Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་ལ་སྤུར་བའི་སྙན་ཚིག

Posted on 2013-08-22 By ཁ་བརྡ་ 9 Comments on རླུང་ལ་སྤུར་བའི་སྙན་ཚིག

བཀྲ་ཤིས་དོན་འགྲུབ།

སྤྲིན་པ་ལང་ལོང་འཁྲིགས་པའི་འོག་རོལ་གྱི།།
སེར་འོད་ལམ་ལམ་འཕྲོ་བའི་རྒྱ་ཕིབས་དེ།།
ཐག་རིང་ཐག་རིང་ཞིག་གི་ཕ་རོལ་ལ།།
སེམས་པ་ལྷོད་ཀྱིས་འདྲེན་བྱེད་དེ་ཡིན་ནམ།།

བསིལ་རླུང་འཇམ་པོས་མདུན་ནས་མདུན་དུ་བསུ།།
རྐང་རྗེས་རབ་རིབ་རྒྱང་ནས་རྒྱང་དུ་དཔར།།
སོང་ནས་སླེབས་དུས་མེད་པའི་འགྲུལ་བཞུད་འདི།།
མི་ཚེ་རིང་མོའི་གོམ་འགྲོས་ཡིན་ལགས་སམ།།

ནགས་མའི་དཀྱིལ་འཁོར་མཛེས་པོ་མཐོང་བཞིན་འདུག།
མུ་མེད་རྩ་ཐང་དེ་ཡང་མངོན་ཙམ་བྱེད།།
བསྙབས་ཤིང་བསྙབས་ནས་སྙོབ་དུས་མེད་པས་ཀྱང་།།
རི་དྭགས་སྨིག་རྒྱུར་འཁྲུལ་ཚུལ་དྲན་ནས་འོང་།།

ཉི་མ་ཤར་རིར་འཕགས་པའི་དེ་མ་ཐག།
ཉི་འོད་ལུས་ལ་ཕོག་པའི་བདེ་སྣང་འདིས།།
ངེས་བརྟན་མེད་པའི་འཁོར་བའི་བདེ་སྡུག་ལ།།
དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ་རུ་འཇུག།

ལྗང་ལོ་ལྡེམ་ལྡེམ་བྱེད་པའི་རླབས་རིས་ཀྱིས།།
སེམས་པ་ཚོར་བའི་ཀློང་དུ་བསྟིམས་ནས་ཐལ།།
འཚོ་བའི་མཛེས་སྡུག་མཚར་པོའི་བསླུ་བྲིད་ཀྱིས།།
ཚེ་འདི་རླུང་བུའི་གསེང་ལ་སྟིམ་བཞིན་འདུག།

བྱ་སྐད་ཟ་ཟི་རྣ་བར་ལྷུང་ནས་བྱུང་།།
གཤོག་འགྱུའི་འཕར་འཇགས་མིག་ལ་ཁྱིལ་ཏེ་གདའ།།
བཙོན་དུ་ཚུད་པའི་མི་ཚེ་ཐུང་ཐུང་འདིར།།
རང་དབང་ནམ་མཁའ་ཞིག་ཀྱང་རྙེད་ན་བསམས།།

སྣང་གླུ་ཐན་ཐུན་ཕར་ཕར་ཕར་ལ་ཡལ།།
འཁྱམ་ཁྱིའི་ངུ་ཟུག་ཚུར་ཚུར་ཚུར་ལ་འཁོར།།
འཁོར་བའི་ཁྲོམ་ར་ཆེན་པོའི་མཆོར་ཉམས་འདི།།
འདུ་འབྲལ་ཚོང་གི་འདུ་རྒོད་འཁྲིགས་ལུགས་རེད།།

ལྗོན་པས་ཁ་ཤུ་འདེབས་པའི་མྱ་ངན་འདི།།
ལྷགས་པ་བཙན་པོའི་དབང་ཤེད་རྒོད་པས་ཡིན།།
ཚེ་སྲོག་སྐྱོ་བས་གཟིར་བའི་འཁུན་སྒྲ་འདི།།
མི་རྟག་ལས་ཀྱིས་འདེད་པའི་སྡུག་ཡུས་ཡིན།།

གནམ་སའི་མཚམས་ལ་འཐེན་པའི་ལམ་གཞུང་ནས།།
གནམ་སའི་མཚམས་སུ་ཐིམ་ལ་ཉེ་བ་ཡི།།
གྲིབ་གཟུགས་ནག་པོའི་འགུལ་སྟངས་མངོན་ཆུང་དེ།།
མི་རྐྱང་ང་ཡི་རྒྱབ་གཟུགས་ཡིན་པ་འདྲ།།

༢༠༡༣/༨/༢༢

སྙན་ངག

Post navigation

Previous Post: ལྷོ་ཕྱོགས་ལྕགས་ལམ།
Next Post: ང་ཐ་མལ་པ་རང་སོར་ལུས།

Comments (9) on “རླུང་ལ་སྤུར་བའི་སྙན་ཚིག”

  1. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-08-22 at 9:31 am

    རླུང་བ་སྤུར་བ་ཡིན་སྲིད། 
    སྙན་ཚིག་རེད་མི་འདུག་

  2. ཨ་དམར་པོ། says:
    2013-08-22 at 10:13 am

    གཤམ་གྱི་དེ་ཀློག་འགྲེལ་བྱོས་དང་། གོ་བ་ཅི་ཞིག་ཡིན་ནམ།
    ཉི་མ་ཤར་རིར་འཕགས་པའི་དེ་མ་ཐག།
    ཉི་འོད་ལུས་ལ་ཕོག་པའི་བདེ་སྣང་འདིས།།
    ངེས་བརྟན་མེད་པའི་འཁོར་བའི་བདེ་སྡུག་ལ།།
    འདུ་འབྲལ་ཚོང་གི་འདུ་རྒོད་འཁྲིགས་ལུགས་རེད།།

  3. དབྱངས་ཅན་འབངས། says:
    2013-08-22 at 10:48 am

    བཀྲིས་དོན་གྲུབ་ལགས། བར་ལམ་ནས་ངས་ཁྱེད་ཉིད་ཀྱི་རྩོམ་དཔྱད་ལྷུག་ཚང་མར་དོ་སྣང་ཆེན་པོས་བཀླགས་པ་ཡིན། ཁྱེད་ཀྱིས་བྲིས་པའི་རྩོམ་དག་ནི་ཚོར་བས་བཅིངས་པའི་རྩོམ་འབའ་ཞིག་ཏུ་མཐོང་། རྩོམ་འདི་དག་གིས་ང་ལ། ཁྱེད་ཉིད་སོ་སོའི་གནས་སྟངས་འདི་ལ་ཞེ་བསུན་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་སྟེར་གྱིན་འདུག དེ་འདྲ་ཨེ་ཡིན། ???????

  4. བཀྲ་ཤིས་དོན་འགྲུབ། says:
    2013-08-22 at 11:59 am

    དབྱངས་ཅན་འབངས་ཞུ་བ་ལགས། ང་རང་སོ་སོའི་གནས་བབས་ལ་བསུན་སྣང་སྐྱེས་ཡོད་མེད་མི་ཤེས་མོད། དགའ་སྐྱོ་ཆགས་སྡང་གི་ཚོར་བ་གང་ཡང་སྙན་ངག་ཡིན་ཁུལ་གྱི་ཚིག་འབྲུ་འདི་དག་གི་ལམ་ནས་གྱེར་རྒྱུ་དེ་གོམས་གཤིས་ཤིག་ཏུ་གྱུར་ཡོད་ལ། ང་རང་ནི་དུས་རྒྱུན་སྐྱོ་སྣང་ཤས་ཆེར་འཆང་མཁན་གྱི་མི་ཞིག་ཡིན་སྟབས་གཅིག་བྱས་ན་ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡང་ཡིན་སྲིད།

  5. འདྲེ་རྐང་ཐོ། says:
    2013-08-23 at 1:05 am

    སྙན་ངག་སྨྲ་བའི་ཕྱག་སོའི་སྨྱུ་གུ་ལས།།
    བཞུར་བའི་སྙན་རྩོམ་རིམ་པར་མཇལ་བ་ལས།།
    ད་རེས་སྙན་རྩོམ་འདི་ནི་ཡག་བྱུང་ཞེས།།
    ཀློག་མཁན་ཞིག་གིས་རྒྱང་ནས་མཐེ་མོ་བསྟན།།

  6. མེ་ཏོག་དཀར་པོ says:
    2013-08-24 at 3:13 am

    གོ་རྒྱུ་མེད་པའི་ཚིག་རྐང་བསྒྲིག་པ་ལ།།
    བཟང་ངོའི་མཐེ་བོང་རྒྱང་ན་བསྒྲེང་བ་འདི།།
    འདྲེ་ཡིས་མ་གཏོགས་མི་ཡིས་མི་སྲིད་པས།།
    མིང་ཙམ་མ་ཚད་ཁྱོད་ནི་དོན་ལའང་འདྲེ།།

  7. དབྱངས་ཅན་འབངས། says:
    2013-08-24 at 4:17 am

    ༦༽ མེ་ཏོག་དཀར་པོ་ལགས།

    དབྱར་ཁ་འོང་ཁའི་དཀྱིལ་ལ།།
    སྐྱེ་ཚལ་མང་པོ་སྐྱེ་ཡོང་།།
    སྐྱེས་ཚད་ཞལ་ལ་མཆོད་ན།།
    ནག་པོ་དུག་དང་ཕྲད་ཡོང་།།

    འདི་ལ་གོ་རྒྱུ་ཞིག་ཨེ་འདུག

  8. མེ་ཏོག་དཀར་པོ says:
    2013-08-24 at 5:58 am

    དབྱངས་ཅན་འབངས་ལགས། འདི་ནི་གད་མོ་འཚེར་འཚེར་བྱས་ཏེ་སྡིགས་ར་བསྐུལ་བའི་བཟོ་ཞིག་འདུག མིན་ནམ་ལགས།

  9. དབྱངས་ཅན་འབངས། says:
    2013-08-24 at 1:05 pm

    མེ་ཏོག་ལགས།
    དབྱར་་ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་འདི་དག་ལས་གོ་རྒྱུ་ནི། མི་གང་བྱུང་ལ་བརྟག་དཔྱད་མ་བྱས་པར་བློ་གཏད་ཆེ་ན། སོ་སོ་དཀའ་ངལ་ནང་ལྷུང་རྒྱུའི་ཉེན་ཁ་ཡོད། ཅེས་པ་ཡིན།
    ངས་བཤད་འདོད་པ་ནི། སྙན་རྩོམ་འདི་རིགས་ལ་སྙན་གཞུང་ནང་བསྡུས་བརྗོད་ཀྱི་རྒྱན་ཟེར། བོད་ཀྱི་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་བ་ཞིག་རེད། དེང་སང་རང་མོས་སྙན་ངག་ཏུ་གྲགས་པ་དེ་ཡང་རྩ་བའི་ཆ་ནས་བསྡུས་བརྗོད་ཀྱི་རྒྱན་རང་རེད།
    མདོར་བསྡུས་ནས་ཁ་ཐུག་ལ་བཤད་ན། ཁྱེད་རང་ལ་བསྡུས་བརྗོད་རྒྱན་གྱི་བྲོ་བ་དེ་རག་ཨེ་ཡོད་བསམ་གྱི་འདུག ཟེར་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme