Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག

Posted on 2013-08-18 By ཁ་བརྡ་ 5 Comments on ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག

བློ་བཟང་ལུང་རྟོགས།

japan

ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག

ཁ་བྱང་འདི་ལ་བོད་མི་རྣམས་ཆ་རྒྱུས་དེ་ཙམ་མེད་པར་མ་ཟད་ཞི་བདེ་རྒྱ་མཚོ་དང་ཁ་ཐག་ཆེས་རིང་ས་ཞིག་ནས་མངའ་ཁུལ་འདིའི་དམག་འཁྲུག་ལ་དེ་བས་ཀྱང་སེམས་ཁྲལ་དང་དོ་སྣང་བྱེད་མི་སྲིད། འོན་ཀྱང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་འབྱུང་སྲིད་པའི་དམག་འཁྲུག་དང་དམག་འཁྲུག་དེ་ལ་གྲ་སྒྲིག་བྱེད་བཞིན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་དོ་སྣང་བྱེད་འོས་པ་མ་ཟད། འབྱུང་འགྱུར་གྱི་དམག་འཆར་དེའི་ཁྲོད་ང་ཚོར་ཐོབ་སྲིད་པའི་གོ་སྐབས་ཁག་ལ་ཡང་བསམ་གཞིག་ངེས་པར་བྱེད་དགོས།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག

དམིགས་བསལ་ཕྱི་ལོ་༢༠༠༨་ནས་བཟུང་བོད་ཀྱི་ལོ་རྒྱུས་ནང་ང་ཚོ་བོད་མི་རིགས་ནི་བཙན་པོའི་གདུང་རྒྱུད་ངོ་མ་ཡིན་པ་དང་། རང་ཉིད་རིག་གཞུང་ཕུན་སུམ་ཚོགས་པོ་དང་ཡུན་རིང་ལོ་རྒྱུས་ཡོད་པའི་མི་རིགས་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། འདས་པའི་ལོ་ཤས་ནང་རང་རིགས་དཔའ་བོ་དཔའ་མོ་བརྒྱ་ཕྲག་བརྒལ་བས་བསྟུད་མར་རང་གི་གཅེས་པའི་ཚེ་སྲོག་དམར་པོའི་མེ་ནང་སྦར་བ་དེས་ང་ཚོའི་འཐབ་རྩོད་ཀྱི་མུན་ཁྲོད་ལ་ཆེས་གསལ་བའི་སྒྲོན་མེ་ཞིག་དང་ས་བོན་བཟང་པོ་ཞིག་བཏབ་པ་རེད། མི་ལ་ལས་ཁོང་ཚོའི་བྱ་སྤྱོད་དང་དུས་སྐབས་སོགས་ལ་དྲི་བ་དང་གླེང་སློང་བྱེད་ཀྱི་ཡོད་པ་དེ་ནི་ཆེས་མ་གུས་པ་དང་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད།

ང་ཚོའི་ལས་འགན་གཅིག་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་དང་གོང་བཀུར། འཛམ་གླིང་མི་མང་ལ་ཁྱབ་བསྒྲགས། བསྟོད་བསྔགས་བྱེད་རྒྱུ་དེ་གཅིག་པོ་ཡིན། གང་ཡིན་ཟེར་ན་ཁོང་ཚོས་རིན་ཆེན་མི་ལུས་མེ་ལ་སྒྲོན་པའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་སྡུག་བསྔལ་སེལ་རྒྱུ་དང་ཆེ་ས་ནས་བཤད་ན་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་ཡིན། དེ་ལྟར་ཡིན་པ་ཁོང་ཚོའི་ཞལ་ནས་ཐོན་པའི་བོད་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཀྱིས་བདེན་དབང་བྱེད་ཐུབ།
སྤྱིར་བཏང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ནི་སེམས་ཅན་རྣམས་འཇིག་རྟེན་འཁོར་བ་ལས་གྲོལ་བར་བྱེད་པའི་རླབས་ཆེན་གྱི་སེམས་ཞིག་ཡིན་པས་ཆབ་སྲིད་ཀྱི་ལས་འགུལ་ནང་སྐྱེས་སྲིད་པ་དང་སྐྱེ་ཐུབ་པ་ཞིག་ག་ལ་ཡིན། ང་ཚོའི་ལས་འགུལ་ལ་གྲུབ་འབྲས་མ་ཐོན་པ་ཡང་ཁ་བཤད་དོན་ལ་མི་གནས་པ་འདི་སྐྱོན་ཆེ་ཤོས་རེད་བསམ་གྱི་འདུག
ང་ཚོས་རང་ལུས་མེ་སྲེག་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་བློས་བཏང་དེ་འཚེ་བ་ཡིན་མིན་དང་དཔའ་བོ་ཡིན་མིན་གླེང་བཞིན་པའི་སྐབས་འདིར་ཨེ་ཤི་ཡ་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་རང་རྒྱལ་གཞན་ཕམ་རྔམས་པའི་དམག་འཁྲུག་གི་འཕེལ་རིམ་འདི་ལ་ངེས་པར་བལྟ་རིན་ཡོད་པ་ཞིག་ཡིན་ལ། དགྲ་བོ་རྒྱ་དམར་གྱིས་དམག་འཁྲུག་འདིའི་ཆེད་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ལ་ཕྱོགས་ཡོང་ནས་ཞིབ་འཇུག་བྱེད་རྒྱུ་དེ་ཡང་གལ་ཆེ་བར་སེམས།

རྒྱ་གཞུང་གི་ཁྱབ་བསྒྲགས།

ཕྱི་ལོ་༢༠༡༢་ཕྱི་༣་ཚེས་༡༠་ཉིན་རྒྱ་གཞུང་གི་མགྲིན་ཚབ་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ནང་འཁོད་དོན་ལྟར་ན་༢༠༡༢་ལོའི་སྔོན་རྩིས་ནང་དམག་དཔུང་གི་སྔོན་རྩིས་བརྒྱ་ཆ་༡༡་༢་སྤར་གྱི་ཡོད་པ་དེ་ནི་རྒྱུ་མཚན་ཡོད་པ་ཞིག་དང་འོས་འཚམ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
འགྲོ་གྲོན་ཀྲུང་གོའི་དངུལ་སྒོར་དུང་ཕྱུར་དྲུག་སྟོང་བདུན་བརྒྱ་ནི་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཡིན་པ་དང་། དེ་ལས་དམག་མིའི་གླ་ཆ་དང་། དམག་སྦྱོང་། དམག་དཔུང་རྒྱུན་གནས་བཅས་ལ་གཏོང་གི་ཡོད་པས་སྟོབས་ཆེན་རྒྱལ་ཁབ་གཞན་དང་བསྡུར་ན་འགྲོ་སོང་དེ་ཙམ་ཆེན་པོ་མེད་སྐོར་ཡང་འགྲེལ་བརྗོད་བྱས་འདུག དེ་ལྟར་འགྲེལ་བཤད་རྒྱག་པའི་རྒྱུ་མཚན་ནི་ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ལ་ཕྱིན་པ་དང་ལྷན་འཛམ་གླིང་རྒྱལ་ཁབ་མང་པོས་དམག་དཔུང་རྒྱ་བསྐྱེད་ཀྱི་དམིགས་ཡུལ་ལ་དོགས་འདྲི་མང་པོ་བྱེད་ཀྱི་ཡོད་པས་རེད།
དམག་དཔུང་གི་འགྲོ་སོང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ཆེད་ཁོ་ན་ཡིན་པ་དང་དཔལ་འབྱོར་ཡར་རྒྱས་དང་རྒྱལ་ཁབ་བདེ་འཇགས་གཉིས་མཉམ་གནས་ཀྱི་དམིགས་ཡུལ་གཙོ་བོར་བཟུང་ཡོད་ཟེར། རྒྱ་ནག་གི་དམག་དོན་མཁས་པ་རྣམས་ཀྱིས་དམག་གྲོན་འཕར་དགོས་པ་ཙམ་མ་དུ་མ་ཟད། རྒྱའི་དམག་དཔུང་གིས་ངེས་པར་དུ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་རྗེས་ཟིན་དགོས་པར་འགྲོ་གྲོན་ཕོན་ཆེན་པོ་ཞིག་གཏོང་དགོས་པར་འདོད། ད་དུང་རྒྱ་ནག་གི་དམིགས་ཡུལ་ལམ་རྨི་ལམ་སྐོར་ལ་བགྲོ་གླེང་མང་པོ་སླེབས་བཞིན་ནི་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཡིན་སྐོར་བཤད་འདུག མདོ་དོན་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་དམག་དོན་འགྲོ་སོང་རྒྱལ་ཁབ་ཀྱི་འགྲོ་སོང་གི་བརྒྱ་ཆ་ངེས་ཅན་ཞིག་ཟིན་གྱི་ཡོད་པར་རྒྱལ་ཁབ་མང་པོས་བློ་འཚབ་ཆེན་པོ་སླེབས་ཀྱི་ཡོད།

ཨ་རིའི་དམག་དཔུང་གི་འགུལ་སྐྱོད།

དམག་དོན་མཁས་པ་མང་པོ་ཞིག་གིས་ཁ་གཅིག་གྲགས་ཀྱི་འདས་པའི་ལོ་མང་རིང་ཨི་རག་དང་ཨ་ཧྥེ་རྒན་གྱི་དམག་འཁྲུག་བརྒྱུད་རིམ་ནང་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཨ་མི་རི་ཀས་ལྷོད་ཡངས་ཤོར་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷོད་ཡངས་དེ་ཡང་རྒྱ་དམག་གིས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་འཆར་གཞི་ལྡན་པའི་ཐབས་ཇུས་བཟུང་ནས་ཤུགས་རྐྱེན་ཆེན་པོ་ཞིག་བཞག་ཡོད་པ་དེ་རེད། སྲིད་འཛིན་ཨོ་བྷ་མས་ཨི་རག་དང་ཨ་ཧྥེ་རྒན་གྱི་དམག་འཁྲུག་གང་མགྱོགས་མཇུག་བསྡུས་ནས་ཨ་རིའི་དམག་ཤུགས་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་བཏང་དང་གཏོང་བཞིན་པ་འདིས་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨ་རི་དང་རྒྱ་ནག་དབར་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་གཙོར་བཟུང་བྱས་པའི་མཇུག་འབྲས་ཤིག་ཀྱང་ཡིན།
ཕྱི་ལོ་༢༠༡༢་ལོ་ཨ་རིའི་སྲིད་འཛིན་མཆོག་ཨེ་ཤི་ཡ་མངའ་ཁུལ་དུ་ཉིན་དགུའི་འཚམས་གཟིགས་སྐབས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གསུང་འཕྲིན་ཅིག་གནང་ཡོད་པའི་ནང་གསལ་བོར་ཡོད་པ་ནི། ཁོང་གིས་ཨ་རིའི་ཁྱད་ཆོས་དང་མངོན་འདོད་ཀྱི་ར་བའི་ནང་གི་ཨེ་ཤི་ཡའི་མ་འོངས་ག་འདྲ་ཡིན་མིན་གསུང་རྗེས། རྒྱ་ནག་གི་གྲུབ་འབྲས་དང་ཡར་རྒྱས་ལ་རྩིས་མེད་ཀྱིས་སྡོམ་འདི་ལྟར་བརྒྱབ་ཡོད།

(ང་ཚོས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཀྱི་མ་འོངས་གང་འདྲ་ཞིག་འཚོལ་གྱི་ཡོད་ཟེར་ན། ཚང་མར་བདེ་འཇགས་དང་། ཡར་རྒྱས་གོང་འཕེལ། ཆེ་མཐོང་ཡོད་པ་བཅས་ཡིན། འདི་ནི་ང་ཚོའི་ལངས་ཕྱོགས་ཡིན་ལ་ང་ཚོར་དགོས་པ་ཡང་འདི་ཡིན། ཨ་རིས་སྟོབས་ཤུགས་ཀྱི་མ་ལག་ཡོད་ཚད་བེད་སྤྱད་ནས་མཐུན་གྲོགས་རྒྱལ་ཁབ་ཁག་དང་གྲོགས་པོ་ཚང་མས་མཉམ་འབྲེལ་ཀྱིས་མ་འོངས་པ་དེ་འདྲ་ཞིག་འཚོལ་སྙེག་བྱེད་ཀྱི་ཡོད། འདིས་ང་ཚོས་སུ་ཡིན་མིན་གསལ་སྟོན་བྱེད་ཀྱི་ཡོད། དེ་བས་དོགས་འདྲི་བྱེད་མི་དགོས་པར། དུས་རབས་ཉེར་གཅིག་པར་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་མེ་རི་ཀ་ཡོད་ཡོད་པ་རེད) གསུང་བའི་སྙིང་དོན་མངའ་ཁུལ་འདིར་ཨ་རིའི་སྟོབས་ཤུགས་མུ་མཐུད་དར་སྤེལ་གཏོང་རྒྱུ་དེ་རེད།

ཨོ་སི་ཀྲི་ལི་ཡའི་སེམས་ཁྲལ།

ཨོ་སི་ཀྲི་ལི་ཡའི་བདེ་སྲུང་དང་ཆབ་སྲིད་མཁས་ཅན་ཞིག་གིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སྐོར་ལ་འདི་ལྟར་བསམ་ཚུལ་སྤེལ་འདུག
ཝ་ཤིན་ཌོན་དང་པེ་ཅིང་གཉིས་གདོང་ཐུག་གི་ལམ་ལོག་ཏུ་ཞུགས་ཟིན་པ་དང་ཕན་ཚུན་ཐབས་ཇུས་ཀྱི་འགྲན་ཟླར་མཐོང་གི་ཡོད། འཛམ་གླིང་ཐོག་གི་སྟོབས་ཤུགས་དང་འབྱོར་ཕྱུག་ཆེ་ཤོས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ག་དུས་ཡིན་ཀྱང་འགྲན་རྩོད་ཅན་ཅན་ཞིག་ཡིན་མོད། དྲི་བ་ནི་འགྲན་རྩོད་དེའི་ཁྲོད་ཕན་ཚུན་མུ་མཐུད་ནས་ཚོང་ལས་དང་། མ་རྩ་འཛུགས་པ། མཉམ་ལས་དང་དཀའ་ངལ་རྣམས་སེལ་རེས། ད་དུང་རྒྱལ་སྤྱིའི་བདེ་འཇགས་ཐད་ནུས་པ་མཉམ་འདོན་བྱེད་ཀྱི་ཡོད་མེད་བཅས་ཡིན།

འགྲན་ཟླ་དེ་ཉེན་ཁའི་ཕྱོགས་སུ་འགྲོ་བའི་དུས་ཚོད་ནི་ཆབ་སྲིད་དང་ཐབས་ཇུས། དམག་དོན་ཀྱི་ཁེ་ཕན་གཙོར་འདོན་ཀྱིས་རང་གི་གནས་བབ་དང་བདེ་འཇགས་ལ་བློ་འཚབ་བྱེད་རྒྱུ་མང་དྲག་པས་རྐྱེན་བྱས་ཏེ་ལས་དོན་ཁག་གི་ཐོག་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དེ་རེད། ལམ་ཁ་དེའི་ནང་ཨ་རི་དང་རྒྱ་ནག་གཉིས་ད་ལྟ་ནས་གོམ་པ་དང་པོ་སྤོས་ཟིན་ཡོད། ཕྱིའི་རྣམ་པར་ཕྱོགས་གཉིས་ཀས་སོ་སོའི་གཏམ་བཤད་ལ་གཟབ་གཟབ་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོས་དམག་གི་རྟེན་གཞི་དང་དམག་གི་ལས་དོན་འཆར་འགོད་སྐབས་གཅིག་གིས་གཅིག་ལ་དམིགས་འཛུགས་ཀྱིས་ཨེ་ཤི་ཡ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་དང་། མངའ་ཁུལ་ཀྱི་དོན་རྐྱེན་ཁག་སྟེ། རྒྱ་ནག་ལྷོ་རྒྱ་མཚོའི་རྩོད་སྙོག་སོགས་ཕན་ཚུན་འཁྲུག་རྩོད་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།

ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ན་ཨོ་སི་ཀྲི་ལི་ཡར་ཉེན་ཁ་ཆེན་པོ་ཡོད། གལ་སྲིད་ཨ་རྒྱའི་དབར་གྱི་འགྲན་རྩོད་ཁྲོད་ང་ཚོ་ཨ་རི་ཕྱོགས་སུ་ལངས་པ་ཡིན་ན་རྒྱ་ནག་དང་དཔལ་འབྱོར་འབྲེལ་ལམ་གཙོས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཁྱོན་ཡོངས་ནས་གྱོང་གུན་ཆེན་པོ་ཕོག་གི་རེད། རྒྱ་ནག་དང་དམག་འཁྲུག་གི་གདོང་གཏུགས་ལ་ག་ཚོད་ཉེ་བ་དེ་ཙམ་གྱིས་ང་ཚོའི་བདེ་སྲུང་གི་འགྲོ་གྲོན་རང་བཞིན་གྱིས་སྤར་དགོས་ཀྱི་ཡོད། ཉེན་ཁ་ངོ་མ་ནི་ང་ཚོ་མི་འདོད་བཞིན་དམག་འཁྲུག་ཆེན་པོ་ཞིག་གི་ནང་བཙན་འདེད་བྱེད་ཀྱི་ཡོད་པ་དེ་ཡིན། གལ་སྲིད་ང་ཚོ་ཨ་རིའི་ཕྱོགས་སུ་ལངས་ནས་རྒྱ་ནག་གི་ཁ་གཏད་མ་བཅག་པ་ཡིན་ན་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཀྱི་ལོ་རྒྱུས་མཇུག་རྫོགས་པ་ཡིན་པས་ང་ཚོ་ཁེར་རྐྱང་ཆགས་ཀྱི་རེད།
གོང་གི་ཞིབ་འཇུག་དེས་ཨ་རི་དང་རྒྱ་ནག་དབར་གྱི་རྣོ་ངར་ཆེ་བའི་འགྲན་རྩོད་ཁྲོད་ལངས་སྲིད་པའི་དམག་འཁྲུག་དེས་ཤུགས་རྐྱེན་སྐོར་ཡིན་པས་ཁོང་གིས་སེམས་ཁྲལ་ཡང་དོན་མེད་ཀྱི་སེམས་ཁྲལ་ཞིག་གཏན་ནས་མིན།

མཁས་དབང་ཁོང་གིས་མུ་མཐུད་དྲི་བ་མང་པོ་ཞིག་བཏང་ཡོད་པ་ནི།
སྤྱིར་བཏང་། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཉིན་རེའི་ལས་དོན་ཁག་འཛིན་སྐྱོང་ཡག་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ལ་སྟོབས་ཤུགས་རྒྱས་པ་དང་ལྷན་དུ་མི་མངོན་པའི་འགྲན་རྩོད་ཞིག་འཕེལ་གྱི་ཡོད་པ་དེས་ང་ཚོར་དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད།
དེ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱུན་རིང་གི་འབྲེལ་ལམ་དང་མ་འོངས་པ་ཅི་འདྲ་ཞིག་ཆགས་ཀྱི་ཡོད་དམ།
ཕྱོགས་གཉིས་ཀྱིས་ཕན་ཚུན་ཞི་བདེའི་ངང་གནས་པའི་ལམ་ཁ་ཤིག་རྙེད་ཀྱི་རེད་དམ།
ཡང་ན་འཐབ་ཇུས་ཀྱི་འགྲན་ཡ་དང་། དེ་ལས་ལྷག་ད་དུང་ཕན་ཚུན་དགྲ་བོ་ཆགས་ཀྱི་རེད་དམ།
ཨེ་ཤི་ཡའི་མངལ་ཁུལ་ནང་མ་འོངས་པར་ཞི་བདེ་དང་བརྟན་བརླིང་ཞིག་ཡོང་གི་རེད་དམ།
ཡང་ན་འཁྲུག་རྩོད་ཀྱི་ཆགས་འཇིག་ཆེན་པོ་ཞིག་ཡོང་གི་རེད་དམ།

དྲ་གྲོགས་རྣམ་པ་ཚོའི་ཁྲོད་འདིའི་སྐོར་མཁྱེན་མཁན་དང་མཁྱེན་འདོད་ཡོད་ན་ང་ཚོས་དྲི་བ་དྲི་ལན་གྱི་ཚུལ་དུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ལངས་སྲིད་པའི་དམག་འཁྲུག་ལ་ཞིབ་འཇུག་བྱེད་ཆོག

དཔྱད་རྩོམ།

Post navigation

Previous Post: བོད་མི་གསར་བརྗེ་བ་རྒན་གྲས་སངས་རྒྱས་ཡེ་ཤེས་མཆོག
Next Post: བོད་ཀྱི་དམངས་ཁྲོད་རྩེད་མོ་ཐེ་ཁེ་ངོ་སྤྲོད།

Comments (5) on “ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག”

  1. ཅོག་མྱི། says:
    2013-08-18 at 11:21 am

    འཛམ་གླིང་དམག་འཁྲུག་གཉིས་པའི་སྐབས་ཀྱི་ཞི་བདེའི་རྒྱ་མཚོ་དམག་འཁྲུག་ལ་བརྟེན་ནས་བར་འདུག་གི་རྒྱལ་ཁབ་ཨ་མེ་རི་ཀ་དམག་འཁྲུག་ཆེན་པོ་དེ་ནང་དུ་ཞུགས་ཤིང་མཐར་འཇར་མན་དང་ཉི་ཧོང་དང་ཡི་ཐུ་ལེ་བཅས་པའི་དཀྱིལ་འཁོར་རྒྱལ་ཁབ་ཀྱི་དཔུང་ཚོགས་ཕམ་པར་བཏང་། དེའི་སྐབས་སུ་རྒྱ་མཚོའི་དམག་དཔུང་ནི་རྒྱལ་ཁབ་ཅིག་གི་སྟོབས་ཤུགས་ཀྱི་མཚོན་བྱེད་ཡིན་པས་རྒྱ་མཚོ་དམག་འཁྲུག་ནི་རྒྱལ་ཁབ་དག་གི་སྟོབས་འགྲན་པའི་གར་སྟེགས་ཤིག་ཡིན། ཡིན་ན་ཡང་ད་ལྟ་དམག་འཁྲུག་གི་ཐབས་དང་མཚོན་ཆ་ཐམས་ཅད་འགྱུར་ཟིན་པས་རྒྱ་མཚོ་དམག་འཁྲུག་ཅིག་བྱུང་བ་ནི་ཕལ་ཆེར་མི་སྲིད་པར་སྙམ། མེ་ཤུགས་རྡུལ་ཕྲན་འཕུར་མདའ་རྒྱང་འཕེན་གྱི་མགྱོགས་ཚད་དང་གནོད་ཚད་ཀྱིས་རྒྱལ་ཁབ་ཅིག་གི་དམག་སྟོབས་མཚོན་པ་ཁོ་ན་ཡིན། གལ་སྲིད་དམག་འཁྲུག་ཅིག་བྱུང་ན་ཞི་བདེ་རྒྱ་མཚོའི་ཐ་སྐོར་གྱི་རྒྱལ་ཁབ་ཙམ་མ་ཡིན་པར་ཨ་ཐུ་ལེན་ཏའི་རྒྱལ་ཁབ་སོགས་ཅིག་ཅར་གྱི་འཐབ་འཁྲུག་གི་ནང་དུ་མ་ཞུགས་རང་ཞུགས་རེད།

  2. རྒྱང་མིག says:
    2013-08-18 at 12:15 pm

    བློ་བཟང་ལུང་རྟོགས་ཀྱིས་ཡག་པོ་བྲིས་འདུག འདི་འདྲའི་སྐོར་ད་དུང་མང་དུ་འབྲི་ཐུབ་ན་ཕན་དགེ་ཆེ།

  3. བན་དེ་བ། says:
    2013-08-18 at 12:47 pm

    ཞི་བདེའི་རྒྱ་མཚོར་འཛམ་གླིང་དམག་ཆེན་ཞིག་ལངས་པ་ཡིན་ན། རྒྱ་ནག་དང་ཨུ་རུ་སུ་བྱང་ཀོ་རེ་ཡ་གཅིག་བྱས་ན་པ་ཀིས་ཏན་བཅས་མཉམ་རུབ་བྱས་ཏེ་ཨ་རིར་རྒོལ་སྲིད་པ་ཞིག་རེད། མ་གཞི་ནས་རྒྱ་ནག་གིས་དམག་ཤུགས་ཆེན་པོ་དང་དེང་རབས་ཀྱི་གོ་མཚོན་མང་པོ་གསར་སྐྲུན་བྱས་པར་མ་ཟད། ལྷོ་ཨབ་རི་ཁ་དང་ཨ་རབས་བཅས་ཀྱི་རྒྱལ་ཁབ་ཚོ་ལའང་རྒྱ་ནག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས་ཨ་རིར་ལས་སླ་མོ་ཞིག་མེད། འོན་ཀྱང་ཨ་རིའི་ཕྱོགས་སུ་དབྱིན་ཇིའི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚང་མ་ལངས་རྒྱུ་ནི་ཤོད་མི་དགོས་པ་ཞིག་རེད། འོན་ཀྱང་ད་ལྟ་ལམ་སང་འཛམ་གླིང་དམག་ཆེན་དེ་འདྲ་ལངས་མི་སྲིད། རྒྱ་ནག་གིས་རང་གི་དམར་ལ་མཁོ་བའི་དེངས་རབས་ཀྱི་གོ་མཚོན་ཨ་རིར་འགྲན་ནུས་མ་བྱུང་བའི་བར་དུ་དམག་འཁྲུགས་ཀྱི་གཞི་གླེང་མི་སྲིད་པ་ཞིག་རེད། མ་ཟད་རྒྱལ་ཁབ་གཞན་གྱི་དམག་འཁྲུགས་ལ་ཇུས་གཏོགས་བྱེད་ཀྱི་མེད། སྲིད་བྱུས་དེ་ཡིས་རྒྱལ་ཁབ་གཞན་གྱིས་རྒྱ་ནག་ལ་སྡང་འཛིན་བྱེད་ཀྱི་མི་འདུག ད་ལྟ་རྒྱ་ནག་གིས་ཨ་རིར་འགྲན་ནུས་ཀྱི་དེངས་རབས་གོ་མཚོན་མང་པོ་ཞིག་རྐུས་འཁྱེར་གྱིས་འདྲ་བཟོ་བྱེད་བཞིན་པའི་སྒང་རེད། ཨུ་རུ་སུ་ཡི་མིས་བཤད་ན་གོ་མཚོན་ལག་ཆའི་ཐོག་ནས་ཨུ་རུ་སུས་ཨ་རིར་འགྲན་ནུས་ཡོད་པར་བཤད་ཀྱི་འདུག

  4. རྒྱ་ཞིང་མྱི་དཀར says:
    2013-08-18 at 11:51 pm

    གྲོགས་པོ་ལགས་ཧ་ཅང་དོན་སྙིང་ལྡན་པ་རེད།

  5. ཤར་པ་ says:
    2013-08-19 at 6:55 am

    ད་དམག་རྒྱབ་ན་ཡག་པོ་འདུག། ཤར་ལྷོའི་རྒྱལ་ཁབ་རྒྱད་དང་དེའི་གང་ཨ་རིས་གི་རོག་པ་བྱེད་རྒྱ་རོ་གུང་ཁྲན་ཏན་མེད་པར་གྱུར་དགོས་རྒྱུ་དེ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme