི་ཁ་བརྡ་རང་ཡིན། ཧ་ཧ་དང་ཧེ་ཧེ་ནི་ཁྲེལ་དགོད་ཡིན། ཅི་ཡང་མེད་པའི་མཆན་དག་ནི། རང་བློ་གནད་དུ་བབས་པའི་སྐད་ཆ་ཡིན།
    དེ་མིན།
    རེ་བ་ཆུང་ཆུང་ཞིག་ཡོད། དེ་ནི་གྲྭ་ཆུང་ཚོ་ལ་ཆོས་རྩོད་ཚ་བོ་བྱེད་ཐུབ་ནིའི་བླ་རྒན་སྨྲ་ར་དཀར་ཅན། ཁ་ནང་ནས་ཁ་ཆུ་ཚུབ་ཚུབ། ཕར་བལྟས་ན་ཐུགས་རྒྱ་ཆེན་པོ། སྐུ་མདོག་དྭངས་མོ་དད་སེམས་ཤོར་ས། ཉན་ན་ཡིད་ཤོར་ས། བལྟས་ན་བློ་དགའ་སའི་བླ་རྒན། ཆོས་རྩོད་ཤོར་སོང་ན་སེང་གེ་ལ་འགྱུར་འགྲོ་ནི། རྩོད་པ་ཐོབ་སོང་ན་ཐུགས་ཀ་ནས་ཉི་མ་ཤར་ཡོང་ནིའི་གློག་ཀླད་ནང་གི་རྩེ་སྤྱད་གྲྭ་ཕྲུག་ཚོ་ཉིན་མཚན་དུས་དྲུག་ལ་མགོ་བོ་འཁོར་ནས་ནུབ་མོར་གཉིད་བརྗེད། ཉིན་མོར་ཟས་བརྗེད་འགྲོ་ནི་ཞིག་བཟོ་ཐུབ་ན། དེང་རབས་དང་མཐུན་པ། དུས་རབས་དང་འགྲོག་པ། དགེ་མཚན་ལྡན་པ་མ་ཡིན་ནམ་ཟེར་ཡ་ཡིན། ཧ་ཧ།

  6. དབྱངས་ཅན་འབངས། says:
    2013-08-24 at 11:04 pm

    གནམ་ལགས་ཀྱིས་སད་དཀྲོལ་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ཁ་བརྡ་ཁྱིམ་ཚང་ཆེན་པོའི་ནང་ཞུགས་པའི་མི་ཞིག་ལ་ཁོང་ཡངས་ལ་བཟོད་བསྲན་ཐུབ་པ་ཞིག་ངེས་པར་དགོས་པ་ནི། ངས་ཁ་བརྡ་ལ་ཞུགས་དུས་ནས་ཤེས་ཤེས་པ་ཡིན་པས་ཁྱེད་ཐུགས་གཡེང་གནང་དགོས་མེད། དངོས་གནས་ཕོ་མདའ་ཤོང་མདུང་ཤོང་རང་ཡིན།

  7. དབྱངས་ཅན་འབངས། says:
    2013-08-24 at 11:05 pm

    ངའི་མ་རྩོམ་དེ་ནི་བརྗོད་བྱའི་ཐད་ནས་དམིགས་བསལ་ཟབ་ཁྱད་གང་ཡང་མེད་པ་ཆེས་དཀྱུས་མ་ཞིག་ཡིན་མོད། འབྲི་ཐབས་ཁྱད་པར་བ་ཞིག་སྤྱད་ཡོད། དེ་ཡང་དབྱིན་སྐད་ནང་རྩོམ་འབྲི་སྟངས་ཀྱི་རྣམ་གྲངས་ཞིག་སྟེ་ present story ཞེས་ད་ལྟར་བའི་སྒྲུང་ངམ་ད་ལྟ་བའི་གནས་ཚུལ་འགོད་ཐབས་ཀྱི་རྩོམ་སྟངས་ཞིག་ཡོད་པ་དེ་བོད་ཡིག་ནང་ནང་འདྲེན་བྱེད་ཐུབ་རྒྱུར་འབད་བརྩོན་བྱས་པའི་ཁུལ་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 12:05 am

    དབྱངས་ཅན་འབངས་རང་གདན་སའི་དཔེ་ཆ་བ་ཅིག་ཡིན་ན། ད་ལྟའི་དུས་འདིར་མི་བྱིན་རླབས་ཅན་ཞིག་རེད། དེས་ན་ཁ་བརྡའི་ཁ་བརྡར་བར་གསེང་ལ་ཡང་ཡང་བཀླགས་ན་ཕན་ཐོགས་ཆེ་ཡང་། ཆེད་རྩོམ་ལ་འགྲུས་ཆེ་དྲགས་ན། དཔེ་ཆར་ཐོས་བསམ་སྒོམ་གསུམ་ལ། དོ་ཕོག་འགྲོ་བརངེས་པས། མ་འབྲི་ན་ལེགས། སྤྱིར་མཁས་བཙུན་བཟང་གསུམ་ཐོག་ལ། འཆད་རྩོད་རྩོམ་གསུམ་ཡང་ངེས་པར་དགོས་ངེས་ཅིག་ཡིན་ན་ཡང་་་་་

  9. དབྱངས་ཅན་འབངས། says:
    2013-08-25 at 12:14 am

    ཀརྡོ་ལགས་ཀྱི་ཤ་ཚའི་བསླབ་བྱ་སྙིང་ལ་སིམ།

    “ང་ཡང་སློབ་གཉེར་བ་རྩེ་གྲས་ཞིག་མིན་ན་ཡང་གཞུང་ཆེན་སློབ་གཉེར་ལ་ཞེ་ཐག་པ་ནས་སྤྲོ་སྣང་ཡོད་ལ་སློབ་གཉེར་ལ་དབུ་ཚུགས་གང་འཚམས་བརྒྱབ་ཅིང་རྗེས་མཐུན་གྲུབ་འབྲས་ཀྱང་རང་གིས་རང་ལ་དགའ་བ་སྐྱེ་ཆོག་པ་ཡོད།”

    འདི་ལ་ཐུགས་རྩེ་ཡུད་ཙམ་གཡོ་བ་གནང་དང་།

  10. དབྱངས་ཅན་འབངས། says:
    2013-08-25 at 2:41 am

    དབུ་ཚུགས་་་་་་་་་་་་ཨུ་ཚུགས་ལ་བཅོས།

  11. སེམས་པ་རྨས་མ། says:
    2013-08-31 at 2:47 pm

    དེང་སང་ཁ་བརྡ་དྲ་བས་རྩོམ་ཡིག་ཉོག་འདྲ་བ་དག་དྲ་ངོས་སུ་བཀོད་ཀྱི་ཡོད་པ་འདྲ། དབྱངས་ཅན་འབངས་ཟེར་བ་འདིས་ཅི་ཞིག་ལབ་ཀྱི་ཡོད་པ་རེད། སང་ཉིན་ནས་བཟུང་རྩོམ་ཡིག་ཟེར་ན་འདི་འདྲ་ཞིག་འབྲི་དགོས་ས་རེད། ཨ་ལེ་་་་་་་་་་ད་ཧ་གོ་ལེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme