Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བཞི་པ༽

Posted on 2013-08-22 By ཁ་བརྡ་ 1 Comment on ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བཞི་པ༽

དགེ་འདུན་རྒྱ་མཚོ།

སྐྱག་ཁ་མ་ངེད་གཉིས་བར་ལ་དོན་མེད་ལ་ཁ་རྩོད་ཞིག་ཀྱང་ཤོར། ངས་སྣང་མེད་ཀྱིས་དེ་ལྟར་ལན་བཏབ་པར་སྐྱག་ཁ་མ་ཕལ་ཆེར་རླུང་ལངས་པ་འདྲ། དེང་སང་བསམ་ན་ང་སྐྲག་སྣང་ཡོང་ནས་ཤི་ཐལ། ངོ་མ་འཇིག་རྟེན་འདི་རྨི་ལམ་ཞིག་དང་འདྲ་གི་ལ། འཇིག་རྟེན་འདིའི་ཐོག་གི་ན་གཞོན་འདི་ཚོ་གར་སྟེགས་སྟེང་གི་འཁྲབ་སྟོན་པ་ཚོ་དང་ཅི་ཕྱིར་མི་འདྲ། ང་ཡང་ལས་ཀའི་དབང་གིས་རྒྱུན་དུ་སེང་ཁྱི་ལ་ལྟ་བར་འགྲོ་ཁོམ་མ་ཡོང་ན་ཡང་། ཉིན་གསུམ་གྱིས་རྗེས་སུ་ཡང་བསྐྱར་མི་འགྲོ་ཐབས་མེད་རེད།
ཁོའི་གནས་ཚུལ་ཅུང་ཟད་ཙམ་ཡང་བཤད་རྒྱུ་མེད་ན་ངས་ཨ་མ་ཀླུ་མོ་འཚོའི་ངོ་ལ་ཅི་ལྟར་བལྟ། མོའི་ཁ་ངོ་ལ་ས་སྤར་བ་གང་བཏབ་པ་དང་ཁྱད་པར་ཅི་ཡོད། རྟ་རྒན་ཁམ་པ་ངེད་གཉིས་སྔ་མོའི་ཤུལ་ལམ་དེ་དེད་ནས་དབྱར་སར་ཆས། དབྱར་ས་ནི་ལྷིང་འཇགས་དང་དབེན་ཐང་ཐང་གི་འཇིག་རྟེན་གཞན་ཞིག་དང་མཚུངས། སྔོན་ཆད་བསམ་ཁོ་ཚང་གི་རུ་བབས་མྱོང་བའི་ཚར་ཤུལ་ན་ཁྱི་རྗེས་ལྟ་བུ་མང་བོ་ཕབ་ཡོད་པ་མཐོང་ཡང་དེ་སུ་ཞིག་གི་སུག་རྗེས་ཡིན་ཐག་གཅོད་བྱེད་དཀའ། སྤྱང་སྡོམ་ཚོའི་རྐང་རྗེས་ཡིན་ན་ཡང་ཐང་། དེ་མིན་ན་སེང་ཁྱི་ཡིན་ཡང་སྲིད། ད་ཆ་ཁོ་གང་དུ་ཡོད་པ་དང་ཕྱིར་ཡོང་མིན་ཡང་སུས་ཤེས།
རྟ་རྒན་ངེད་གཉིས་རི་ཁ་མི་རྒྱུ་ཐབས་མེད་རེད། ངོ་མ་ལན་ཆགས་ཤིག་ཡིན་པ་འདྲ། ད་ཟོག་འཚོ་ས་ལ་མ་གཏོགས་བཙལ་ས་གཞན་མེད། བསམ་ཁོས་ཟོག་གང་དུ་བརྒྱག་པ་དང་གང་དུ་བསྡད་ནས་ཀི་འདེབས་པ་སོགས་ངའི་སེམས་ན་གསལ་བོ་ཡིན།

འདི་ལྟར་བསམ་བློ་བཏང་ཚེ་ད་ངས་ཅིག་དྲན་སོང་། ནམ་རྒྱུན་བསམ་ཁོས་ངལ་གསོ་སའི་རི་འབུར་ཞིག་ཡོད། དེ་མིན་ན་འགྲོ་ས་མེད་ཐག་ཆོད་ཡིན། ངས་རི་ཁ་སྐོར་ནས་ས་དེར་བསམ་གཟས་ནས་སོང་བ་ཡིན། ངས་ཚོད་དཔག་བྱས་པ་ལ་ནོར་འཆུགས་ཅི་ཡང་མ་བྱུང་བས་ང་དགའ་བས་བརྟས། སེང་ཁྱི་དེར་ཙོག་ནས་འདུག་པ་མཐོང་བ་དང་ལྷོད་ཀྱིས་བསྡད་ཡོད་པ་ལ་བལྟས་ཀྱིན་བལྟས་ཀྱིན་ངའི་ཡིད་ལ་དགའ་སྐྱོ་གཉིས་ཕན་ཚུན་འགྲན་པ་ལྟར་བྱེད། སྐེ་བ་བསྲིངས་ཏེ་ང་ཡོང་གི་ཡོད་པ་ལ་བལྟས་ནས་འདུག གཅིག་བྱས་ན་ཁོས་ང་ཡོང་གིན་ཡོད་པ་སྔར་ནས་ཤེས་ཡོད་པས་སྒུག་བསྡད་པ་ཡིན་ཡང་སྲིད། སྐྲག་སྣང་དང་འཚེར་སྣང་གང་ཡང་མེད་པར་ལྷོད་ཀྱིས་བསྡད་འདུག

ང་འཁྲིས་ལ་བསླེབས་པ་དང་ཁོ་ལངས་ནས་འགྲོ་སོང་། གཟུགས་པོ་སྔར་བས་ཀྱང་ཇེ་ཞན་དང་ཇེ་སྐམ་དུ་གྱུར་ནས་སྤུ་མདོག་ཀྱང་ཅུང་ཟད་འགྱུར་ཡོད་པ་ལྟར་སྣང་། ཁོའི་རྔོག་མ་དང་རྒྱབ་ཀྱི་སྤུ་རིང་བོ་དག་རླུང་གིས་རྒྱུ་ཕྱོགས་དང་བསྟུན་ནས་ཡོམ་ཡོམ་དུ་གཡོ་བར་བྱེད། ཁོ་སོང་བའི་གཞུག་ལ་བལྟས་ནས་ང་ལ་ངུ་རྒྱུ་ཞིག་བྱུང་། ཁོ་རྒྱུག་ཚུལ་ལ་རྒྱབ་ནས་བལྟས་ན་གཟུགས་པོའི་སྟོབས་ཤུགས་དང་ཡང་ཟོར་ཉམས་ཡོད་པས་གཡག་ཐོ་ཞིག་གི་ཉམས་འགྱུར་མངོན། རྟ་གོང་ནས་བརྒྱུག་ཀྱང་ཁོའི་རྗེས་མི་ཆོད་པ་མེད་པ་ལྟ་བུར་མཐོང་ཡང་ངས་ཁོ་གཡང་ལ་ཕབ་པ་ལས་སུན་པོ་བཟོས་ན་ག་ལ་འགྲིག་སྙམ།
རི་སྣ་དེ་ནས་ཁོའི་རྒྱུག་ཚུལ་ལ་ངས་ཧད་ཀྱིས་ཅར་ནས་བལྟས་བསྡད་པ་ལས་བྱ་ཐབས་གཞན་མ་རྙེད། བལྟས་བལྟས་རིག་རིག་ལ་སྤེན་མ་མང་བའི་རི་སྣ་དེ་ནས་ཕར་ནང་ལ་ཡལ་སོང་། ཁོ་བོ་སླར་ཡང་རི་བརྒྱུད་དེའི་ཁ་སོ་ལ་འགོས་ཏེ་ཕྱོགས་ཡོངས་ལ་རྒྱང་ལྟ་བྱས་པ་ཡིན། ཁོ་གར་སོང་གི་རྗེས་མགོ་ཙམ་ཡང་རྙེད་དཀའ། ངས་བལྟས་ན་ཁོས་ཅི་ཡང་ཟ་གི་མེད་པ་དང་ཅི་ཡང་འཐུང་གི་མེད་པ་འདྲ། གང་ལྟར་ཁོ་མ་ཤི་བར་གསོན་པོར་བསྡད་ཡོད་པ་མཐོང་བས་ངའི་ཡིད་ལ་དགའ་སྤྲོ་དཔག་མེད་སྐྱེས་བྱུང་།

ཉི་མ་དེའི་ལས་དོན་དང་སེང་ཁྱི་ལ་ཐུག་པའི་གནས་ཚུལ་ཚང་མ་ཨ་མ་ཀླུ་མོ་འཚོ་ལ་ཞིབ་ཕྲ་ཞུས་པ་ཡིན། ངའི་སྐད་ཆ་ལ་མོས་ཡིད་ཆེས་ཡོད་མེད་དང་མོའི་སེམས་ལ་ཅི་ཞིག་དྲན་བཞིན་ཡོད་པ་ངས་མི་ཤེས་མོད། མོས་སེང་ཁྱི་ལ་བཅངས་པའི་བརྩེ་སེམས་དེ་དུང་ལས་ཀྱང་དཀར་པོ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད།
ཁོ་དབྱར་སར་སོང་ནས་ཅི་བྱེད་དམ། ཁོས་དེ་ནས་ཅི་ཞིག་ཟ་གི་ཡོད་རེད་དམ། མོས་ང་ལ་འདི་འདྲ་ཞིག་འདྲི་གིན་འདུག་ལ། མོས་ང་ལ་བལྟས་ཏེ་ཚིག་འདི་ཚོ་ཡང་ཡང་བསྐྱར་ཟློས་བྱེད་ཀྱི་ཡོད། འོན་ཀྱང་མོས་ཁ་ནས་ང་ལ་འདྲ་མེད་དང་འཇོན་མེད་ཟེར་ནས་སྡིགས་མ་སོང་ལ། སེམས་ལ་ཡང་དེ་འདྲ་བསམ་མི་སྲིད། མོས་ང་ལ་འཁང་ར་ཅི་ཡང་བྱེད་རྒྱུ་མིན་པ་ང་ལ་ཡིད་ཆེས་ཡོད།
དེ་ཚོ་ཚང་མ་དཀོན་མཆོག་གིས་མཁྱེན་སྲིད་པ་ལས་ངས་ག་ལ་ཤེས། ངས་ངོ་མ་བཤད་ནི་ཡིན། ཡིན་ན་ཡང་ངས་ཨ་མ་ཀླུ་མོ་ཚོའི་ངོ་ལ་བལྟས་ཏེ་ལན་ཅི་ཡང་བརྒྱག་ཤེས་མ་སོང་།
གནངས་ཁ་སོང་ནས་སེང་ཁྱི་ཕྱིར་འཁྲིད་ཡོང་ཨེ་ཐུབ་ལྟོས། ཉི་མ་མང་བོ་འགོར་ན་ཁོ་ལྟོག་ནས་ཤི་རྒྱུ་རེད། ཤུ་རེ་བྱོས། ངས་ཁྱོད་ལ་རེ་བ་བཅོལ་བ་ལས་གཞན་ལ་རེ་བ་འཆའ་ས་མེད་ཟེར། མོའི་སྐད་ཆ་དེ་ཚོ་ང་ལ་མཚོན་ན་རི་ལས་ལྗིད་པས་ནམ་ཡང་ངའི་སེམས་ནས་བསྐྱུར་མི་ཐུབ།

ཕྱི་ཉིན་དེར་སྡེ་མི་རྒན་དར་གཞོན་གསུམ་སྒྲོལ་ལེ་ཐོའུ་མའི་བྱ་གཡེང་ལ་བྲེལ་གྱིན་ཡོད་ན་ཡང་ང་ལ་རང་ཉིད་ཀྱི་དོན་དག་ཡོད། ང་ལ་ངའི་ལས་དོན་དེ་གལ་ཆེན་ཡིན། ངས་རྟ་རྒན་ཁམ་པ་ལ་ཡང་བསྐྱར་འོ་བརྒྱལ་ལ་མི་གཏོད་ཐབས་མེད་རེད། ངས་ཨ་མ་ཀླུ་མོ་འཚོའི་སྐད་ཆ་དག་ཡིད་བཟློས་བྱས་པ་དང་བསམ་བློ་གཏོང་བཞིན་ཕྱིར་ལོག་པ་ཡིན།
དགོང་མོ་དེར་རང་ཁྱིམ་དུ་ཡོང་ནས་ཐག་པ་རིང་བོ་ཞིག་བཙལ་བ་ཡིན། གཅིག་བྱས་ན་ཁོ་བཟུང་ནས་རྟ་གོང་ལ་བཀྱིགས་ནས་ཡོང་དགོས་པ་མིན་ནམ་བསམ། སང་ཉིན་གང་ལྟར་རིག་པ་ཡོད་རྒུ་རྩལ་དུ་བཏོན་ནས་ཁོ་འཛིན་ཐབས་བྱེད་རྒྱུ་ཡིན། དགོང་མོ་དེར་གཉིད་ཀྱང་མ་ཁུག་པར་གང་མཚམས་སུ་བསམ་བློ་བཏང་ནས་བསྡད་པ་ཡིན། སྐྱག་ཁ་མ་གཉིད་ཀྱི་གཏིང་དུ་ཤོར་ཡོད་པ་མ་ཟད་རྔུར་བ་རྩུབ་མོ་ཞིག་ཀྱང་འཐེན་གྱིན་འདུག

ཞོགས་པ་སྔར་ལངས་ཀྱིས་ནམ་རྒྱུན་ལྟར་ཟ་བཏུང་གི་སྐོར་བསྡུ་བསགས་བརྒྱབ་ནས་ལམ་ལ་བུད། ཡིན་ན་ཡང་ངའི་བློ་དེ་ཅུང་བདེ་རྒྱུ་མེད་པར་སེམས་ན་ཅིག་བརྗེད་ཡོད་པ་ལྟར་བྱེད། ངས་དེ་རིང་ཁོ་ལ་ཐུག་ན་ཅི་ལྟར་བྱེད་དགོས་མིན་ཐད་ལ་བསམ་བློ་མང་བོ་གཏོང་བཞིན་སོང་བ་ཡིན།
ཞོགས་པ་ཅུང་སྔ་བ་དང་བསིལ་རླུང་དྲག་པོ་ཞིག་གིས་རྣ་རྩ་ཡང་གཅོད་ལ་ཁད་བྱེད། རི་ལུང་ཚང་མ་བད་བརྒྱབ་ནས་སྐྱ་ཀེར་རེ་ཡོད་ཐལ། ནམ་རྒྱུན་ཡིན་ན་ང་གཅིག་པུར་རི་ལ་འགྲོ་དུས་ཁ་ནས་འབྲོག་གླུ་རིང་མོ་ཞིག་ལེན་རྒྱུ་ཡོད། དེ་རིང་ཁ་སྣ་ཕུ་རུང་བྱས་ཏེ་རྟ་གོང་ནས་ཁོག་འདར་བརྒྱག་བཞིན་སོང་བ་ཡིན། མ་བསམ་ས་ནས་རྐང་རིང་སུམ་མདོའི་ལུང་དཀྱིལ་ནས་སེང་ཁྱི་ཕྱི་ལོག་པ་དང་ཐུག་སོང་། ངེད་གཉིས་བློ་བུར་དུ་གདོང་ཐུག་བརྒྱབ་བྱུང་བས་ངས་ཅི་ཞིག་བྱེད་དགོས་པ་ཡང་ཤེས་མ་སོང་། ང་ཡར་འགྲོ་བ་དང་ཁོ་མར་ཡོང་བ་གཉིས་ལམ་ནས་ཐུག་པ་འདི་ལྟས་དབང་ཞིག་ཡིན་རྒྱུ་མ་རེད། གཅིག་བྱས་ན་ཁོས་སེམས་ཉིད་ཐོབ་པ་དང་རང་ཁྱིམ་དྲན་པ་ཡིན་ཡང་སྲིད།

ཉི་མ་འདི་དག་གི་རིང་ཁོས་རི་ལ་ཉུལ་ནས་བསམ་བློ་ཅི་ཞིག་འཁོར་བ་ཡིན་ནམ། ཁོས་ང་མཐོང་ཕྲད་ཧད་ནས་བསྡད་སོང་། ངས་སེང་ཁྱི་ཞེས་བོས་པ་དང་ཁོས་ལམ་སྐོར་ནས་འགྲོ་སོང་། རྣམ་འགྱུར་ལ་བལྟས་ན་ཁོའི་སེམས་ཐག་བཅད་ནས་ཁྱིམ་དུ་ལོག་རྒྱུ་ཡིན་ལ་གསལ་བོ་རེད། ཁོ་གཙང་འགྲམ་གྱི་ཟོག་ལམ་རིང་མོ་དེ་དེད་ནས་བུད་སོང་། དེ་མཐོང་བས་ང་ཡང་སེམས་ལྷོད་ལ་བབས་སོང་། མདང་ནུབ་གྲ་བསྒྲིགས་བྱས་པ་དང་བསལ་བློ་མང་བོ་བཏང་བ་ཚང་མ་དོན་མེད་དང་སྟོང་བ་རེད། ཡིན་ན་ཡང་ང་དེ་ལ་འགྱོད་པ་སྐྱེས་མ་བྱུང་། དེ་ནས་ངས་རུམ་ནས་ཐ་མ་བླངས་ཏེ་འཐེན་རྒྱུ་དེ་ཡང་དྲན་སོང་།
དགོང་མོ་ས་རུབ་ཁར་ང་ཨ་མ་ཀླུ་མོ་འཚོ་ཡོད་སར་སྐོར་ཅིག་མི་བརྒྱག་རང་བརྒྱག་རེད། ང་མ་བསླེབ་སྔོན་ལ་སེང་ཁྱི་ཁོ་སྔར་ནས་ཡུལ་ལ་བསླེབས་ཚར་འདུག ཨ་མ་ཀླུ་མོ་འཚོས་བཤདན་ཁོ་ལ་ལྟོ་བླུད་ཀྱང་འཐུང་མ་སོང་ཟེར། ཉིན་མ་མང་བོར་ཟ་མ་བཟས་མེད་པས་ད་གཟོད་བཟའ་བསམ་ཡང་བཟའ་ཐུབ་ཀྱིན་མེད་པ་འདྲ། ཁ་འཆིང་བྱུང་བ་མིན་ནམ། ད་ཅི་ཞིག་བྱས་ན་དགའ་གི་རེད་ཟེར།
དེའི་སྐོར་ལ་ང་ལ་ཡང་ཉམས་མྱོང་མེད། ད་རྒད་པོ་འགའ་ལ་སྐད་ཆ་འདྲི་ན་མ་གཏོགས་ཤེས་ཀྱི་མ་རེད་བསམ་སོང་། ངས་མཐོང་དུས་སེང་ཁྱི་ར་སྒོ་ཁ་ན་ནར་གྱིས་ཉལ་འདུག་ལ། མཆུ་ཏོ་ལག་པ་གཉིས་ཀྱི་བར་ལ་བཞག་ནས་ཡར་ཁྱིམ་ལ་བལྟས་ནས་བསྡད་འདུག མིག་མཐའ་ན་མཆི་མ་དཀར་ཀྲིག་ཀྲིག་པ་ཞིག་ཀྱང་འོད་ལྟར་འཚེར་རེ་ཡོད་པ་མཐོང་ནས་ང་ཡང་ཅུང་མི་སྐྱིད་པར་གྱུར།

ཕྱི་ཉིན་ངས་སྡེ་བའི་ཨ་མྱེས་སྐྱ་ཐོ་དང་ཨ་མྱེས་གཟུགས་རིང་གཉིས་བོས་ནས་ཁོ་ལ་ལྟ་བར་ཡོང་བ་ཡིན། ཁྱིམ་ན་ཨ་མ་ཀླུ་མོ་འཚོ་མ་གཏོགས་མེད། ཁོ་མདང་ནུབ་ཆུ་ཚོད་གཉིས་པ་ཙམ་ལ་ཅིག་ལ་བུད་སོང་ཟིག དེ་ནས་ཕྱིར་ཡོང་མ་བྱུང་ཟེར། ངས་ཁོ་སྙིང་རྗེ་གི་ལ་ཁོའི་སྟེང་དུ་སྙིང་ཡང་ལང་གི་འདུག
ཁོ་འཆི་རུ་བུད་སོང་ནི་རེད། ཁོ་ཐག་ཡིན། ཁྱི་བཟང་བོ་ཤི་ཁ་ཐག་རིང་ལ་བུད་འགྲོ་ནི་རེད། བཤད་སྲོལ་ལ་ཁྱི་རོ་གྱམ་པ་དྲུད་ཟེར་ར། མྱི་མེད་ས་ལུང་སྟོངས་ཟིག་ལ་སོང་ཡོད་ནི་རེད་ཟེར། དེའི་ཕྱོགས་ལ་རྒད་པོ་གཉིས་ཀ་ཁ་གཅིག་གྲགས་རེད། ཡིན་ན་ཡང་ངས་ཡིད་ཆེས་བྱེད་རྒྱུ་དཀའ་མོ་ཞིག་རེད། ཁོས་བསམ་ཁོ་བཙལ་བཞིན་ཡོད་ནི་རེད། བཙལ་ནས་མ་རྙེད་པ་དང་རེ་ཐག་ཆད་པའི་ཉིན་མོ་ཞིག་ལ་ཕྱིར་ཁྱིམ་དུ་ལོག་ཡོང་ཁ་ཐག་ཡིན། ངས་དེ་ལྟར་བསམ་ཡང་བཤད་མ་ཕོད། ཨ་མ་ཀླུ་མོ་འཚོས་བཤད་ན་སེང་ཁྱི་གྲམ་པའི་རྡོ་བར་ན་ཤི་ཡོད་ན་ཐང་། ཕ་བོང་དག་གི་རྒྱབ་ལ་ཡང་ཞིབ་ལྟ་བྱོས་ཟེར། ད་ངས་ཁོ་གང་དུ་བཙལ་དགོས་པ་རེད་དམ། འཇིག་རྟེན་ན་ཕ་བོང་ཅི་ཙམ་ཡོད་དམ།

ཞོགས་པའི་ཉི་ཟེར་རི་སྐེད་ལ་བརྒྱབ་ན་ཡང་ང་ད་དུང་ཉལ་ནས་བསྡད་ཡོད། གསེར་འཚོ་སྐྱིད་སྐྱག་ཁ་མ། འོ་མ་རེད། རྐྱལ་ཁ་མས་ང་ཉལ་གི་བཅུག་མ་སོང་། ངའི་ཉལ་ས་བདེ་མོ་དེ་དང་གཉིད་སྐྱིད་པོ་དེ་དཀྲོགས་སོང་། མི་ལངས་ན་ཉལ་སར་ཆུ་ལྡུག་གི་ཡིན་ཟེར། མོས་བཤད་ན་སེང་ཁྱི་ནི་ཨ་མྱེས་རྫ་རྒན་ལབ་ཙེ་ཡི་མགོ་ལ་བུད་ཐལ། ཕོ་གསར་ཞིག་གིས་རིག་ནས་སྐད་བསྐུར་བྱུང་ཟེར། སེང་ཁྱི་ལ་སེམས་ཁུར་བྱེད་མཁན་ང་གཅིག་པུ་མིན་པ་འདྲ། ཉལ་ས་ནས་ཡར་མ་ལངས་གོང་ལ་ངས་རང་དབང་མེད་པར་ཁོང་དགོད་ཞིག་ཀྱང་བྱས་པ་ཡིན།
ལབ་ཙེའི་མགོ་ན་ཅི་ཞིག་ཡོད་དམ། སྔོན་ཆད་བསམ་ཁོ་དེར་བསངས་གཏོང་གི་སོང་མྱོང་བ་ནི་ཐེངས་གཅིག་ག་ལ་ཡིན། ཡིན་ན་ཡང་སེང་ཁྱི་དེར་སོང་མྱོང་བ་ངས་དྲན་ཡུལ་ན་མེད། ཁྱི་རོ་གྱམ་པར་དྲུད་ཟེར་ར། རི་སྒང་ལ་ཤི་རུ་སོང་བ་ཡིན་རྒྱུ་མ་རེད། ངས་ཕྱོགས་ཡོང་ལ་བསམ་བློ་མི་གཏོང་ཐབས་མེད་རེད།

གང་ལྟར་སྐྱག་ཁ་མའི་སྐད་ཆ་དེར་ང་ཡིད་ཆེས་སོང་། རྒྱུ་མཚན་ནི་ཁོ་བསངས་གཏོང་གི་སོང་བ་མ་རེད། ཨ་མྱེས་རྫ་རྒན་གྱི་རི་སྐེད་ན་དུར་ཁྲོད་ཞིག་ཡོད། དེ་ནི་ཉིན་འགའི་སྔོན་བསམ་ཁོ་བྱ་གཏོར་བྱེད་སའི་དུར་ས་རེད། ཁོས་ཁྲག་དྲི་ལ་བསྣམས་ནས་བསམ་ཁོ་གང་དུ་གཡུགས་སའི་ཁོངས་རྩད་ཆོད་པ་རེད། ཁྱི་ལས་ངན་པོར་མི་དགོས་པ་སྣ་ཤེས་སྐྱེན་པོ་ཞིག་ཡོད་ནི་རེད།
ཡ་ཡ། སེང་ཁྱི། ཁྱོད་ངར་བ་རེད། འཇིག་རྟེན་ཁམས་ཀྱི་ཁྱི་ཚང་མ་ཁྱོད་ལྟ་བུ་ཤ་སྟག་ཡིན་རྒྱུ་ན་འབྲོང་ཤུལ་སྡེ་བའི་གསར་བུ་ཚོ་ཁྱི་ལ་ཡང་མི་དོ་བར་ངས་མནའ་སྐྱེལ་ནི་ཡིན། ང་མྱུར་དུ་ཡར་ལངས་ནས་ཞོགས་ཇ་རྩམ་རྒན་ཅིག་ཟས་པ་མ་ཟད་ཏ་ལེན་ནང་དུ་བྲོ་ཆས་ལ་བཟའ་བཏུང་བླུགས་ནས་རྟ་རྒན་གྱི་རྒྱབ་དུ་བཀལ་བ་ཡིན། གཅིག་བྱས་ན་དེ་རིང་འགོར་ཡང་སྲིད། རྫ་རྒན་སྐེད་ཀྱི་དུར་ཁྲོད་དེ་ནི་འདི་ནས་ཐག་རིང་བོ་དེ་ཙམ་མིན་ན་ཡང་ལ་ངོ་ཅུང་བཙུགས་པས་བགྲོད་ལམ་མི་བདེ། དཀའ་ཚགས་ཅི་ལྟར་ཆེ་ན་ཡང་ད་སྐབས་དེ་ལ་བསམ་བློ་གཏོང་རིན་ག་ལ་ཡོད།

གང་ལྟར་སེང་ཁྱི་དུར་ཁྲོད་ན་ཉལ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། སྡེ་མི་གཞན་གྱིས་མ་མཐོང་བའི་སྔོན་ལ་ང་དུར་ས་དེར་བསླེབ་ཐུབ་པ་བྱེད་དགོས། ངས་བསམ་བློ་གཏོང་ཕྱོགས་གཏན་ནས་འཕྱུག་མི་འདུག སེང་ཁྱི་དུར་ཁྲོད་ན་ཡོད་པ་ངས་ཐག་རིང་བོ་ནས་མཐོང་བྱུང་། ནམ་རྒྱུན་དང་མི་འདྲ་བར་གོར་གོར་ཨ་ལོང་འདྲ་ཞིག་བྱས་ཏེ་ཉལ་ཡོད་ཐལ། ངས་རྐང་འཇབ་ལག་འཇབ་ཀྱིས་ཁ་རོགས་པར་ཁོའི་ཉེ་སར་བཅར་བ་དང་སེང་ཁྱི་ཞེས་བོས་ན་ཡང་ཁོས་ཁ་ཡ་མི་བྱེད། ང་ཡང་ཧང་སང་སོང་། ཁོའི་མིང་ནས་བོས་པ་དང་འཐམས་ནས་ཞིབ་ལྟ་བྱས་པ་ཡིན། ཁོའི་སྲོག་དབུགས་མ་ཆད་ཙམ་ཞིག་རེད།
ངས་ཟ་མ་བྱིན་ན་ཡང་ཁོས་ཟ་ཐུབ་ཀྱི་མི་འདུག ཉིན་མང་བོའི་རིང་ཁོས་ཟས་དང་ཆུ་གང་ཡང་འཐུང་མེད་ན་ཡང་ཁ་ནས་གཤེར་ཁུ་ལྟ་བུ་དྭངས་མོ་ཞིག་འོད་ཆེམ་ཆེམ་གྱིས་བཞུར་གྱིན་འདུག ངས་མྱུར་དུ་བྲོ་ཆས་བླངས་ཏེ་ཨུ་ཚུགས་ཀྱིས་ཁོའི་ཁ་ནང་ལ་བཞག་ཏེ་ཟ་རུ་བཅུག་པ་ཡིན། ཁོས་ལྕེ་ཡིས་དམུར་དམུར་ཙམ་བྱེད་པ་ལས་མུད་ཐུབ་མ་སོང། དེ་མཐོང་ནས་ཁ་ནང་ལ་ཆུ་བླུགས་པ་ཡིན། ཁོས་འཐུང་འདོད་མེད་པ་འདྲ། ཚང་མ་ཕྱིར་བསྐྱུགས་བྱུང་། འདི་འདྲའི་གླེན་རྟགས་སྟོན་དགོས་དོན་ཅང་ཨེ་ཡོད་དམ། ང་ངོ་མ་འུ་ཐུག་སོང་། ཁྱི་ཟེར་བའི་དུད་འགྲོ་འདི་ཅི་འདྲའི་གླེན་པ་ཞིག་རེད་ཨང་།

བརྩམས་སྒྲུང་།

Post navigation

Previous Post: བཅའ་ཁྲིམས་དང་མི་རིགས་ཀྱི་སྲོག་རྩ་ལ་སྣང་ཆུང་བྱེད་ཕོད་དམ།
Next Post: མཚན་མོ་ཉལ་ཁའི་འཆར་ཡན།

Comment (1) on “ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བཞི་པ༽”

  1. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-23 at 1:07 am

    བཀླགས་ཟིན།
    ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme