Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལམ་དབུ་མ་བོད་ནས་ལག་བསྟར་བྱེད་བཞིན་འདུག

Posted on 2010-10-25 By ཁ་བརྡ་ No Comments on ལམ་དབུ་མ་བོད་ནས་ལག་བསྟར་བྱེད་བཞིན་འདུག

ལྷོ་ཕྲུག་སྣ་བོ་ཆེ།

བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་བོད་ཀྱི་དགོན་སྡེའི་གྲྭ་བཙུན་རྣམ་པ་དང་ཡུལ་མི་སྤྱིར་སྟངས་བ་ཚོས་རྒྱ་ནག་ལ་རྣམ་འགྱུར་སྟོན་སྟངས་དང་སློབ་གྲྭས་མཚོན་པའི་ཤེས་རིག་སྡེ་ཁག་གི་མི་སྣ་ཚོས་རྒྱ་ནག་ལ་རྣམ་འགྱུར་སྟོན་སྟངས་ཀྱི་བར་ན་ཧེ་བག་ཅིག་འདུག སྤྱིའི་ཆ་ནས་སྔ་མ་བཙན་བྱོལ་སྤྱི་ཚོགས་ནང་གི་རང་བཙན་འཐབ་རྩོད་པ་རྣམ་པས་རྩ་དོན་རྩོད་ཚུལ་དང་འདྲ་ཞིང་། ཕྱི་མ་དབུ་མའི་ལམ་པ་བ་རྣམས་ཀྱིས་རྩ་དོན་སྒྲུབ་སྟངས་དང་ཆེས་འདྲ་བ་ཡིན། ལྷག་དོན་ཐེངས་འདིའི་ན་གཞོན་སློབ་མ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིིའི་འོག་ནས་ཕ་སྐད་ཀྱི་བདག་དབང་རྩོད་པའི་ལས་འགུལ་འདི་རིགས་ནི་དབུ་མའི་ལམ་སྟེང་ནས་རྩ་དོན་ཇི་ལྟར་རྩོད་པའི་རྩོད་ཚུལ་གྱི་དཔེ་མཚོན་ངོ་མ་དེ་རེད།

ང་རང་རང་བཙན་འཐབ་རྩོད་པ་དང་དབུ་མའི་ལམ་པ་བ་སོགས་རྩ་དོན་སྒྲུབ་མཁན་གྱི་སྒེར་དང་ཚོགས་པ་ཀུན་ལ་གུས་བཀུར་གཅིག་མཚུངས་སུ་ཞུ་མཁན་ཞིག་ཡིན་པའི་ཆ་ནས། གོང་གི་དབྱེ་འབྱེད་ཞིབ་བསྡུར་དང་འབྲེལ་བའི་སྐད་ཆ་འདིར་ཤུགས་བསྟན་དུ་རང་བཙན་འཐབ་རྩོད་པ་དང་དབུ་མའི་ལམ་པ་བ་གཉིས་ལ་བཟང་ཞན་ནམ་ལེགས་ཉེས་ཀྱི་བལྟ་སྟངས་འཛིན་གྱི་ཡོད་པ་ལྟ་བུར་གོ་བ་བླངས་ན་འགྲིག་གི་མེད། གང་ལྟར་ང་ཚོས་བར་ཁྱད་འདི་ཇི་ལྟར་ཞུགས་ཀྱིན་ཡོད་པའི་ཐད་དཔྱད་ཞིབ་བྱ་རྒྱུ་འདི་གལ་ཆེན་དུ་གྱུར་ཡོད་ལ། འདིས་སྤྱི་ཚོགས་ཀྱི་ཁ་ཕྱོགས་གང་ཞིག་ཏུ་འགྱུར་གྱི་ཡོད་མེད་དང་། དངོས་ཡོད་ཀྱི་བདེན་པ་ཅི་ཞིག་ཡིན་མིན་གྱི་གསང་བ་ཞིག་ཏན་ཏན་སྟོན་གྱི་ཡོད།

ཤེས་ཡོན་པའི་སྡེ་ཁག་ནི་འབྱུང་འགྱུར་གྱི་ཕྱོགས་སྟོན་སྒྲོན་མེ་དང་ལམ་ཁྲིད་ཀྱི་དམིགས་བུ་ཡིན་ཕྱིར་རང་རེའི་འཚོ་ཐབས་ལམ་བུ་ཁོང་ཚོས་གཏོད་ལ། འབྱུང་འགྱུར་གྱི་འཚོ་གནས་བདག་དབང་ཡང་ཁོང་ཚོས་ཐག་གཅོད་བྱེད། ཁོང་ཚོའི་འབོད་སྒྲ་ལ་ཞིབ་ཏུ་ཉན་དགོས་ལ། ཁོང་ཚོའི་རྐང་འགྲོས་ལ་ཞིབ་ཏུ་བལྟ་དགོས།

ད་ཐེངས་ཀྱི་རླབས་ཆེན་ལས་འགུལ་འདིའི་འབོད་སྒྲ་ག་རེ་རེད། ད་ཐེངས་ཀྱི་རླབས་ཆེན་ལས་འགུལ་བ་ཚོའི་རྐང་འགྲོས་གང་འདྲ་ཞིག་རེད། ང་ཚོས་སེམས་ཚོར་ཙམ་གྱི་རྗེས་སུ་འབྲངས་ནས་འུར་རྒྱག་པ་མི་རུང་། ཁོང་ཚོས་འབོད་སྒྲ་མང་པོའི་ནང་ནས་གནད་ལ་འཁེལ་ཤོས་དེ་སྒྲོག་གིན་ཡོད་ཅིང་། གོམ་འགྲོས་བསྟེན་ཚུལ་ནང་གི་བརྟན་ཤོས་དེ་སྤོ་གིན་ཡོད། འདི་ནི་ཁོང་ཚོས་རང་གི་མིག་འདུན་ནས་རྙེད་པའི་གདམས་ཀ་ལེགས་ཤོས་དེ་ཡིན་སྲིད་ཅིང་། མི་ཚེའི་མངར་སྐྱུར་ཁ་གསུམ་གྱི་ཉམས་མྱོང་མང་པོའི་ཁྲོད་ཀྱི་བསླབ་བྱའི་ལག་བསྟར་འོས་ཤོས་དེ་ཡིན་སྲིད།

ཁོང་ཚོས་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལས་བརྒལ་བའི་འབོད་ཚིག་དང་དགོས་འདུན་མི་འདོན་པ་དེས་གང་ཞིག་ལ་འཇིགས་ཀྱི་ཡོད་པ་མཚོན་གྱི་ཡོད་དམ། ཡང་ན་དངོས་ཡོད་མྱོང་ཚོར་མང་པོའི་ཁྲོད་ནས་འབྱུང་འགྱུར་གྱི་རང་དབང་རྩོད་ཐབས་ལ་སྡོམ་ཞིག་བརྒྱག་གི་ཡོད་པ་ཅི་རེད། ཁོང་ཚོས་གུང་ཁྲན་གྱི་དབང་སྒྱུར་འོག་ནས་བོད་ལ་གཞི་རྩའི་ཕ་སྐད་བེད་སྤྱོད་ཀྱི་རང་དབང་ཡང་མེད་སྟབས་ང་ཚོ་གུང་ཁྲན་གྱི་འོག་ཏུ་སྡོད་ཀྱི་མིན་ཟེར་གྱིན་མི་འདུག རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་བདག་དབང་དགོས་ཟེར་གྱིན་འདུག འདི་འགྱུར་ལྡོག་ཤུགས་ཆེན་ཞིག་རེད།

ངའི་བསམ་བློའི་འཁོར་ཕྱོགས་ལྟར་ན་ད་ནས་བརྩིས་པའི་འབྱུང་འགྱུར་གྱི་དུས་ཡུན་ནང་གཞིས་བཞུགས་སྤུན་ཟླ་སྤྱི་དང་ལྷག་དོན་ཤེས་ཡོན་པའི་སྡེ་ཁག་ཚོས་བོད་མིའི་འཚོ་གནས་ཀྱི་རང་དབང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བརྩད་པར་འགྱུར་ལ། མི་སྒེར་གྱི་འགྲོ་འདུག་ཀུན་སྤྱོད་གྱི་རང་དབང་དང་ཁྲིམས་ཀྱི་བདག་དབང་ལ་རྒྱབ་བཅོལ་ནས་རྩོད་ཀྱི་རེད། རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་མང་གཙོའི་ཁེ་དབང་གཞིར་བཞག་ནས་རྩོད་ཀྱི་རེད།

ཊར་ཝིན་གྱི་རང་བཞིན་འདེམས་སྒྲུག་གི་ལྟ་སྟངས་དང་འབྲེལ་ནས་བཤད་ན། དེང་གི་རྒྱལ་སྤྱི་དང་འཇིག་རྟེན་གྱི་སྣོད་བཅུད་འགྱུར་འགྲོས་ཀྱིས་ཁྲིམས་ལུགས་ལ་མི་བརྩི་བའམ་ཁྲིམས་ལུགས་ཀྱི་གོང་དུ་སྡོད་པའི་རྒྱ་ནག་གི་གང་ཟག་དབང་སྒྱུར་གྱི་སྲིད་དབང་གཅིག་སྡུད་ལམ་ལུགས་འདི་འདེམས་ཀ་བྱེད་ཀྱིན་མ་རེད། རང་བྱུང་ཁམས་ཆེན་པོའི་འཁོར་སྐྱོད་ཀྱི་ཆོས་ཉིད་དང་འགལ་བའི་ལམ་སྲོལ་ཞིག་འཇིག་རྟེན་འདིར་ཡུན་གནས་ཡོང་བའི་གོ་སྐབས་མེད། གནས་སྟངས་འདི་རྒྱ་ནག་གི་དབང་འཛིན་པས་ཤེས་ཀྱི་ཡོད་ལ། ཁོང་ཚོས་འགྱུར་ལྡོག་ཅིག་དགོས་པ་མཐོང་གི་ཡོད། མཐོང་ཚུལ་འདིའི་འོག་ནས་ཁྲིམས་ལུགས་ཀྱི་གནད་དོན་ལ་བརྩི་འཇོག་མི་བྱེད་རང་བྱེད་ཀྱི་གནས་སྟངས་ཤིག་ད་ལྟ་ནས་ཤར་འགོ་བརྩམས་ཡོད།

འདི་ནི་བོད་མི་ཚོར་ཁྲིམས་ལུགས་ཀྱི་བདག་དབང་འོག་ནས་རང་དབང་རྩོད་པའི་བློ་སྟོབས་གོང་འཕེལ་དུ་འགྲོ་བའི་གཞི་རྩ་ཡིན་ཅིང་། ཁ་ཡོད་ལག་ཡོད་དང་དངོས་ཡོད་གནས་བབ་དང་འཚམ་པའི་རང་དབང་ཞིག་འགོ་འཛུགས་ཀྱི་ས་བོན་ཡང་ཡིན། ད་ལྟ་བར་བཙན་བྱོལ་སྤྱི་ཚོགས་ཁྲོད་རང་བཙན་འཐབ་རྩོད་པ་དང་དབུ་མའི་ལམ་པ་བ་རྣམ་པས་གཞིས་བཞུགས་བོད་མི་ཚོས་འབོད་ཚིག་ཅི་སྒྲོག་དང་རེ་འདུན་ཇི་འདོན་སོགས་ལ་ཚོར་བ་རྣོན་པོས་བལྟ་གིན་ཡོད་ལ། སོ་སོའི་རྒྱབ་དཔུང་དུ་གཞིས་བཞུགས་བོད་མི་ཇི་མང་གི་འགྲན་རྩོད་ལྟ་བུ་ཞིག་ཀྱང་ཡོང་གིན་ཡོད། ད་ལྟ་བརྩིས་པའི་ལོ་ཤས་ནང་གནད་དོན་འདི་གཙང་མ་ཆགས་ཀྱི་རེད། གཞིས་བཞུགས་བོད་མིའི་བསམ་བློའི་འདུན་པ་གསལ་དུ་འགྲོ་གི་རེད།

ཐེངས་འདིའི་ཕ་སྐད་ཀྱི་བདག་དབང་རྩོད་པའི་ལས་འགུལ་འདིར་དབུ་མའི་ལམ་གྱི་རང་དབང་རྩོད་སྟངས་དང་འདྲ་བའི་ཆ་ཡོད་པ་ཙམ་མིན་པར་ཁོང་ཚོས་ལམ་ལུགས་འདིའི་ལེགས་ཆའི་ཕྱོགས་ལ་སློབ་སྦྱོང་དང་བློ་སྐྱེད་བླངས་ཡོད་པའི་ཡིད་ཆེས་ཀྱང་བྱེད་ཀྱིན་ཡོད། མི་རིགས་ཤིག་འཚོ་གནས་ཐུབ་མིན་གྱི་མཚམས་འཛིན་བྱ་ས་གཙོ་བོ་སྐད་ཡིག་ལ་ཐུག་ཡོད་པའི་ཆ་ནས། ཕ་སྐད་ཀྱི་བདག་དབང་རྩོད་ལེན་གྱི་ལས་འགུལ་འདི་ཆབ་སྲིད་ཀྱི་ལས་འགུལ་ནང་གི་ཚད་མཐོ་ཤོས་དང་ཡང་དག་ཤོས་དེ་ཡིན་པར་ཡང་ངོས་འཛིན་བྱེད་ཀྱི་ཡོད། ངས་ཆབ་སྲིད་ཀྱི་ལས་འགུལ་ཟེར་དུས་ལྟ་གྲུབ་མི་འདྲ་བའི་དབར་གྱི་འགལ་ཟླའི་འཐབ་རྩོད་ལྟ་བུ་ཞིག་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་ལས་བརྒལ་བའི་ཁེ་དབང་རྩོད་པ་ཙམ་ཞིག་ལ་གོ་བ་ལེན་གྱི་མེད།

མ་གཞི་དཔལ་འབྱོར་དང་རིག་གནས་ཀྱི་གནད་དོན་ལས་ལོགས་སུ་ཆབ་སྲིད་ཟེར་བའི་དངོས་པོ་ཡན་གར་བ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་མེད་ལ། ཆབ་སྲིད་ཟེར་བ་ནི་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་དང་མི་མང་གི་མངོན་འདོད་སྒྲུབ་ཐབས། རྒྱལ་ཁབ་དེ་ཉིད་ཡར་ཐོན་ཅན་དུ་སྒྱུར་བྱེད་ཀྱི་ཐབས་ཇུས་ཤིག་ལ་གོ་བ་ལེན་གྱི་ཡོད།

དེར་བརྟེན་ངས་ད་རེས་ཀྱི་གཞིས་བཞུགས་ན་གཞོན་སློབ་གྲྭ་བ་དང་ཤེས་ལྡན་མི་སྣ་ཡོངས་ཀྱི་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བའི་ལས་འགུལ་འདི་མི་རིགས་ཤིག་རྩ་སྟོངས་སུ་གཏོང་རྒྱུའི་ཆབ་སྲིད་ཀྱི་ལས་འགུལ་གདུག་རྩུབ་ཅན་ཞིག་ལ་ཁ་གཏད་གཅོར་བའི་ཆབ་སྲིད་ཀྱི་ལས་འགུལ་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་ལས་འགུལ་འདི་མི་རིགས་ཁ་བྲལ་གཏོང་བའི་ལས་འགུལ་ཞིག་གཏན་ནས་མིན་ལ། རྒྱ་ནག་གི་བརྟན་ལྷིང་ལ་གཏོར་སྐྱོན་གཏོང་བའི་ལས་འགུལ་ཞིག་དེ་བས་ཀྱང་མིན། འདི་ནི་ཧུ་ཅིན་ཐའོས་མ་ཎི་འདོན་འདོན་ལྟར་བྱེད་པའི་མི་རིགས་འཆམ་མཐུན་བཟོ་བའི་ལས་འགུལ་ཞིག་ཡིན། ཏང་གི་དཔོན་རིགས་འགའ་ཞིག་གིས་གནད་འགག་འདི་ཚོར་ཡོད་སྲིད།

རྩོམ་རིག

Post navigation

Previous Post: ལམ་དབུ་མ་བོད་ནས་ལག་བསྟར་བྱེད་བཞིན་འདུག
Next Post: ལམ་དབུ་མ་བོད་ནས་ལག་བསྟར་བྱེད་བཞིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme