Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྲུང་རྩོམ་འབྲི་མཁན་དུ་འགྱུར་བའི་མྱུར་ལམ།

Posted on 2013-08-10 By ཡེ་ཤེས་ 47 Comments on སྒྲུང་རྩོམ་འབྲི་མཁན་དུ་འགྱུར་བའི་མྱུར་ལམ།

ཀླུ་སྨྱོན།

ཁྱོད་རང་སྒྲུང་རྩོམ་འབྲི་མཁན་ཞིག་ཏུ་འགྱུར་བའི་རེ་བ་ཆེན་པོ་ཡོད་དམ། གལ་སྲིད་ཡོད་ན། སྒྲུང་གཏམ་འབྲི་མཁན་དུ་འགྱུར་བའི་ལམ་བུ་ཡག་ཤོས་དང་མགྱོགས་ཤོས་དེ་ཤེས་སམ། མི་ཤེས་ན་ངས་བཤད། དེ་ནི་ཉི་མ་རེ་རེར་མཐོང་ཐོས་མྱོང་གསུམ་གྱི་ཉིན་ཐོ་འབྲི་རྒྱུ་དེ་རེད། ཉིན་ཐོ་གང་བྱུང་མང་བྱུང་བྲིས་ན་མི་འགྲིག་པར་གོ་རིམ་ཡོད་པའི་ཉིན་ཐོ་འབྲི་དགོས། དེ་ཡང་དོན་ཚན་གསུམ་ཧ་ཅང་གལ་ཆེ། ཉིན་དེའི་གནམ་གཤིས་སྐོར། ཉིན་དེའི་ཁྱེད་རང་གི་སེམས་ཀྱི་འཆར་སྒོའམ་ཡང་ན་ཁྱེད་ལ་མི་གཞན་གྱིས་བརྗོད་པའི་སྐད་ཆ། ཁྱེད་རང་གི་ཁོར་ཡུག་ཅུང་ཞིབ་འབྲི་བྱེད་དགོས་པ་དེའོ།། གདམས་ངག་འདི་བརྒྱུད་ནས་ཁྱེད་རང་སྒྲུང་རྩོམ་འབྲི་བའི་ལམ་དུ་བསྐྱོད་དེ་འབྲས་བུ་གཡུར་དུ་ཟ་བ་ཞིག་འཐོབ་ངེས་ཡིན་ནོ།།

བརྩམས་སྒྲུང་།

Post navigation

Previous Post: ཡིན་ཤག་ཡོད་ཤག
Next Post: མཐོང་མི་ཐུབ་པའི་ང་ཡི་ཟླ་བ། ༼ཚན་པ་དང་པོ།༽

Comments (47) on “སྒྲུང་རྩོམ་འབྲི་མཁན་དུ་འགྱུར་བའི་མྱུར་ལམ།”

  1. གནམ says:
    2013-08-10 at 8:40 pm

    དེ་རིང་ངས་ཁྱེད་ལ་ཁ་བཏགས་ཞིག་མ་འཐེན་རང་འཐེན་ཆགས་སོང་།

  2. སྤོབས་པ་མཐའ་ཡས། says:
    2013-08-10 at 9:49 pm

    བརྩམས་སྒྲུང་། གཏམ་རྒྱུད། ལོ་རྒྱུས། གདན་རབས། ཁྲི་རབས། མཁན་རབས། རྒྱལ་རབས། རྟོགས་བརྗོད། སྐྱེས་རབས། རྣམ་ཐར། མི་ཚེའི་ལོ་རྒྱུས། ཡུལ་སྐོར་ཟིན་ཐོ་སོགས་ཀྱི་ཁྱད་པར་དབྱེ་བ་འབྱེད་རོགས།

  3. བཙན་ནག་པ། says:
    2013-08-10 at 11:03 pm

    ཁྱོད་ཀྱི་དེ་རིང་རིན་ཐང་ཡོད་པའི་སྐད་ཆ་ཞིག་བཤད་འདུག་པ་དགའ་ཡོད།

  4. བཙན་ནག་པ། says:
    2013-08-10 at 11:04 pm

    དེ་རིང་འདིར་མི་སྐད་ཞིག་རྒྱབ་པར་དགའ་ཡོད།

  5. མངའ་རིས་ཕྲིན་ལས། says:
    2013-08-10 at 11:06 pm

    ཀླུ་སྨྱོན་ལགས་དང་། སྤོབས་པ་མཐའ་ཡས་ལགས། ཁྱེད་རྣ་གཉིས་ཀྱི་ཆེད་རྩོམ་དང་མཆན་འབྲུ་དག་ནི་ཁ་བརྡའི་དྲ་བའི་སྙིང་བཅུད་རེད་འདུག་བཀའ་དྲིན་ཆེ། མ་གཞི་ད་དུང་མང་པོ་འདུག་ཏེ་མཚན་དྲན་མ་སོང་། ཁ་ཤས་ནི་དབྱངས་གསལ་ཤེས་ཙམ་ལས་མེད་ཀྱང་། ད་དུང་གཞན་སྐྱོན་དང་ཁོ་ན་འཚོལ་བ། ད་དུང་ཆོས་བྱེད་མི་མང་གི་སྙིང་དུ་དད་བརྩེ་ཆེ་བའི་བླ་ཆེན་རྣམ་པར་ཕྱོགས་རིས་ཀྱིས་དོན་མེད་སྐུར་འདེབས། མཛད་འཕྲིན་ལ་འཁྱོགས་བརྗོད་དང་སྒྲོ་སྐུར་སོགས་རྟག་ཏུ་མཆན་རྒྱབ་མཁན་དག་ནི་ཉིན་ཐོ་ཕར་བཞག་བྲིས་ཚད་སྐྱག་པའི་རི་མོ་དྲི་མ་ཅན་དང་མི་གཙང་པ་ཤ་སྟག་རེད་འདུག་ཨ།

  6. ངག་ཆེན་ says:
    2013-08-10 at 11:12 pm

    བླ་མ་ཀླུ་སྨྱོན་མཆོག་གིས་རྩོམ་འབྲིས་ལམ་བསྟོན་བཟང་པོ་ཞིག་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ལགས།

  7. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-08-10 at 11:30 pm

    པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཉིན་ཐོ་འབྲི་བར་མཛད། སྐུ་ན་བགྲེས་པས་རང་གིས་འབྲི་བར་མ་ནུས་པ་ན། གཞན་ལ་རང་གི་ཉིན་ཐོ་འབྲི་རུ་བཅུག་པར་མཛད། བླ་མ་ཀླུ་སྨྱོན་ལྟར་གཞན་ལ་ཡང་ཉིན་ཐོ་འབྲི་བར་བསྐུལ། དེ་བཞིན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་ཉིན་ཐོ་འབྲི་བར་མཛད། དེ་དག་གིས་བྲིས་པར་མཛད་པའི་ཉིན་ཐོའི་གླེགས་བམ་རྣམས་བདག་ཅག་གིས་མཇལ་དུ་མཆིས་པས་སྐལ་བ་བཟང་། ཆོས་རྒྱན་དང་སི་ཏུའི་ཉིན་ཐོ་གཉིས་ཀ་བཀླགས་མྱོང་། སི་ཏུ་པཎ་ཆེན་གྱི་ཉིན་ཐོ་དང་། ནུབ་ཕྱོགས་པའི་མཁས་པ་ཞིག་གི་མཚན། ལ་དྭགས་མཁས་པ་བཀྲ་ཤིས་རབ་རྒྱས་ཀྱིས་གསུངས་ཀྱང་ད་ལྟར་དྲན་ཡུལ་ན་མེད། བོད་ཀྱི་མཁས་པ་དང་། ནུབ་ཕྱོགས་པའི་མཁས་པ་འདི་གཉིས་ཀྱི་ཉིན་ཐོ་འབྲི་སྟངས་གཅིག་གིས་གཅིག་གི་ལད་མོ་བྱས་པ་ལྟ་བུའི་མཆོག་ཏུ་ངོ་མཚར་ཡོད་པ་ཁྱེད་རྣམས་ལས་འགའ་ཞིག་གིས་དེ་ལྟར་གཟིགས་མྱོང་ངམ།

  8. སྙེ་ལྷའི་ཐུགས་སྲས། says:
    2013-08-10 at 11:36 pm

    ལམ་སྟོན་གྱི་སྒྲོན་མེ་བཏེགས་པར་བཀའ་དྲིན་ཆེ།

  9. ངག་ཆེན་ says:
    2013-08-10 at 11:44 pm

    གུས་པ་ཡང་དེ་སྔོན་སྤོབས་མཐའ་ལགས་ཀྱི་རྩོམ་ལ་ཤིན་དུ་དགའ་མཁན་ཞིག་ཡིན་ འོན་ཀྱང་ཁོ་རང་མཁས་སོང་ནས་༧དགོང་ས་མཆོག་ལའང་ཟུར་ཟ་མང་པོ་བྱས་སོང་ དེར་བརྟེན་ང་རང་སྤོགས་མཐའི་རྩོམ་ཀློག་རྒྱུའི་དགོང་བཞུ་བྱས་པ་ཡིན། རེ་བར་ཁྱེད་ཀྱི་ཤེས་ཡོན་དེས་ ང་འདྲ་བའི་བོད་མི་དད་ལྡན་རྣམས་ཀྱི་སེམས་ལ་རྨ་ཁ་མི་བཟོ་བ་མཁྱེན་འཚལ། ཐུགས་ལ་ཕོགས་ན་དགོང་འགལ་མེད་པ་བཞུ།

  10. བན་དེ་བ། says:
    2013-08-10 at 11:52 pm

    ཀླུ་སྨྱོན་གྱིས་རྩོམ་བསྐུལ་གྱི་ཐབས་ལམ་གནང་བར་ལེགས།
    སྤོབས་མཐས་བཤད་པ་དེ་ལའང་རྒྱུ་མཚན་འདུག་རྩོམ་ལ་འབྲི་ཚུལ་སྣ་ཚོགས་སུ་ཡོད་ཅིང་དེ་དག་ཀྱང་འབྲི་ཚུལ་སོ་སོ་ནས་ཡོད། ལོ་རྒྱུས་དང་དངོས་སྒྲུང་བཅོས་སྒྲུང་སོགས་ཀྱི་འབྲི་ཚུལ་མི་འདྲ་བར་མཆིས། བཅོས་སྒྲུང་ལས་སོགས་སྒྲུང་འབྲི་དུས་ཕ་རོལ་གྱི་བློ་ངོར་འཆར་བདེ་བ་དང་དེ་འདྲ་བ་ཞིག་འཇིག་རྟེན་འདིར་དངོས་སུ་བྱུང་ཞིང་ཕལ་ཆེར་ཀློག་པ་པོ་རང་གིས་ཀྱང་དེ་སྔར་དེ་བཞིན་མཐོང་བ་དང་ཐོས་པ་སོགས་བྱུང་མྱོངས་པའི་བཟོ་འདྲ་བའི་རྣམ་པ་ཞིག་བཏོན་དགོས་པ་རེད། དཔེར་ན་ནུབ་ཕྱོགས་པའི་གསར་འགོད་པ་ཚོས་ཐག་རིང་ཡུལ་གྱི་གནས་ཚུལ་ཤོད་དུས་བསྟོད་སྨད་གང་གང་ཡང་མེད་པར་ཕ་རོལ་གྱི་བྱུང་བ་རྣམས་ཁ་ག་གནད་འདུས་དེ་འདྲ་ཤོད་ཀྱི་རེད། བོད་པའི་གསར་འགོད་རྒྱང་སྒྲོགས་པ་དེ་ཚོས་དེ་ལྟར་སྒྲོག་ཐུབ་ཀྱི་མི་འདུག

  11. དོན་འགྲུབ་མཚོ་མོ། says:
    2013-08-10 at 11:56 pm

    ངས་བལྟས་ན། སྒྲུང་འབྲི་བའི་མྱུར་ལམ་ཡག་ཤོས་ནི། མི་སྣ་དང་དོན་རྐྱེན་ཞིབ་འབྲི་ནས་འགོ་བཙུགས་ཏེ་མུ་མཐུད་སྒྲུང་གི་ཡན་ལག་རྣམས་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་པར་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བསྟེན་པར་དཔའ་མ་ཞུམ་བག་མ་ལྷོད་ན་དབང་བོ་རྣམ་ལྔ་ཚང་བའི་སྒྲུང་ཞིག་འབྲི་མ་ཐུབ་པ་ལས་རྒྱུ་འབྲས་དཔང་པོར་བཞག་ནས་ཐག་བཅད་ཆོག་པར་སེམས། ཀླུ་སྨྱོན་གྱིས་བཤད་པ་དེ་ཡང་ཉམས་མྱོང་གི་སྐད་ཆ་ཡིན་སྲིད། འོན་ཀྱང་། མཐོང་ཐོས་མྱོང་གསུམ་གྱི་ཉིན་ཐོ་བྲིས་ནས་བརྗོད་བྱ་བློས་བསླངས་ཀྱིས་རྩོམ་གྱི་སྤྱི་ཁོག་གཅུན་མ་ཤེས་ན་ཉིན་རེ་བཞིན་སྒྲུང་རྩོམ་འབྲི་རྒྱུར་ཁ་ཐག་ཇེ་རིང་དུ་འགྲོ་ངེས་ཤིང་སྒྲུང་འབྲི་བའི་སེམས་ཤུགས་ཀྱང་ཉམས་དམས་འགྲོ་བའི་ཉེན་ཁ་ཆེན་པོ་ཡིན་པ་འདི་ཡང་ཤེས་དགོས་པར་སེམས་སོ།།

  12. འདྲེ་རྐང་ཐོ། says:
    2013-08-11 at 12:00 am

    སྙན་ངག་པ་ཁོང་གིས་ཉམས་མྱོང་གི་ཐོག་ནས་ལམ་སྟོན་གནང་བར་བཀའ་དྲིན་ཆེ།

  13. འཇིགས་མེད་ནུབ་པ་ says:
    2013-08-11 at 1:02 am

    དང་པོ།
    བརྩམས་སྒྲུང་འབྲི་སྟངས་སྐོར་ལ་བསམ་ཚུལ་ཧ་ཅང་མང་མོད། གནས་སྐབས་སུ་ཞུ་གི་མིན། ངེད་ཀྱིས་བརྩམས་སྒྲུང་རིང་མོ་ “ནེའུ་ཡོག་གི་རྡོ་རྗེ་” ཟེར་བ་ཞིག་གི་སྒྲོམ་གཞི་བསླངས་ཚར་ནས་འབྲི་བཞིན་པ་ཡིན། ག་ལེར་ཁྱེད་ཚོའི་མདུན་ལ་འཇོག་གི་ཡིན།

    གཉིས་པ།
    ངེད་ཀྱིས་ཤེས་གསལ་ལྟར་ན། ད་བར་དུ་བོད་ལ་བརྩམས་སྒྲུང་ཡག་པོ་འབྲི་ཐུབ་མཁན་བྱུང་མེད། དེའི་སྦྱོང་བརྡར་ཡང་ཡག་པོ་ཐོབ་མྱོང་མཁན་ཧ་ཅང་ཉུང་། རིག་གནས་གསར་བརྗེའི་རྗེས་ལ་བྱུང་བ་ཚོའི་ཁྲོད་ནས། བརྩམས་སྒྲུང་བྲིས་ནས་སྐད་ཡིག་གསུམ་གྱི་ནང་ལ་སྐད་གྲགས་འཇོག་ཐུབ་མཁན་དེ་ཨ་ལེ་གཅིག་པོ་བྱུང་བ་རེད། ཨ་ལེའི་བརྩམས་སྒྲུང་ “རྡུལ་ཚུབས་དྭངས་སོང་” ཟེར་བ་དེ་རྒྱ་ནག་ནང་ཁུལ་གཅིག་པོ་ནས་ས་ཡ་གཅིག་བྲིན་འདུག

    གསུམ་པ།
    ངེད་རང་སྒེར་གྱི་བསམ་ཚུལ་ལ། བརྩམས་སྒྲུང་ཕྱོགས་ནས་ང་ཚོས་ནུབ་ཕྱོགས་པ་ཚོའི་རྩ་ནས་ལེགས་ཆ་ལེན་རྒྱུ་མང་པོ་འདུག་དྲན། རྒྱུ་མཚན། ༡) ནུབ་ཕྱོགས་པ་ཚོའི་བརྩམས་སྒྲུང་འབྲི་ཡུན་ང་ཚོར་རིང་པ་ཡོད། ༢) བརྩམས་སྒྲུང་འབྲི་བའི་ཉམས་མྱོང་ཡང་ང་ཚོ་ལས་མང་བ་ཡོད། ༣) བརྩམས་སྒྲུང་གི་བརྗོད་བྱ་ཡང་ང་ཚོ་ལས་ཁྱབ་ཆེ་བ་དང་སྣེ་འཛོམས་པ་ཡོད།

    གནས་སྐབས་སུ་འདི་ཙམ་བྱེད།

  14. འཇིགས་མེད་ནུབ་པ་ says:
    2013-08-11 at 1:07 am

    ནོར་བཅོས།༡) ནུབ་ཕྱོགས་པ་ཚོའི་བརྩམས་སྒྲུང་འབྲི་ཡུན་ང་ཚོ་ལས་རིང་པ་ཡོད།

  15. དོན་འགྲུབ་མཚོ་མོ། says:
    2013-08-11 at 1:12 am

    རྒྱ་མཚོ་ཆེན་པོའི་ནང་ན་ཅི་ཞིག་དགོས་ཀྱང་ཡོད་སྲིད་པ་རེད། ད་བར་བོད་ལ་སྒྲུང་རྩོམ་ཡག་པོ་འབྲི་མཁན་བྱུང་མེད་པ་ཤེས་ནས་དེའི་སྟོང་ཆ་སྐོང་ཆེད་ཁྱེད་ཀྱིས་སྒྲུང་འབྲི་བཞིན་ཡོད་པ་ཡིན་ན་དངོས་གནས་ཡག་པོ་རེད།

  16. བདུད་ནག་བུ། says:
    2013-08-11 at 1:18 am

    རེད་རེད་ཡིན་ན་ཡང་་་་་་་

  17. ཤ་ཁྲག་དམར་པོ says:
    2013-08-11 at 1:20 am

    ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།

  18. སྤོབས་པ་མཐའ་ཡས། says:
    2013-08-11 at 2:04 am

    ཨ་ལེ་དང་བཀྲ་ཤིས་ཟླ་བ་གཉིས་ཀས་་བོད་སྐད་ཀྱི་སྟེང་ནས་སྒྲུང་རྩོམ་གྱི་ཚད་མཐོ་བའི་མིའི་འཚོ་བ་བརྗོད་མི་ཐུབ་པས་ཁོང་གཉི་སཀས་ཀྱང་བོད་ཡིག་གི་སྟེང་དུ་མ་བྲིས་པར་རྒྱ་ཡིག་གི་སྟེང་དུ་འབྲི་དགོས་དོན་ནི་བོད་སྐད་ཡིག་གི་སྐྱོན་པར་བཤད་པ་རེད། ཨ་ལེས་བྲིས་པའི་སྒྲུང་རྩོམ་བོད་སྐད་དུ་བསྒྱུར་བ་དེ་ལ་དམིགས་བསལ་གྱི་འཚོ་བ་ཚད་མཐོན་པོ་དང་གཏིང་ཟབ་པོ་བྲིས་པ་ཅང་མི་འདུག་སྙམ། ཁྱེད་ཚོས་དཔྱད་པར་འཚལ།

  19. ཀརྡོ་གཉེར་ཕྱག་པ་ says:
    2013-08-11 at 2:22 am

    ་་་་་ ངེད་ཀྱིས་ཤེས་གསལ་ལྟར་ན། ད་བར་དུ་བོད་ལ་བརྩམས་སྒྲུང་ཡག་པོ་འབྲི་ཐུབ་མཁན་བྱུང་མེད། ་་་་་ཟེར།

  20. ཀརྡོ་གཉེར་ཕྱག་པ་ says:
    2013-08-11 at 3:01 am

    བརྩམས་སྒྲུང་དང་། བཅོས་སྒྲུང་གཉིས་ལ་ཁྱད་པར་གང་ཡོད་དམ།

  21. ཀརྡོ་གཉེར་ཕྱག་པ་ says:
    2013-08-11 at 3:02 am

    བརྩམས་སྒྲུང་ཡིན་ནམ་། རྩོམ་སྒྲུང་རེད།

  22. གངས་ལྡོམ། says:
    2013-08-11 at 3:41 am

    ད་རེས་ཡག་པོ་གསུངས་འདུག

  23. དགེ་འདུན་རྒྱ་མཚོ། says:
    2013-08-11 at 3:45 am

    ང་ལ་ཚོར་སྣང་ཅིག་ཡོད།
    སྒྲུང་དང་སྙན་ངག་གཉིས་རྩོམ་རིགས་གཞན་དང་མི་འདྲ་བར་མ་སྐད་ཀྱི་སྟེང་ནས་འབྲི་དགོས་པ་གལ་ཆེན་པོར་མཐོང་།
    སྐ་ཡིག་གཉིས་པ་དང་ཡང་ན་གཞན་སྐད་དུ་བསྒྱུར་བ་ཡིན་ན་དེ་པར་ལོག་གམ་གློག་པར་བརྒྱབ་པ་ལྟར་མཚོན་མདོག་ཡོང་མི་ཤེས། 
    པར་ལོག་ནི་༼ཛི་རོབ་སི༽གློག་པར་ནི༼ནད་བརྟག་འཇིག་པར་༽ལ་ཟེར་བ་ཡིན།
    སྐད་ཡིག་དང་པོའི་སྟེང་ལ་བྲིས་པ་ཡིན་ན་མཛེས་དང་མ་མཛེས་དང་གཞན་གྱི་ཡིད་འཕྲོག་མ་འཕྲོག་གང་ལྟར་ཡང་རྩ་ཐང་དང་རི་ཆུ་དང་སོགས་མཚོན་མདོག་ཅན་གྱི་བརྙན་འཕྲིན་དུ་བསྟན་པ་རང་ཡིན།
    སྐད་ཡིག་དང་པོ་ནི་ཕ་སྐད་དང་ཡང་ན་བྱིས་པའི་སྐབས་དང་པོར་གང་བསླབ་པའི་སྐད་དེ་ལ་ཟེར།
    གཞན་གཉིས་པ་དང་གསུམ་པ་དག་ནི་ཆེད་དུ་སྦྱང་བའི་གཞན་སྐད་དང་སྐད་ཡིག་ཡིན།

  24. དགེ་འདུན་རྒྱ་མཚོ། says:
    2013-08-11 at 3:46 am

    འཇིག་པར་་འགྱིག་ཤོག
    ལབ་ན་གོ་བདེ་བ་ཡོད་པ་འདྲ།
    བཅོས་རོགས་

  25. གང་བ་བཟང་པོ་ says:
    2013-08-11 at 5:18 am

    བོད་སྐད་རིག་གཞུང་རང་དབང་།

    རྒྱ་གར་གྱི་རིག་གཞུང་གི་ཤན་མ་ཞུགས་པའི་བོད་སྐད་རིག་གཞུང་གཙང་མ་ཞིག་ཡོད་དམ།

    བོད་ཀྱི་མཁས་དབང་གདོང་དཀར་བློ་བཟང་བསྟན་འཛིན་གྱིས། བརྡོལ་བོན། འཁྱར་བོན། ཞེས་དང་། བོན་རང་ཉིད་ཀྱི་མཁས་པ་ཚོས་མཛད་པའི་ཡིག་སྙིང་སྣ་གཅིག་སྣ་གཅིག་ལག་ཏུ་མ་སོན། ཅེས་དང་། བོན་པོའི་ཆོས་ཡོངས་རྫོགས་བསྡུས། ཞེས་དང་། གཡང་སྒྲུབ་པ་དང་། མདོས་གླུད་གཏོང་བ། རོ་བསྲེག་པ། ལྷ་བསངས་གཏོང་བ། ཧོམ་བསྲེག་པ་སོགས་ཁག་གཅིག་མེད་པར་མ་བཟོས་པར་བཞག་ཅིང་། སངས་རྒྱས་ཆོས་ལུགས་པས་ནང་དོན་བསྒྱུར་ནས་རྣམ་པ་རང་སོར་བཞག་སྟེ་བེད་སྤྱོད་བྱས་ཡོད་པ་དང་། དེ་མཚུངས་བོད་སིལ་བུའི་དུས་སྐབས་སུ་གསར་དུ་དར་བའི་བསྒྱུར་བོན་གྱིས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཡོངས་རྫོགས་བོན་པོའི་ཆོས་ལུགས་ཀྱི་ནང་དོན་དུ་བསྒྱུར་ནས་རིག་པའི་གཞུང་ལུགས་ཡོད་པའི་བོན་གཞུང་ཞིག་གསར་དུ་བཟོས་པ་བཅས། ཞེས་པ། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ། མི་རིགས་དཔེ་སྐྲུན། ༡༩༨༣ ཤོག་གྲངས་༢༨དང་༢༩ ན་བྲིས།

    རྒྱ་གར་རིག་གཞུང་གི་ཤན་ཤུགས་མ་ཞུགས་པའི་བོད་དཔེ་ཡོངས་གྲགས་ཡིན་པ་ཞིག་ལ་ལྟ་འདོད་ཆེ་བས། དཔེ་ཆའི་མིང་འདོན་པར་ཞུའོ།།

  26. གང་བ་བཟང་པོ་ says:
    2013-08-11 at 9:18 am

    རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས་ཡིན་འདུག ནོར་པ་ལ་དགོངས་དག

  27. ཨ་དམར་པོ། says:
    2013-08-11 at 11:22 am

    མཆད་འགོད་པ་མང་པོ་ཞིག་གིས་ཀླུ་སྨྱོན་གྱི་ཚིག་དུམ་དེར་བསྔགས་བརྗོད་ཀྱི་མེ་ཏོག་མང་པོ་ཞིག་འཐོར་འདུག དེ་འདྲའི་གདམས་ངག་ཟབ་མོ་གཅིག་ཀྱང་མི་འདུག ཇི་བཞིན་བརྗོད་པའི་རྩོམ་འབྲི་བ་ལས་དང་པོ་བར་དེ་འདྲ་བཤད་ན་སྐྱོན་མེད་པ་ཙམ་རེད། བརྩམས་སྒྲུང་འབྲི་བའི་ལམ་ཞུགས་པ་ཞིག་ཡིན་ན། ཅི་ཞིག་འབྲི་དགོས་པ། ཅི་ལྟར་འབྲི་དགོས་པ། ཅིའི་ཕྱིར་འབྲི་དགོས་པ་གསུམ་གྱི་མངོན་རྟོགས་མེད་ན་བརྩམས་སྒྲུང་འབྲི་མི་ཤེས་པ་ཐག་བཅད་ནས་བྱེད་ཆོག མཆན་བ་ཚོ། ཁྱེད་ཚོའི་རྟོན་ཡུལ་གང་ཡིན་པ་ངས་ཤེས་ཀྱི་མི་འདུག དོན་གང་ཞིག་ཚིག་གྲུབ་ཏུ་འགོད་སྟངས་སྦྱོར་བརྡར་ཙམ་གྱིས་བརྩམས་སྒྲུང་གཏན་ནས་འབྲི་མི་ཤེས། རྩོམ་གཞུང་དང་། བརྩམས་ཆོས། དཔྱད་བརྗོད། རྩོམ་བྱུང་ལོ་རྒྱུས་སོགས་ལས་རྒྱུན་ཤེས་རེ་གོ་ཐོས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་འུ་ཚོའི་འོས་འགན་རེད། དེ་མིན་མི་ཞིག་གི་གདམས་ངག་གམ་ཕྱིན་རླབས་ལ་རེ་ནས་གང་བློ་མ་བཏོན་ན་ཡོད་ཚད་འགྲུབ་མི་སྲིད་དོ།།

  28. lobsang199 says:
    2013-08-11 at 11:43 am

    སངས་རྒྱས་ཀྱི་རྣམ་ཐར་འབྲི་ན་ལག་པས་ཕྲིས།
    སངས་རྒྱས་ཀྱི་རྣམ་ཐར་བཤད་ན་ཁ་ནས་ཤོད།
    སངས་རྒྱས་ཀྱི་རྣམ་ཐར་བསྒོམ་ན་ཡིད་ཀྱིས་སྒོམ།

  29. lobsang199 says:
    2013-08-11 at 12:02 pm

    རིག་གནས་འབྲི་ནས་ཤེས།
    ཚད་མ་རྩོད་ནས་ཤེས།
    ལྟ་བ་(དབུ་མ། ཕར་ཕྱིན།)སྒོམ་ནས་ཤེས།
    མཛོད་འདུལ་རྩིས་ནས་ཤེས།

  30. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-08-11 at 4:02 pm

    རིག་གནས་འབྲི་ནས་ཤེས།
    ཚད་མ་རྩོད་ནས་ཤེས།
    ལྟ་བ་(དབུ་མ། ཕར་ཕྱིན།)སྒོམ་ནས་ཤེས།
    མཛོད་འདུལ་རྩིས་ནས་ཤེས།
    ་
    ལེགས་བཤད་དུ་འདུག་པས་བློ་བསྐྱེད་བྱུང་། འོན་ཀྱང་ཚིག་འགྲོ་སྟངས་ཀྱིས་འདི་ལྟར་འབྲི་ན་ལེགས་ཏེ།
    ་
    རིག་གནས་འབྲི་ན་ཤེས།
    ཚད་མ་རྩོད་ན་ཤེས།
    ལྟ་བ་(དབུ་མ། ཕར་ཕྱིན།)སྒོམ་ན་ཤེས།
    མཛོད་འདུལ་རྩི་ན་ཤེས།
    ་
    ཡང་ན། ནས་ཞེས་པ་ལྷག་བཅས་ ཏེ དེ་ སྟེ་ གང་རུང་གི་ཚབ་ལ་བྱེད་ན། ལྷག་བཅས་ལ་བྱ་ཚིག་ལ་འདས་པ་དགོས་ཏེ།
    ་
    རིག་གནས་བྲིས་ནས་ཤེས།
    ཚད་མ་བརྩོད་ནས་ཤེས།
    ལྟ་བ་(དབུ་མ། ཕར་ཕྱིན།)བསྒོམས་ནས་ཤེས།
    མཛོད་འདུལ་བརྩིས་ནས་ཤེས།
    ་
    ཞེས་པ་ལྟ་བུ་ཡིན་སྙམ། ནོར་པ་ཀུན་དག་པར་མཛོད།

  31. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-08-11 at 9:25 pm

    ལྷག་བཅས་ལ་བྱ་ཚིག་ལ་འདས་པ་དགོས་ཏེ། ཞེས་པར་ལྷག་བཅས་ཀྱི་་བྱ་ཚིག་ལ་འདས་པ་དགོས་ཏེ། ཞེས་འདོན་ན་ལ་སྒྲ་གཉིས་བརྗོད་ཐུང་གཅིག་ན་མེད་ན་བདེ་བར་མངོན།

  32. ཀརྡོ་གཉེར་ཕྱག་པ་ says:
    2013-08-12 at 12:15 am

    སངས་རྒྱས་ཀྱི་རྣམ་ཐར་འབྲི་ན་ལག་པས་ཕྲིས། ཞེས་པའི་སྐུལ་ཚིག་བྲིས་ཀྱི་འབྲི་སྟངས་གསར་པ་༼ཕྲིས་༽འདི་ཡི་ཁུངས་གང་དུ་ཡོད་དམ། ལགས།

  33. དོན་འགྲུབ་མཚོ་མོ། says:
    2013-08-12 at 12:36 am

    དག་ཡིག་གསར་སྒྲིག་ལ་ལྟོས་དང་ཤེས་ངེས། ཕྲིས་ནི་སྐུལ་ཚིག་རེད

  34. རྒྱ་མཚོ་ཆེན་པོ་ says:
    2013-08-12 at 12:53 am

    རྩོ་མྱུར་ལམ་སྟོན་བསྡུས་སྐྱོན་འདུག གསལ་ཁ་ཆེ་ཙམ་གནང་ན་ལེགས།

  35. ཀརྡོ་གཉེར་ཕྱག་པ་ says:
    2013-08-12 at 1:06 am

    ༣༣༽ དོན་འགྲུབ་མཚོ་མོ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ གི་ཆུ་ཚོད་ ༠ སྐར་མ་ ༣༦
    དག་ཡིག་གསར་སྒྲིག་ལ་ལྟོས་དང་ཤེས་ངེས། ཕྲིས་ནི་སྐུལ་ཚིག་རེད
    ཞེས་པའི་ལན་གནང་བ་ར་བཀའ་དྲིན་ཆེ། འོནད་ཀྱང་། བོད་རྒྱ་ཚིག་མཛོད་ཆེན་མོར། ད་འདས་མ་འོངས་སྐུལ་ཚིག་ལ་རིམ་བཞིན། འབྲི་བ། བྲིས་པ་། བྲི་བ། བྲིས། ཐ་དད་པ། ཞེས་པ་འདི་དང་འདིའི་ཁཁུངས་བཅོལ་ས་ཚང་མ་ནོར་བ་ཡིན་ནམ། དོན་འགྲུབ་མཚོ་མོ་ལགས།

  36. lobsang199 says:
    2013-08-12 at 9:07 am

    སྐུལ་ཚིག་ལ་(བྲིས)བྲིས་ན་ཁ་ཆུ།
    སྐུལ་ཚིག་ལ་(ཕྲིས)་བྲིས་ན་ཁ་ཆུ།
    ད་ནས་ཟུང་སྐུལ་ཚིག་ལ་(བིརིས)་འབྲི་ཡི་ཡིན།
    དགེ་འཇམ་དཔལ་ལགས་ཀྱི་བཀའ་བཞིན་དུ་བགྱིད་དོ།།

  37. lobsang199 says:
    2013-08-12 at 12:06 pm

    སྐུལ་ཚིག་ལ་(བྲིས)བྲིས་ན་ཁ་མཆུ།
    སྐུལ་ཚིག་ལ་(ཕྲིས)་བྲིས་ན་ཁ་མཆུ།
    ད་ནས་བཟུང་སྐུལ་ཚིག་ལ་(བིརིས)་འབྲི་ཡི་ཡིན།
    དགེ་འཇམ་དཔལ་ལགས་ཀྱི་བཀའ་བཞིན་དུ་བགྱིད་དོ།།

  38. ཀ་ཁའི་རྫི་བོ། says:
    2013-08-12 at 1:38 pm

    རྒྱ་གར་གློག་བརྙན་ནང་བཞིན་སྒྲུང་རྩོམ་མང་པོ་ཞིག་མགོ་བརྩམས་དུས་མཇུག་གི་ལེའུར་ཚོད་དཔག་བྱ་ཐུབ་པས་དེ་ནི་བརྩམས་སྒྲུང་བཟང་བོ་ཞིག་མིན་པའི་རྟགས་རེད།

  39. བཙན་རྒོད། says:
    2013-08-12 at 2:04 pm

    མན་ངག་འདི་ལྟ་བུ་ཞིག་བརྗོད་པ་ངོ་མ་བཀའ་དྲིན་ཆེ་ཀླུ་བླ་རྫུན་ལགས།

  40. ཀརྡོ་གཉེར་ཕྱག་པ་ says:
    2013-08-12 at 5:08 pm

    སྐུལ་ཚིག་ལ་(བྲིས)ཞེས་བྲིས་ནས་ཁ་མཆུ་ཡོད་ན། ཁྱེད་རང་གི་ཁྲིམས་རྩོད་པ་ངས་བྱེད་ཆོག ཕྲིས་ཞེས་སྐུལ་ཚིག་འབྲི་མཁན་དག་ཕམ་པར་བྱ་ཐུབ་པར་ངེས་སོ།།

  41. ཚ་སྒང་ཕོ་ཉ་ says:
    2013-08-12 at 11:52 pm

    སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་སྒྲུང་རྩོམ་འབྲི་ཐབས་སྐོར་ལམ་སྟོན་གནང་བར་བཀའ་དྲིན་ཆེ། ཡིན་ན་ཡང་གུས་པའི་བསམ་ན་སྒྲུང་རྩོམ་ལ་ཡང་རྟོགས་སྒྲུང་དང་དངོས་སྒྲུང་སོགས་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པས། དངོས་སྒྲུང་འབྲི་བར་གོང་བཀོད་ཐབས་ལམ་དེས་ཕན་ངེས་ཀྱང་། རྟོགས་སྒྲུང་ལྟ་བུ་ཞིག་འབྲི་དགོས་ཚེ་རང་ཉིད་ཀྱི་ཉིན་གཅིག་གི་འཚོ་བ་རོལ་སྟང་ཉིན་ཐོར་བྲིས་པས་དེ་ཙམ་ཕན་རླབས་ཡོད་པ་མ་སེམས། རྟོག་སྒྲུང་ནི་འཆར་ཡན་གྱི་ལམ་ནས་རང་གི་རྣམ་རྟོག་གིས་ཇི་ཙམ་བཏགས་ཐུབ་མིན་དང་རྣམ་རྟོག་གིས་བཏགས་པ་དེ་དག་གོ་རིམ་སྙོམ་བསྒྲིགས་ཀྱིས་ཡི་གེའི་ལམ་ནས་གཞན་གྱི་མིག་རྣ་སོགས་ཀྱི་མདུན་དུ་གསོན་ཉམས་ལྡན་པའི་ངང་བཤམ་ཐུབ་དགོས་རྒྱུ་དེ་ཡིན་པས། དེ་ནི་དབང་ཤེས་ལྔ་ཡི་མྱོང་ཚོར་དང་ཡིད་ཀྱི་ཤེས་པའི་མྱོང་ཚོར་གཉིས་ལས་གཙོ་བོ་ཡིད་ཤེས་ཀྱི་མྱོང་ཚོར་དང་འབྲེལ་དགོས་པ་ཞིག་ཡིན་སྟབས། དབང་པོ་ལྔ་ལ་མྱོང་བ་སྟེར་ཐབས་བྱས་པས་དེ་ཙམ་ཕན་ནུས་མེད་སྙམ་མོ།

  42. lobsang199 says:
    2013-08-14 at 2:38 am

    ཕྱག་ལགས། ད་ནས་སྐུལ་ཚིག་བྲིས་མ་གཏོགས་ཕྲིས་མི་འབྲི་རྒྱུའི་དམ་བཅའ་ཡོད།
    འཇམ་དཔལ་ལགས། ད་ནས་ལྷག་བཅས་ལ་བྱ་ཚིག་འདས་པ་བཀོལ་རྒྱུའི་དམ་བཅའ་ཡོད།

  43. བཀྲ་ཤིས་དོན་འགྲུབ། says:
    2013-08-14 at 3:14 pm

    སྒྲུང་གཏམ་པ་ཞིག་ཏུ་འགྱུར་བར་འདོད་ན་ཐོག་མར་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་སྦྱོང་བརྡར་བྱ་དགོས། རྒྱུ་མཚན་ནི་སྒྲུང་གཏམ་འབྲི་བར་རྩོམ་རིག་གཞུང་ལུགས་ངོས་ཀྱི་བློ་སྦྱོང་ངེས་ཅན་ཞིག་མེད་ཚེ། གཏམ་རྒྱུད་ཀྱི་བྱུང་རིམ་གུང་སྒྲིག་པོ་ཙམ་གྱིས་སྒྲུང་གཏམ་གྱི་གོ་མི་ཆོད་ལ། དེ་འདྲའི་རིགས་ནི་སྒྲུང་གཏམ་མིན་པར་གཏམ་རྒྱུད་ཁོ་ན་ཡིན།

  44. མེ་རི། says:
    2013-08-15 at 10:04 am

    སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་མཁས་གཏམ་ཆེན་པོ་ཞིག་གནང་འདུག སྤྱིར་ཉིན་ཐོ་འབྲི་རྒྱུ་ནི་ཇི་བཞིན་བརྗོད་པའི་རྩོམ་རིག་དང་རྩོམ་རྩལ་སྦྱོང་བརྡར་དང་དྲན་ཤེས་གསོ་བྱེད་ཅིག་མ་གཏོགས། སྒྲུང་རྩོམ་འབྲི་བ་ལ་དམིགས་བསལ་འབྲེལ་བ་གང་ཡོད་མེད་གསལ་བྱེད་ཅིག་གནང་རོགས།

  45. དབྱངས་ཅན་འབངས། says:
    2013-08-15 at 12:42 pm

    ཉིན་ཐོ་རྒྱས་པོ་ཟླ་བ་གཅིག་བྲིས། དེ་ནས་སྒྲུང་རྩོམ་རྒྱུར་ཚོད་ལྟ་ཞིག་གྱིས་དང་དེ་ནས་བདེན་མིན་རོབ་ཙམ་ཤེས་ཐུབ།

  46. དབྱངས་ཅན་འབངས། says:
    2013-08-15 at 12:44 pm

     སྤྱིར་སེམས་ནང་གང་དྲན་འཛུབ་མོས་ཡིག་རིས་སུ་ཕབ་ཐུབ་མཁན་ཞིག་ཡིན་ཚེ། ཏན་ཏན་ཀླུ་ལགས་ཀྱིས་གསུངས་པ་དེར་ལག་ལེན་བསྟར་ན་སྒྲུང་རྩོམ་ཐད་ཡར་རྒྱས་མི་འགྲོ་བ་ལྷག་ཨེ་ཡོང་ན་བསམ། རྒྱུ་མཚན་ནི། ཁྱོད་ཀྱིས་ད་ལྟ་རང་འདས་མ་ཐག་པའི་སྐར་མ་ལྔའི་དྲན་ཐོ་གསོན་ཉམས་ལྡན་པ་ཞིག་བྲིས་དང་། དེ་གས་དཔོག་ཐུབ། 

  47. མེ་ཏོག་དཀར་པོ says:
    2013-08-16 at 1:59 am

    ངེ་མཐོང་བའི་ནང་ཉིན་ཐོ་དཔེ་འཇོག་ས་ཡག་ཤོས་བློ་བཟང་རྒྱ་མཚོའི་དུ་ཀུ་ལའི་གོས་བཟང་རེད་འདུག དེ་འདྲ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme