Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚན་རིག་ཕྱོགས་ལ་ཞེ་མ་བདེ།

Posted on 2013-08-07 By ཁ་བརྡ་ 73 Comments on ཚན་རིག་ཕྱོགས་ལ་ཞེ་མ་བདེ།

ཨོ་རྒྱན་ཉི་མ།

སྟོང་དང་རྟེན་འབྱུང་ཡང་དག་ལྟ་བའི་སྲོལ།།
སྲིད་འདིར་དྲང་བའི་དྲན་དབང་བྱེ་བ་དག།
རྒྱུ་མཚན་ཤེས་པའི་དད་པ་རབ་བརྟས་ཏེ།།
བྱང་ཆུབ་སྙིང་པོ་ཐོབ་ཀྱང་སྐྱབས་སུ་བསྙེན།།

སངས་རྒྱས་ཕྱོགས་སུ་ཞེན་ལྟས་བཅིངས་པ་མིན།།
ཚན་རིག་ལྟ་ལ་སྡང་ནས་དེ་བས་མིན།།
འོན་ཏང་གཤིས་ཀྱི་གནས་ལུགས་འཚོལ་བའི་ཚེ།།
དོན་མིན་ལྟ་གྲུབ་ཕྱོགས་ལ་ཞེ་མ་བདེ།།

གོང་ས་མཆོག་དང་ཚུལ་བློ་མཁན་པོ་གཉིས།།
ཚན་རིག་ལྟ་ལ་མཁས་པའི་དབང་པོ་ཞེས།།
གངས་ཅན་པ་ཡི་མགྲིན་པར་བདེ་ན་ཡང་།།
ཁ་བོ་ཚན་རིག་ཕྱོགས་ལ་ཞེ་མ་བདེ།།

རག་པ་ཐོ་བས་གཞུས་པས་རྡུལ་ཕྲན་དང་།།
དེ་ཡང་ཆ་མེད་གྱུར་ལ་སྟོང་ངོ་ཞེས།།
སྟོང་ཉིད་ཉི་ཚེ་འཛིན་པའི་ལྟ་བ་དང་།།
མཐུན་ཙམ་ཚན་རིག་ཕྱོགས་ལ་ཞེ་མ་བདེ།།

སྣང་ཙམ་ཉིད་ནས་སྟོང་པར་མཐོང་བ་དང་།།
སྟོང་གཞི་ཆོས་ཅན་དེར་རྟོགས་བློ་ཀུན་ཡང་།།
བདེན་མེད་རིག་པའི་ངང་དུ་ཐག་ཆོད་དུས།།
ཚན་རིག་མཁས་པའི་བློ་ལ་ཞེ་མ་བདེ།།

འདིར་སྣང་འཁོར་བའི་སེམས་ཅན་མཐོ་དམན་ཀུན།།
སྡུག་བསྔལ་གསུམ་གྱི་གཞན་དབང་གྱུར་བའི་ཚེ།།
གཉེན་པོ་བྱང་སེམས་ཡང་དག་ལྟ་བ་ལས།།
གཞན་མེད་ཚན་རིག་བསྟོད་ལ་ཞེ་མ་བདེ།།

ལྟར་སྣང་ཟས་གོས་གནས་མལ་ལོངས་སྤྱོད་དང་།།
འགྲིམ་འགྲུལ་ལ་སོགས་བདེ་བར་བདོག་ན་ཡང་།།
གཏན་གྱི་འདུན་མ་རླུང་ལ་བསྐུར་བཞིན་པའི།།
ཚན་རིག་བྱེད་པོ་དག་ལ་ཞེ་མ་བདེ།།

ད་ལོ་འདི་ཞེས་ཐག་ཆོད་བྱུང་ན་ཡང་།།
སང་ཕོད་དེ་ཞེས་རྫུན་རྐུབ་བརྟོལ་ངེས་པའི།།
ལྟ་གྲུབ་ཙམ་པོ་བྱིས་པ་བསླུ་བའི་ཐབས།།
ཚན་རིག་མཁས་པས་སྨྲ་ལ་ཞེ་མ་བདེ།།

ཀུན་གྱིས་མཐོང་ཐོས་གྱུར་བའི་དངོས་པོ་ལ།།
སྒྲོ་བཏགས་ཚིག་གི་སྲད་བུར་བཏགས་ན་ཡང་།།
ལྐོག་གྱུར་སེམས་ཀྱི་གཤིས་ལུགས་མ་མཐོང་དུས།།
ཚན་རིག་བྱིས་པའི་ཆོས་ལ་ཞེ་མ་བདེ།།

མེས་པོས་དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྲོལ།།
ཡ་རབ་སྤྱོད་བཟང་མ་ལུས་ཀུན་བརླགས་ཏེ།།
གང་ཡང་གཏད་སོ་མེད་པའི་འདོད་རྔམ་ཞིག །
སྐྱེ་འགྲོའི་ཡིད་ལ་བསྐྲུན་པས་ཞེ་མ་བདེ།།

སྐྱེ་འགྲོ་མི་ཡི་རང་དབང་འཕྲུལ་ཆར་བཅོལ།།
རང་བྱུང་འཁོར་ཡུག་རྩ་གཏོར་རྒྱ་ཡན་བཏང་།།
བཟའ་བཏུང་ཀུན་ལ་རྫས་ངན་དུག་གིས་འབག །
ཚན་རིག་བཅོས་མའི་ཕྱོགས་ལ་ཞེ་མ་བདེ།།

ཞེས་པ་འདི་ནི་ཚན་རིག་ལ་ལྟར་སྣང་ཙམ་ལས་ཕུགས་ཀྱི་བདེ་སྐྱིད་སྒྲུབ་བྱེད་ཅིག་མེད་པར་མ་ཟད། མ་འོངས་པར་ཚན་རིག་གི་བཅོས་མའི་རྫས་དང་། ཡོ་བྱད། འདི་དག་ལ་རྟེན་ནས་ང་རང་ཚོའི་ཟས་གོས་གནས་མལ་ཡོངས་རྫོགས་ལ་དཀའ་ངལ་ཅིག་འཕྲད་ངེས་པས། ད་ལྟ་ནས་ཚན་རིག་གི་དགེ་སྐྱོན་གང་ཡོད་རྟོགས་དགོས་པར་སེམས།

རྩོམ་རིག

Post navigation

Previous Post: དྲ་གྲོགས་ཤིག་དྲན་ཚུལ།
Next Post: སྲོག་ཁྲིམས་མ་བཅད་སྔོན་གྱི་དྲི་བ་དྲིས་ལན།

Comments (73) on “ཚན་རིག་ཕྱོགས་ལ་ཞེ་མ་བདེ།”

  1. གངས་དཀར་རྒྱལ་སྲས། says:
    2013-08-07 at 3:13 pm

    སྔོན་ཆད་གཡག་རྒན་ཞོན་ནས་འགྲོ་དུས་སུ།
    གཡག་གི་་བཟང་ངན་མ་གཏོགས་བཤད་རྒྱུ་མེད།
    དེང་སྐབས་འཕྲུལ་རྟ་ཞོན་རྒྱུ་བྱུང་བའི་དུས།།
    གཡག་རྒན་ཞོན་པའི་ལས་ལ་སུན་སྣང་སྐྱེས།།

    སྔོན་ཆད་ཅི་ཡང་མེད་ཀྱང་སེམས་པ་སྐྱིད།།
    དེང་སྐབས་ཚན་འཕྲུལ་མང་ཡང་སེམས་མི་ཁེངས།།
    ཡོད་པའི་སྒང་ལ་ཡོད་པ་བསགས་བྱས་ཀྱང།།
    ཡོད་པས་ཆོག་པའི་དུས་ཤིག་སྲིད་ན་དཀོན།།

    གསར་དར་སྣ་ཚོགས་གཅིག་ལས་གཅིག་མཚར་ཡང།།
    མཚར་བའི་སྒང་ལ་མཚར་བ་བརྩེགས་པ་ལས།།
    མཚར་བས་ཆོག་པའི་དུས་ཤིག་དཀོན་པ་འདི།།
    རང་སེམས་ཧམ་པ་ཉིད་ཀྱིས་བསྐྱེད་པ་རེད།།

    འདི་ལྟར་མཚར་མཚར་བརྩེགས་པའི་མཐའ་མ་དེར།།
    དུག་དང་འཕྲུལ་གྱིས་འཇིག་རྟེན་འཇིགས་ཉེན་པའི།།
    གནས་དེར་རྒྱལ་ཁབ་ཐམས་ཅད་བང་འགྲན་ནས།།
    རྒྱུགས་པའི་ཚུལ་འདིར་ཨེ་མ་ཡ་མཚར་ཆེ།།

    ཚན་འཕྲུལ་སྣ་ཚོགས་ཇི་ལྟར་དར་ན་ཡང།།
    མི་ཡི་ཧམ་སེམས་དེ་ཙམ་འཕེལ་བ་ལས།།
    ཆོག་པར་ཤེས་པའི་གནས་ཤིག་མ་མཆིས་པས།།
    ཆོག་ཤེས་བློ་ལ་གོམས་ན་འཇིག་རྟེན་བདེ།།

  2. ཐོས་པ་དགའ says:
    2013-08-07 at 3:43 pm

    ཚན་རིག་ཞེ་མ་བདེའི་མགུར་གླུ་དེ།
    སྙན་ལ་འཇེབས་ཀྱང་གུས་ང་ཞེ་མ་བདེ།
    ཐོག་མར་ཚན་རིག་ཆོ་འཕྲུལ་ཚན་རིག་མིན།
    ཟས་དང་ཁོར་ཡུག་བག་བཙོག་ཚན་རིག་མིན།

    སྔར་ནས་ཡིད་ལ་ཆེས་པའི་གནས་ལུགས་ལ།
    བདེན་པ་འཚོལ་བའི་ལུགས་དེ་འུ་ཅག་ཡིན།
    རང་ཉིད་འཛོལ་བར་བསྒྲུབས་པའི་ཚན་རིག་ནི།
    བདེན་པའི་གནས་ལུགས་འཚོལ་བའི་ཐབས་ཤིག་ཡིན།

  3. འདྲེ་རྐང་ཐོ། says:
    2013-08-07 at 8:57 pm

    ལྟ་རྒྱ་ཐོས་རྒྱ་ཅན་གྱི་འགྲོ་ལུགས་བཞིན།།
    བློ་དང་རིག་པས་བདེན་པང་འཁྱེར་ཡོང་སྟེ།།
    ཚན་རིག་པ་ལ་སྐྱོན་བརྗོད་དགོས་པ་ལས།།
    ཚན་ཉིད་རིག་པར་ཉེས་པ་ཅི་ཞིག་ཡོད།།

    དེང་སང་བླུན་པོ་གཡམ་རྒྱུག་དགའ་བ་འགས།།
    ཆོས་དང་ཆོས་པ་གཉིས་ཀ་སོ་སོ་རུ།།
    འབྱེད་པའི་བློ་མིག་རང་ལ་མེད་པ་རུ།།
    མ་མཐོང་ཆོས་ལ་རྒོལ་དང་གཅིག་པ་ཉིད།།

  4. ཅོག་མྱི། says:
    2013-08-07 at 9:10 pm

    ཚན་རིག་ཕྱོགས་ལ་ཞེ་ཞིག་མ་བདེ་ན།
    ཀློག་ཀླད་སྟེང་ནས་ཉོག་གཏམ་བཤད་ཐུབ་བམ།
    ཟམ་གདོང་ནས་བཟུང་བླ་ཕྲུག་ཨོ་ཉི་ཚོས།
    སྟོང་དང་རྟེན་འབྱུང་གྱེར་ནས་ཅི་ཞིག་སྐྲུན།

    ཚན་རིག་རྟེན་འབྱུང་ངོ་བོ་དབྱེར་མེད་ཅིང་།
    དོན་དམ་ཚན་རིག་འཆིང་ལས་ཐར་འདོད་ཉིད།
    རྒྱུ་འབྲས་བསླུ་བ་མེད་པར་སྒྲུབ་པ་འདི།
    ཀུན་རྫོབ་ཚན་རིག་པ་ཡི་ཐབས་ལམ་ཡིན།

  5. བཙན་བྱོལ་བ་ says:
    2013-08-07 at 9:13 pm

    དེང་སང་བོད་པའི་སྤྱི་ཚོགས་ནང་ཆོས་ལ་དགྲ་བྱེད་མཁན་ཇེ་མང་རེད། བོད་ནང་ནས་མི་རིགས་རིང་ལུགས་པར་རློམ་པ་དང་། རྒྱ་གར་ནང་ནས་མཚན་རིག་ལ་ཞེ་ཉེ་བ་དག་རེད།

  6. དགའ་སྐུ་ says:
    2013-08-07 at 11:39 pm

    ཚན་རིག་ལ་བག་ཟོན་དགོས་རྒྱུའི་ཨོ་རྒྱན་ཉི་མ་དང་མཆན་བུ་གངས་དཀར་དང་ཐོས་དགའ་ནས་ལེགས་པོ་བྲིས་འདུག་་་

  7. དྲན་དཀར་དཔལ་ཡོན་ says:
    2013-08-08 at 12:02 am

    ཨོ་ཉི་འདི་ཚུལ་ཁྲིམས་བློ་གྲོས་རེད་འདུག
    ཚུལ་བློ་འདི་ཨོ་ཉི་མ་རེད་གོ་ཨེ་སོང་།

  8. བཀྲ་ཡེ་ཚང་། says:
    2013-08-08 at 12:34 am

    རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རེད་ལོ། ཧཧཧཧཧཧཧཧ

  9. དྲན་དཀར་དཔལ་ཡོན་ says:
    2013-08-08 at 12:44 am

    རྒྱུ་མཚན་དང་ཁུངས་མི་དགོས་པའི་མི་འདི་ཚོ་སྐྱིད་པོ་རེད་འདུག ཧ་་་་་་་་་་་་

  10. ཨོ་རྒྱན་ཉི་མ། says:
    2013-08-08 at 1:10 am

    མིག་གིས་མཐོང་ཞིང་རྣ་བས་ཐོས་ན་ཡང་།།
    ད་དུང་མ་རེད་མི་འདུག་བཤད་ཕོད་པའི།།
    དྲ་འབུ་མགོ་ནག་ཆོས་དཀྲུག་ཆོལ་དཀྲུག་ཚོ།།
    ཉིན་ལྟར་མདུན་དུ་ལྷག་ལ་ཞེ་མ་བདེ།།

  11. མེ་ཏོག་དཀར་པོ says:
    2013-08-08 at 1:14 am

    ཨའི་ཕོན་ལག་དང་བྲལ་སྟོང་སྣང་ཤར།།
    ཚ་གློག་གྲང་གློག་མེད་དུས་ཉིན་མ་རིང་།།
    ལེབ་ཊོབ་མདུན་ནས་མེ་ཚེ་སྐྱེལ་བཞིན་དུ།།
    ཚག་རིག་ཁ་རྡུང་བྱེད་པར་ཞེ་མ་བདེ།།

  12. དྲན་དཀར་དཔལ་ཡོན་ says:
    2013-08-08 at 1:14 am

    གང་ཅན་པོ་དགོས་ཀྱི་ཡོད། གསུང་དང་ངས་འདི་འབྲི་ནོ་ཟེར་གི་ཡོད། ཡིན་ཁུངས་སམ་མིན་ཁུངས་གང་དགོས་གསུང་རོགས།

  13. ཨོ་རྒྱན་ཉི་མ། says:
    2013-08-08 at 1:15 am

    སྔ་མའི་འཕྲོས་་་་་་་་་་་

    མནའ་བོའི་མཁས་པའི་ལེགས་བཤད་དམ་པའི་ཆོས།།
    ཆབ་སྲིད་དཔལ་འབྱོར་འདི་ཕྱིའི་འཚོ་བ་དག།
    གཅིག་ལ་གཅིག་བརྟེན་འགྲན་རྩོད་ཉུང་ན་ཡང་།།
    ཁྱོད་ཤི་ང་གསོན་འགྱུར་ལ་ཞེ་མ་བདེ།།

    མི་ལོ་བྱེ་བར་རང་བྱུང་ཁམས་དང་འགྲོགས།།
    རང་བྱུང་འབྱུང་བའི་ནུས་པར་འཚོ་ཞིང་རྟེན།།
    ཚ་གྲང་འབྱུང་བའི་རེག་བྱར་བཟོད་ནུས་ཀྱང་།།
    དེང་སང་སོ་སོར་འགྱུར་ལ་ཞེ་མ་བདེ།།

    ས་འོག་ས་སྟེང་ས་བླ་གསུམ་པོར་ཡང་།།
    སྒྱོག་མདེལ་དུག་རླངས་རྡུལ་ཕྲན་མཚོན་ཆ་དང་།།
    ལྕགས་བྱ་གྲུ་གཟིངས་དམག་གི་ཡོ་བྱད་རྣམས།།
    བསྐྲུན་མཁས་ཚན་རིག་པ་ལ་ཞེ་མ་བདེ།།

    ནད་ངན་ཨེ་ཙི་ནུབ་ནས་ཤར་ལ་བཀྲམ།།
    སར་སི་ལ་སོགས་རིམ་ནད་སྣ་དགུ་དང་།།
    སྤྱོད་ངན་ཕྱོགས་བཞིར་འགྲེམས་ལ་ཆེས་མྱུར་བའི།།
    ཚན་རིག་གདོན་ཟོག་འདི་ལ་ཞེ་མ་བདེ།།

  14. དྲན་དཀར་དཔལ་ཡོན་ says:
    2013-08-08 at 1:19 am

    མིག་དང་རྣ་བ་སྣ་ཡང་ཡང་ཚད་མ་མིན། ཚན་རིག་པའི་རྗེས་འབྲང་རེད་འདུག་ག ཧ་་་་་་་་་་

  15. ཨོ་རྒྱན་ཉི་མ། says:
    2013-08-08 at 1:24 am

    ཚན་རིག་མཐོང་ཐོས་ཙམ་གྱིས་མི་ཤེས་ཀྱང་།།
    གང་གི་དགེ་སྐྱོན་ཕྱོགས་ལ་སེམས་ཙམ་ནས།།
    དཔྱོད་ལྡན་ཡིན་ན་གནས་སྐབས་མཐར་ཐུག་གི།།
    ལེགས་ཉེས་ཐམས་ཅད་ཁོང་དུ་ཆུད་ངེས་སོ།།

  16. དྲན་དཀར་དཔལ་ཡོན་ says:
    2013-08-08 at 1:28 am

    གོང་ས་མཆོག་གིས་ཆོས་རྒྱུད་རྣམས་གདན་ཐོབ་འདྲ་མཉམ་ཡོང་ཆེད་དུ་སྐུ་སྲོག་ཡང་་ཤོར་གྲབས་བྱས་མྱོང་། འདི་ཚུལ་བློས་ལེགས་པར་རྟོགས་ཡོད། དེའི་ཕྱིར་ཚུལ་བློ་ཨོ་ཉི་མ་རེད་ཟེར་གི་ཡོད།

    ཨོ་ཉི་ནི་རྙིང་མའི་གཅིག་སྤྱོད་པ་དགེ་ལྡན་པའི་འདྲེ་ཅན་པོ་དེ་རེད། དགའ་ལྡན་ཕོ་བྲང་ལ་རྒྱོབ་ཅན་པོ་དེ་རེད་འདུག མིན་ཁུངས་འདི་ཡིན

    ཨོ་ཉི་ཚུལ་བློ་ཡིན་པའི་ཁུངས་དགོས་འཁོ་ཡོད་ན་རྒྱས་པར་ཞུ་ཆོག

  17. དྲན་དཀར་དཔལ་ཡོན་ says:
    2013-08-08 at 1:43 am

    ཞེ་བདེ་སོང་ངམ། ཧ་ཧོ་ཚུལ་བློ་འདི་ད།

  18. ཨོ་རྒྱན་ཉི་མ། says:
    2013-08-08 at 1:47 am

    དགེ་ལྡན་འདྲ་བའི་ཁ་བཤད་མཁས་པ་དཀོན།།
    རྙིང་མ་འདྲ་བའི་དངུལ་ལ་དགའ་མཁན་དཀོན།།
    བཀའ་བརྒྱུད་དང་མཚུངས་ཐོབ་ལ་དགྱེས་མཁན་དཀོན།།
    ས་སྐྱར་རྗེས་འགྲོ་རིགས་རྒྱུད་མང་བ་དཀོན།།

  19. ཐོས་པ་དགའ says:
    2013-08-08 at 1:47 am

    ཚན་རིག་ཚན་རྩལ་དབྱེ་འབྱེད་མི་ཤེས་པར།
    ཚན་རིག་ཕྱོགས་ལ་དགག་སྒྲུབ་ངོ་མཚར་ཆེ།
    གཤིས་ཀྱི་གནས་ལུགས་འཚོལ་བ་ཚན་རིག་ཡིན།
    དགྲ་སྡེ་དཔུང་བཅོམ་དགོས་ན་ཚན་རྩལ་རྟེན།
    དེ་མིན་སྔོན་གྱི་ལེགས་བཤད་རྟེན་འབྱུང་གིས།
    རང་ས་སྦར་གང་མེད་པ་དེ་ལྟར་ལུས།
    དེ་ཕྱིར་དངོས་པོ་གནས་ལུགས་འཚོལ་དང་གཅིག
    རང་ཡུལ་ལོག་ནས་བསྟན་པ་རྒྱས་ཐབས་གཉིས།
    དེང་རབས་ཚན་རིག་མི་རྟེན་ལམ་གཞན་ཅི།

  20. ཨོ་རྒྱན་ཉི་མ། says:
    2013-08-08 at 1:50 am

    གོང་ས་མཆོག་ལས་ལྷག་པའི་སྐྱེས་བུ་དཀོན།།
    འཇིགས་མེད་ཕུན་ཚོགས་འདྲ་བའི་མཁས་གྲུབ་དཀོན།།
    གྲུབ་དབང་པད་ནོར་དང་མཚུངས་སྒམ་པོ་དཀོན།།
    འདི་གསུམ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན།།

  21. དྲན་དཀར་དཔལ་ཡོན་ says:
    2013-08-08 at 1:56 am

    ཨོ་ཉི་དངོས་གནས་ཚུལ་བློ་རེད་འདུག ཁས་བླངས་དང་ན་བཟང་གི རྩོམ་འབྲི་ན་བསམ་བློ་བཏང་ནས་ཕྲིས་ཨ།

  22. མེ་ཏོག་དཀར་པོ says:
    2013-08-08 at 2:15 am

    ཨོ་ཉོག་ཁྱོད་རྡོ་རྗེ་འཆང་ཟེར་བའི་རྒྱ་བླ་དེ་དང་འདྲ་བར་བླ་དེ་ཚོར་ངོས་འཛིན་གསར་པ་ཞིག་བྱེད་གི་འདུག ད་ཞོགས་ཁོང་གསུམ་མཁས་བཙུན་བཟང་གསུམ་ཡིན་པ་དེ་ག་ཤེད་ཅིག་གིས་སྤྲུལ་པ་ཡིན་ན་དེ་ཙམ་དགའ་ས་མ་རེད། བྱིས་པ་ཨ་མའི་ནུ་མ་ནུད་ནས་ཀ་ཁ་ཟེར་བཞིན་དཀའ་སྤྱད་སྡུག་ཁུར་གྱིས་དེ་འདྲ་བྱུང་བ་ཡིན་ན་དངོས་གནས་དད་པ། ཆོས་ལ་ཡིད་ཆེས་ཡོང་བ་འདུག

  23. དྲན་དཀར་དཔལ་ཡོན་ says:
    2013-08-08 at 2:19 am

    མེ་དཀར་མའི་ཡིག་རྩལ་སྐྱོ་རུ་འགྲོ་འདུག

  24. མེ་ཏོག་དཀར་པོ says:
    2013-08-08 at 2:31 am

    དགོངས་དག གཟབ་གི་ཡིན།

  25. བཀྲ་ཡེ་ཚང་། says:
    2013-08-08 at 2:49 am

    ཚན་རིག་ཚན་རིག་ཟེར་ནས་དོན་དུ་རྙིང་བླ་ཚོ་ལ་བསྟོད་པ་འཐེན་རྒྱུའི་འཆར་གཞི་རེད་མོ། ཨོ་ཉི་ཡ་ཨོ་ཉི་་་་

  26. ཨོ་རྒྱན་ཉི་མ། says:
    2013-08-08 at 3:19 am

    རང་ཕྱོགས་ཡོད་ཚད་ལྷར་འཛིན་བདག་ལ་མེད། །
    གཞན་དག་ཀུན་ལ་སྡང་བའི་སེམས་པ་མེད། །
    འོན་ཏང་བསྟོད་ཡུལ་ཡིན་མིན་དབྱེ་འབྱེད་ཅིག །
    ཤེས་པའི་རྣམ་དཔྱོད་མི་དམན་ཁོང་ན་བརྟས། །

  27. གླིང་ཕྲུག་། says:
    2013-08-08 at 3:20 am

    སྤྲུལ་ཨོ་་ཉི་གིས་ཡག་པོ་གསུངས་འདུག་།

  28. ཁྱི་རྒན། says:
    2013-08-08 at 3:34 am

    ཚ་རིག་ལག་པའི་འཕྲུལ་ཐབས་ལས་བྱུང་བའི།
    རང་ལ་ཡོད་དགུ་དགོས་པའི་ཕ་རོལ་ནས།།
    གང་ཞིག་ཉེས་པའི་དམོད་དགུ་འདེབས་བྱས་ཏེ།།
    མི་དགོས་ཁ་ཡིས་བཤད་ལ་བློ་མ་བདེ།།

  29. དྲན་དཀར་དཔལ་ཡོན་ says:
    2013-08-08 at 3:46 am

    ད་བྱིངས་སྨྱོ་བཤད་འདྲ་མོ་བྱེད་ཀྱིན་འདུག། རང་ཚོད་མི་ཟིན་པའི་དྲ་འབུ་འདི། དགའ་ལྡན་ཕོ་བྲང་ལ་གཤེ་གཤེ་ནས་ཁ་རལ་གྲབས་འདྲ་ཅིག་ཡོད་མི་འདི་རྙིང་མའི་འདྲེ་ཡིན། དགའ་ལྡན་ཕོ་བྲང་ག་ཚོད་ངན་ཟེར་ན་དགྱ་ནག་གི་སྡང་ས་གཙོ་བོ་ཡིན་ནི་རེད།
    ཁོ་རང་ཚུལ་ཁྲིམས་བློ་གྲོས་རེད། ཡིན་ནའང་ཚུལ་ཁྲིམས་བློ་གྲོས་ཁོང་མ་རེད། འདི་གསལ་བཤད་ཡིན།

    སུན་སོང་ད་འགྱོ་བགྱིད་ཡིན། ཕྱིར་ཡོང་ན་ཐང་།

  30. ཨོ་རྒྱན་ཉི་མ། says:
    2013-08-08 at 3:46 am

    ཁྱི་རྒན་གཅོས་གཏམ་རང་རེད། ཚ་རིག་་་་་་་་་་་་་་་་་་་་་་་་་་་ཧཧཧཧ

  31. ཨོ་རྒྱན་ཉི་མ། says:
    2013-08-08 at 3:56 am

    ང་ནི་སེམས་གཏིང་ནས་དགེ་ལྡན་པ་ལ་དགའ་མཁན་ཞིག་ཡིན་རུང་། དགའ་ལྡན་ཕོ་བྲང་ལ་མི་དགའ། གང་ཡིན་ཞེ་ན་དགའ་ལྡན་ཕོ་བྲང་པས་བོད་ལ་བྱས་རྗེས་གཅིག་ཀྱང་བཞག་མེད།

  32. ཨོ་རྒྱན་ཉི་མ། says:
    2013-08-08 at 4:02 am

    རྫུན་དང་གཡོ་སྒྱུ་གཉིས་ཀྱི་ཐོ་བ་ཡིན།།བསྟན་བཤིགས་ཕུང་གསུམ་པ་ཡི་གཤེད་མ་ཡིན།།དྲང་བདེན་སྲང་ལ་གཞལ་བའི་སྲོང་བོ་ཡིན།།སུ་དང་གང་ལ་མི་ཁྲེལ་དཔའ་བོ་ཡིན།།

  33. དྲན་དཀར་དཔལ་ཡོན་ says:
    2013-08-08 at 4:08 am

    ལོག་བཤད་མ་རྙིང་མའི་འདྲེ་རྒན་ལགས།

  34. དྲན་དཀར་དཔལ་ཡོན་ says:
    2013-08-08 at 4:19 am

    ལོག་བཤད་རྐྱང་རྐྱང་མ་བྱས་རྙིང་མའི་འདྲེ་རྒན་ལགས། དོལ་རྒྱལ་གྱིས་བསྟན་དགྲ་དགའ་ལྡན་ཕོ་བྲང་ལ་རྒྱོབ་ཟེར་ནི་རེད།
    རྙིང་མའི་འདྲེ་རྒན་གྱིས་དེ་ལྟར་ཟེར་བགྱི་ཡིན་ནམ། བྱས་རྗེས་བཞག་མཁན་སུ་རེད་འདོད་ཀྱིན་ཡོད། དགྱ་ནག་ནི་དེ་ལས་གྱང་ཡིན་བགྱི་མ་རེད།

  35. ཁྱི་རྒན། says:
    2013-08-08 at 4:22 am

    ཨོ་ཉི་རྒྱོ་རྒན། ན་གཅིག་ཆད་ས་ལ་དེ་ཙམ་ཁ་ཕོ།།་་་་་་་་་་་་་་

  36. རྨུ་ཐག་གི་བུ་རྒྱུད། says:
    2013-08-08 at 7:23 am

    ཚན་རིག་བཟའ་བཞིན་ཚན་རིག་མི་བཟང་ཟེར།།
    ཚན་རིག་འཐུང་བཞིན་ཚན་རིག་དུག་ཡིན་ཟེར།།
    ད་ནི་འཇིག་རྟེན་འདི་ན་སུ་ཞིག་གིས།།
    མུན་པ་བསལ་ཡོང་སྙམ་དུ་ཞེ་མ་བདེ།། ཧ་ཧ་ཧ། ཀུ་རེ་ཡིན་ལགས།

  37. ཨོ་རྒྱན་ཉི་མ། says:
    2013-08-08 at 7:24 am

    ན་གཅིག་ཆད་ན་དོན་དེ་སྟོར་བ་རེད།།
    བརྗོད་དོན་མེད་པའམ་ལོག་པར་གོ་བ་ཡི།།
    ཡིག་ཚོགས་སྤུངས་ལ་ལག་པ་ན་བར་ཟད།།
    ཁྱི་རྒན་ཕུར་རྩ་སྲུངས་ལ་སྒོ་ཉལ་གྱིས།།

    རྩེད་མོ་ཡིན། ཧཧཧཧཧ

  38. ཅོ་རི་ཉི་མ། says:
    2013-08-08 at 10:48 am

    # 156 Time:2013-6-3 9:31:46 Ip:183.220.254.148
    ? མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་པ་ཚོར་གསལ་བཤད་བྱེད་རྒྱུ་ཞིག་ལ།ཕུ་འུ་དགོན་པ་ནས་ཡིན་པའི་འོད་འབར་སོགས་ཀྱིས་རྒྱུན་ཏུ་ངན་བསྐུར་འོག་ཏུ་ཡོད་པའི་སྐལ་ལྡན་ཟེར་བའི་གྲྭ་བ་དེས་གྲྭ་ཆུང་མགར་ཟ་ལགས་ལ་ཚད་མ་ལ་སློབ་སྦྱོང་བྱས་པས་རྐྱེན་གྱིས་གཅར་བརྡུང་ནན་མོ་བྱས་ཡོད་པ་དྲ་ཐོག་འགོད་ཟིན་པ་ལ་གཟིགས་དང་། ང་ཚོའི་གྲྭ་བའི་ཁྲོད་འདིར་འདི་འདྲའི་ཚད་མ་དང་བརྡ་སྤྲོད་སོགས་ལ་བཀག་སྡོམ་བྱེད་མཁན་མང་པོ་འདུག་ན་རྣམ་པ་ཚོས་དེ་ལ་དགོངས་ཚུལ་ག་འདྲ་འདུག སྐལ་ལྡན་ཟེར་བ་དེས་ཁ་ནས་བཤད་རྒྱུ་ལ་ཁྱོད་ཀྱིས་ཚད་མ་ལ་བལྟ་རྒྱུ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་ལས་ཡང་འདའ་སོང་ཞེས་བཤད་ཡོད་པས་ཚུལ་ཁྲིམས་བློ་གྲོས་ཀྱིས་དེར་ལྟར་བཀག་གི་ཡོད་པ་བདེན་པ་ཨེ་ཡིན་སྙམ། ཕལ་ཆེར་བདེན་ཡང་སྲིད་དེ། ཁོས་རྒྱུན་ཏུ་བསྡུས་གྲྭ་ཆོས་མིན་པས་དེ་ལ་སློབ་སྦྱོང་བྱས་པར་དགོས་པ་མེད་ཅེས་བཤད་པ་མང་པོའི་ངག་ནས་ཐོས་སོང་། གསེར་མྱི་རྒོད་ཀྱིས།
    http://sangdhor.com/blog_c.asp?id=9290&a=menzhu

    ཨོ་ཉི་ལགས། དྲན་དཀར་དཔལ་ཡོན་ལགས་ཀྱི་སྐད་ཆ་དང་གཅིག གོང་གི་མཆན་བུ་དེའི་བརྗོད་བྱ་དང་གཉིས། ཁྱོད་ཀྱིས་ང་ལ་བསྡུས་གྲྭ་མ་གཏོགས་ཤེས་ཀྱི་མ་རེད་ཅེས་ཁ་རྡུང་ཐེངས་མང་པོ་བཏང་སྟངས་གསུམ། རྒྱུ་མཚན་འདི་དག་ལ་བརྟེན་ནས་ངའི་སེམས་ལ་དོགས་པ་ཆེན་པོ་ཞིག་བྱུང་།

    ༡་་་ཨོ་ཉིའི་སྐད་ཆ་འདི་དག་དང་ཚུལ་བློའི་བར་དུ་འབྲེལ་བ་འདུག་བསམས་པའི་དོགས་པ་བྱུང་།
    ༢་་་ཁྱོད་ཚོས་དོན་ངོ་མའི་ཐོག་ནས་བསྡུས་གཞུང་ཆོས་མ་རེད་བསམས་ཀྱི་ཡོད་ས་རེད་བསམས་པའི་དོགས་པ་བྱུང།
    ༣་་་རེད་དམ་མ་རེད། དྲང་པོ་གསུང་དང་། དེ་འདྲ་ཡིན་ན་སྐད་ཆ་ཡོད།།

  39. བན་དེ་བ། says:
    2013-08-08 at 11:04 am

    གསེར་རྟ་ནས་བྱུང་བའི་དགེ་བཅུའི་ཁྲིམས་སམ་སྲོལ་དང་འབྲེལ་བའི་དོན་དངོས་གནས་ཚུལ་སྣ་ཚོགས་ལས་ཁག་དང་པོ།

    དངོས་ཚུལ་དང་པོ།
    སྟོང་བཟའ་ཚོ་བ། མ་ཡི་མིང་ལ་རྩོག་སྡེས་ཟེར་ཞིང་བུ་ཡི་མིང་ལ་ཚེ་ཕྱུག་ཟེར། ཁོ་ནི་བསོད་དབང་ཟེར་བ་ཞིག་གི་བྱིས་ཕྲུག་ཡིན། ཁྱིམ་ན་ཁོ་ལ་བདག་བྱེད་པའི་ཕ་ངོ་མ་ཞིག་མེད་པས། ཁྱིམ་ཚང་རྒན་མོ་མོས་སྐོར་ཞིག་ཡིན། ཨུ་རྒྱན་ཚེ་རིས་ཟེར་བའི་དཔོན་པོ་དང་ཕྱུག་པོ་ཞིག་ཡོད། དེ་ཚང་གི་ཁྱིམ་རྐུས་བཙུགས་ནས་ཁོ་ལ་ཞོག དེ་རྗེས་བསྟན་དར་ལ་དྲིས་ནས། བསྟན་དར་གྱིས་མུ་མཐུད་དུ་རྩད་གཅོད་བྱས་པ་དང་། དགེ་བཅུ་ལ་ཕན་པ་ཡོད་ལ་དགེ་བཅུ་དག་བྱེད་ལ་ནུས་པ་ཐོན་ངེས་ཞིག་ཅིས་ཀྱང་བྱེད་དགོས་ཟེར་བས། དེ་ལ་ནན་མོས་ཞིབ་བཤེར་དང་རྡུང་རྡེག ཐ་ན་ཟ་མ་དང་གཅིན་སོགས་བཀག་པས། མཐར་ཨུ་ཐུག་ཐབས་ཟད་དུ་གྱུར་ནས། རང་སྲོག་མི་གཅོད་ཀ་མེད་དུ་གྱུར།

  40. བན་དེ་བ། says:
    2013-08-08 at 11:05 am

    དངོས་ཚུལ་གཉིས་པ།
    ཞོ་ཚང་གི་ཚོ་བ། རྭ་མང་པད་མ་ཟེར་བ་ཞིག་གིས་ཁོ་རང་གི་སྒོ་ཟོག་བཙོངས་པས་དགེ་ཁྲིམས་ལ་འགལ། དེའི་རྐྱེན་གྱིས་ཁོ་ལ་ཆོས་སྒོ་བརྒྱབ། དེ་རྗེས་དེ་ཚང་གི་བྱིས་པ་ཞིག་ཤི་བ་དང་། ཆོས་སྒོ་ཕྱེ་རྒྱུར་ཞུ་བ་མང་བོ་བཏོན་ཀྱང་ཆོས་སྒོ་མ་ཕྱེས། མཐར་བླ་སེར་གཅིག་ཀྱང་མ་ལོན་པར། སྡུག་ཐུག་ནས་བྱིས་པའི་རོ་དེ་ཁོ་རང་གིས་ཆུ་ནང་དུ་གཡུགས་དགོས་བྱུང་།

    དངོས་ཚུལ་གསུམ་པ།
    ཞོ་ཚང་ཚོ་བའི་སྟོང་གསལ་ཟེར་བ་ཞིག་གིས་སྒོ་ཟོག་བཙོངས་པས་དེ་ལ་ཆོས་སྒོ་བརྒྱབ། རྗེས་སུ་པད་གྲགས་ཟེར་བ་ཞིག་གིས་ཁོའི་ཆུང་མ་མེ་ཏོག་ཟེར་བ་བསད་པ་དང་ཁོ་རང་ཉིད་ལ་ཡང་རྨས་སྐྱོན་ཚབས་ཆེན་བཟོས། ཁོས་ཆུང་མ་ལ་དགེ་རྩ་བསྒྲུབ་སྐབས། དགེ་བསྐོས་དང་བསྟན་དར་སོགས་ཀྱིས་བླ་སེར་གཅིག་ཀྱང་འགྲོ་མི་ཆོག་པའི་ཁྲིམས་མཛད། རྗེས་སུ་དེ་བཤགས་པ་ལ་སྒོར་ཁྲི་གཅིག་དང་རྟ་བཤགས་ཤོར་བ་རེད།

    དངོས་ཚུལ་བཞི་པ།
    ༢༠༠༧ལོར། སྟོང་བཟའ་བྷུད་དྷ་སྐྱབས་དང་། ཁེས་སྐོར་ལྷུན་འགྲུབ། ཞོ་ཚེ་དབང་གསུམ་ལ་དགེ་བཅུ་དག་ཐེར་སྐབས། མཆོད་རྟེན་ནང་གི་གནོད་སྦྱིན་བང་མཛོད་ཀྱི་རྐུ་བཙུགས། ཁོ་ཚོར་ཁས་ལེན་རྒྱུ་མེད་པས། གནས་དབྱུང་བྱེད་རྒྱུ་བྱས། མཐར་བྷུད་དྷ་སྐྱབས་དང་ལྷུན་འགྲུབ་གཉིས་ཀྱིས་ཁས་ལེན་སྣ་གཅིག་མ་བྱས་ན་ཡང་། ཁས་ལེན་བྱས་སོང་ཟེར་ནས་མང་ཚོགས་ལ་བསྒྲགས། ཚེ་དབང་གིས་ཁས་མ་བླངས་པའི་ཁེ་ད་དུང་སྐད་ཆ་ནན་མོ་བཤད་པས། ཁོ་ཚང་གི་ཕ་རིག་ཚེ་ཚང་གི་སྦྲ་གཞི་འཁོར་བ་ཐབ་ཐོག་ཐུམ་པུ་བྱས། དེ་རྐྱེན་བྱས་ནས་ཁོ་དང་ཁོའི་རོགས་པ་གཉིས་གྱོད་ལ་ཐུག་ནས་༢༠༡༡ལོ་ཡང་ཡང་དམེ་བརྒྱབ། འོན་ཀྱང་བླ་དཔོན་ཚོས་དེའི་གྱོད་བཤད་མི་ཆོག་པ་བྱས་ནས་མནན། ༢༠༡༢ལོ་ཡང་འཛིང་རེས་བྱས། པད་འཇིགས་དང་ལྷུན་འགྲུབ་གཉིས་ཀྱིས་བཤད་པ་ལྟར་ན། དཔོན་པད་འཇིགས་དང་བསྟན་དར་གཉིས་ཀྱིས། ཁས་ལེན་བྱོས་དང་བཤགས་པ་གང་ཡང་མི་དགོས་པར་གནད་མེད་བྱེད་རྒྱུ་དང་། མང་ཚོགས་ཁྲོད་བསྒྲགས་རྗེས་གནད་བཤགས་ཀྱང་མི་དགོས་ཟེར།

  41. བན་དེ་བ། says:
    2013-08-08 at 11:06 am

    དྲ་གྲོགས་ཅོ་རི་ལགས་ཀྱིས་གསུངས་བ་དེ་གོང་དུ་དྲངས་ཡོད།

  42. ཨོ་རྒྱན་ཉི་མ། says:
    2013-08-08 at 12:20 pm

    བསྡུས་གཞུང་ཆོས་མ་ཡིན་ཏེ། ལུང་རྟོགས་གཉིས་ཀྱིས་མ་བསྡུས་པའི་ཕྱིར།

  43. རོང་པོ་མཇོ་ན་ནས་ says:
    2013-08-08 at 2:10 pm

    བུམ་པ་དང་ཀ་བ། ཆོས་ཅན། ཤེས་བྱ་ཡིན་ཏེ། མི་རྟག་པ་ཡུན་པས་ཕྱིར། ཞེས་པའི།་མི་རྟག་པའི་རྟག་ཀྱིས། དེ་རེ་རེ་ནས་ཤེས་བྱ་སྒྲུབ་པའི་རྟག་དང་ལུང་ཏོག་གི་ཆོས་གང་གང་ཡང་མ་ཡིན་པ་ཐལ།འདོད་ན་འཁོར་བའི་ཕུན་ཚོགས་རེ་རེ་ནས་མི་རྟག་པར་སྒྲུབ་པའི་ལུང་ཏོག་གི་ཆོས་ཞིག་ཞོག་དང་།

  44. ཨོ་རྒྱན་ཉི་མ། says:
    2013-08-08 at 2:14 pm

    རོང་པོ་བོད་ཡིག་མ་ཤེས་ན་བོད་པ་མིན་རྫོས།

  45. རོང་པོ་མཇོ་ན་ནས་ says:
    2013-08-08 at 2:17 pm

    ལུང་རྟོག་གི་གནད་ཤེས་ན་ཕེབས་དང་།

  46. རོང་པོ་མཇོ་ན་ནས་ says:
    2013-08-08 at 2:20 pm

    གང་གི་ནོར་བཅོས་་་་ཡིན་པའི་ཕྱིར་དང་ལུང་རྟོག་་་ལ་་་བཅོས་རོགས་་་

  47. ཅོ་རི་ཉི་མ། says:
    2013-08-08 at 2:20 pm

    ཨོ་ཡ་་་ཨོ་ཉི་ལགས། མི་རྟག་པ་བསྟན་པའི་བསྟན་བཅོས་ཆོས་ཅན། ཆོས་མ་ཡིབ་པར་ཐལ།་་་་་་་་ཡིན་ད་ལན་ཁུར་ཤོག་ཨ

  48. ཨ says:
    2013-08-08 at 2:30 pm

    ཅི་ཡི་དོན་དག་གང་ཡང་མ་ཤེས་ནས།
    བློ་མ་བདེ་ཚུལ་འདི་ལ་ངོ་མཚར་པ།
    མི་དགོས་དོན་ལ་མགོ་བོ་འཁོར་མཁན་དག
    དགོས་པའི་དོན་ལ་མི་འཇོན་པ་ཚོའི་གཤིས།
    བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གཉིས་བརྒལ་ཏེ།
    རང་སྲེག་བྱས་པས་བོད་དོན་རྩོད་ཀྱིན་ཡང་།
    རྒྱལ་ཁའི་ངོས་འཛིན་འདི་དང་དེ་ཞེས་པ།
    འབྱུང་གིན་མེད་པར་ཁྱོད་ཚོའི་ཞེ་བདེ་རོགས།
    ཆག་འཇིག་མཚམས་ཀྱི་ཕ་ཡུལ་དེའི་དོན་དུ།
    བོད་ཅེས་ཆོལ་གསུམ་ས་ཆ་གང་ས་ནའི།
    རང་མིས་ངོ་རྒོལ་དགྱ་ལ་རིམ་བགྱིས་ཀྱང་།
    ནུས་མི་ཐོན་པར་ཁྱོད་ཚོའི་ཞེ་བདེ་རོགས།
    རང་དབང་ལུང་པར་ཡོད་ཕྱིར་རེད་བསམས་ནས།
    ཉིན་མཚན་བསྟུད་མར་རང་གིས་ཁྱོག་ཚོད་ཅིག
    རང་རེའི་ཆེད་དུ་འབད་པའི་རིགས་སྤུན་ཚོར།
    རོགས་རམ་མེད་པར་ཁྱོད་ཚོའི་ཞེ་བདེ་རོགས།
    སྨྲ་བརྗོད་རང་དབང་འགོག་འདོད་ངར་མེད་ཀྱང་།
    བཤད་བྱའི་གནད་དོན་གང་ལ་བསམ་ཚུལ་ཙམ།
    མ་བསམ་ས་ནས་འགའ་རེ་འཆོར་སྟངས་འདི།
    ཐེངས་རེར་ལ་རྒྱ་ཅན་ཚོའི་རང་བཞིན་ཞིག

  49. རོང་པོ་མཇོ་ན་ནས་ says:
    2013-08-08 at 2:41 pm

    ཚུལ་གསུམ་ཚད་མས་སྒྲུབ་པའི་དྲྭ་ངོས་ནས།།
    ཁྱེད་ཀྱི་འདོད་ལན་མེད་ལ་ཞེ་མ་བདེ།།
    རིགས་པས་ཐལ་ངག་གཏང་པའི་བསྡུས་གྲྭའི་གཞུང་།།
    ལུང་རྟོགས་གང་མིན་ཟེར་ལ་ཞེ་མ་བདེ།།

  50. ཅོ་རི་ཉི་མ། says:
    2013-08-08 at 3:16 pm

    བསྡུས་གྲའི་རིགས་ལམ་མེད་པའི་མཁན་པོ་ཞིག
    ཚུལ་གསུམ་རིགས་པ་མེད་པའི་མཁས་དབང་ཞིག
    རི་ཁུག་ཡིག་རྨོངས་དཀྱུས་ཏུ་ཆེ་ནའང།
    རིགས་སྨྲ་ཅོ་རིའི་མདུན་དུ་ཆེ་རྒྱུ་མེད།་་་ཧཧཧ

  51. རོང་པོ་མཇོ་ན་ནས་ says:
    2013-08-08 at 3:26 pm

    ཨོ་ཉི་ལགས་་ལན་མེད་པས་་་

  52. ཨོ་རྒྱན་ཉི་མ། says:
    2013-08-08 at 3:26 pm

    ཁ་དོག་དཀར་དམར་ཨ་མའི་གམ་ནས་ཐོས།།
    ཚུལ་གསུམ་རིགས་པ་ཨ་ཕས་ཁོ་བོར་བསླབ།།
    ཚད་མ་རྣམ་གཉིས་ཆུང་འདྲེས་གྲོགས་པོ་ཡིན།།
    གདན་ས་འགྲིམས་ནས་སྦྱང་པ་དོན་དགོས་ཆུང་།།
    ཧཧཧཧ

  53. ཨོ་རྒྱན་ཉི་མ། says:
    2013-08-08 at 3:29 pm

    བསྡུས་གྲ་ཆོས་ཅན། དམ་ཆོས་མ་ཡིན་ཏེ། ལུང་རྟོགས་གང་རུང་མ་ཡིན་པསི་ཕྱིར། དཔེར་ན་སུམ་རྟགས་བཞིན།

  54. ཅོ་རི་ཉི་མ། says:
    2013-08-08 at 3:36 pm

    འཁོར་གསུམ།།།།།།།།།།།
    བསྡུས་གྲ་ཆོས་ཅན། ལུང་རྟོགས་གང་རུང་ཡིན་པར་ཐལ། མི་རྟག་པ་བསྟན་པའི་ལུང་ཡིན་ཕྱིར། དེར་ཐལ། སྐད་ཅིག་མ་མི་རྟག་པའི་མཚན་ཉིད་ཅེས་གསུངས་ཡོད་པའི་ཕྱིར།

  55. ཅོ་རི་ཉི་མ། says:
    2013-08-08 at 3:41 pm

    ཨོ་ཉི་་་་འདོད་རྟགས་མ་གྲུབ་གང་རུང་གི་ལན་འཁྱེར་ཤོག རིགས་ལམ་མེད་པའི་མྱི་ཁྱོད་ཚོ་ལ་ཉ་གི་རྙོག་གི་བཤད་རྒྱུ་པོ་མང་ནི་རེད།

  56. ཨོ་རྒྱན་ཉི་མ། says:
    2013-08-08 at 4:06 pm

    རྟགས་དང་པོ་མ་གྲུབ། གཉིས་པ་མ་ཁྱབ།

  57. ཅོ་རི་ཉི་མ། says:
    2013-08-08 at 5:22 pm

    ཨོ་་་ཧཧཧཧ་་ལས་ངན་ཁྱོད་ཀྱིས། དང་པོར་རྟགས་མ་གྲུབ་ཟེར་དུས་བསྡུས་གཞུང་འདི་མི་རྟག་པ་བསྟན་པའི་ལུང་མིན་ཟེར་གྱི་ཡོད་རེད། གཉིས་པར་ཁྱབ་པ་མ་བྱུང་ཟེར་དུས་སྐད་ཅིག་མ་མི་རྟག་མཆན་ཉིད་ཡིན་ཞེས་གསུངས་ཡོད་ནའང་མི་རྟག་པ་བསྟན་པའི་ལུང་ཡིན་པའི་མ་ཁྱབ་ཟེར་གྱི་ཡོད་རེད།་་ཧཧཧ

    འོ་ན་་་མི་རྟག་པ་བསྟན་པའི་ལུང་ཡིན་ན་ག་འདྲ་ཞིག་དགོས་པ་རེད་དམ། ཞབས་འདྲེན་ཁྱོད་ཀྱིས་སྐད་ཆ་འདི་འདྲ་བཤད་བསྡད་ནས་སོ་སོས་སོ་སོ་ལ་རིན་ཐང་མེད་པ་བཟོ་གི་ཡོད་རེད། དྲ་རྒྱ་འདི་ལ་འཁོར་བའི་མི་མང་ཕྱོགས་རིགས་ལམ་ཡོད་པར་ཤ་དག་རེད་ད།

  58. ཨོ་རྒྱན་ཉི་མ། says:
    2013-08-08 at 5:35 pm

    ལུང་ཡིན་ན་སྡེ་སྣོད་གསུམ་དང་། དེའི་དགོངས་འགྲེལ་ཡིན་དགོས་པ་ལ། བསྡུས་གྲ་དེ་གཉིས་ཀ་མ་ཡིན་པའི་ཕྱིར། ཧཧཧ་གདན་ས་ནས་ཤེས་འཆལ་མ་འཇོན་མཁན་ཞིག་ལྟ་བ་ལོག་ཡོང་བ་ཡིན་པ་འདྲ།

  59. ཅོ་རི་ཉི་མ། says:
    2013-08-08 at 6:03 pm

    སྐབས་རེ་ཁྱོད་ཚོས་ཡི་གེ་ན་གཅིག་ཡན་ཆད་ཆོས་དཀོན་མཆོག་ཡིན་མདོག་མདོག་བཤད། སྐབས་རེ་བསྡུས་གཞུང་ཡང་ཆོས་མ་རེད་འདྲ་རེ་ཟེར། སྐབས་རེ་རླུང་རྟ་རི་ལ་གཏོར་ན་ཆོས་ཕུང་གྱི་ལས་བསགས་ཀྱི་མདོག་མདོག་བཤད་མཁན་ཤེས་འཆལ་བཀོར་གཟན་ཁྱོད་ཚོ་སྨྱོ་ཡི་ཡོད་པ་ཨེ་རེད།

    ལན་ཁ་ཐུག་མེད་པེ། མེད་ན་མེད་ལབ། མ་ཎི་ཆོས་ཅན། ལུང་ཡིན་ན་སྡེ་སྣོད་གསུམ་དང་། དེའི་དགོངས་འགྲེལ་ཡིན་པར་ཐལ།་་་་་་་

  60. ཨོ་རྒྱན་ཉི་མ། says:
    2013-08-08 at 6:14 pm

    མ་ནིཆོས་ཅན། དམ་ཆོས་ཡིན་ཏེ། ཕར་ཕྱིན་དྲུག་སོགས་བསྟན་པའི་བཀའ་ཡིན་པའི་ཕྱིར། ཧཧཧ་མ་ཎི་ཆོས་མ་ཡིན་པར་སྨྲ་མཁན་ཨ་ཁུ་དགྲ་ལྷ་ཡིན་རྒྱུ་རེད།

  61. ཨོ་རྒྱན་ཉི་མ། says:
    2013-08-08 at 6:19 pm

    གསར་སྟོང་པ་རང་རེད། བསྡུས་གྲ་སྦྱོང་དུས་སྣ་ཐ་འཐེན། རྟགས་རིགས་སྦྱོང་དུས་ཁ་ཐ་ཟོས། བློ་རིག་སྦྱོང་དུས་ཐབ་ཚང་ཉུལ། གཞུང་གསར་ལྟ་དུས་ལེ་ལོ་ཤོར། ཕར་ཕྱིན་ལྟ་དུས་སེམས་མ་གནས། དེ་མ་ཎི་ཆོས་ཡིན་མིན་མ་ཤེས་པ་རེད།

  62. ཅོ་རི་ཉི་མ། says:
    2013-08-08 at 6:21 pm

    མ་ཎི་་སྡེ་སྣོད་གསུམ་དང་། དེའི་དགོངས་འགྲེལ་ཡིན་སྟངས་བཤད་ཤོག འགྲེལ་བཤད་གསལ་པོ་དགོས།

  63. ཅོ་རི་ཉི་མ། says:
    2013-08-08 at 6:24 pm

    ཁྱོད་ཀྱིས་ང་ལ་ལན་བརྒྱབ་ཡོད་དམ། རྟགས་བསལ་བཏང་གི་ཡོད། གསར་གཏོག་པ་རང་རེད། སྔ་རྒོལ་ཕྱི་རྒོལ་གཉིས་ཀྱང་ཅི་འདྲ་ཡིན་གྱི་ཡོད་ས་མ་རེད།

  64. ཅོ་རི་ཉི་མ། says:
    2013-08-08 at 6:37 pm

    སྤྲུལ་ཁོག་ཉལ་ས་བདེ། སང་ཉིན་གཏུག་ཆོག ཨ་ཁུ་དགྲ་ལྷ་ཅིག་ཅིག་མང་པོ་ལབ་མ་བསྡད་ཨ། རྗེ་བཙུན་སྒྲོལ་མ་ཁོ་གཉིས་དགའ་ལ་རེད་དོ། ཁྱོད་ཚོའི་སློབ་དཔོན་འུག་སྒྲོ་མགོ་ཡིས་མིག་བལྟ་ཙམ་བཟོ་ས་རེག་ལེ་མ་རེད་་་་ཧཧཧ

  65. གནམ says:
    2013-08-08 at 6:42 pm

    དེ་རིང་ཉི་མ་གཉིས་ཀ་གང་དགའ་གང་ཆེ་རེད་འདུག་གི་ཨ། ད་འདི་བར་ལ་འབབ་ཐུབ་ནིའི་བློ་རིག་ལྡན་པ་ཞིག་གང་ནས་བཙལ། མུ་མཐུད་དུ་རྩོད་ཡ།

  66. ཨོ་རྒྱན་ཉི་མ། says:
    2013-08-08 at 6:48 pm

    ཅོ་འདྲེ་ཉལ་ས་བདེ།

  67. འདྲེ་རྐང་ཐོ། says:
    2013-08-08 at 11:31 pm

    ཆོས་མི་ཤེས་པའི་ཀློའུ་རྒན་དག་གིས་ཆོས་བཤད་བྱས།།
    ཚན་རིག་སྐོར་ལ་མིག་ཞར་དག་གིས་ཚན་རིག་གླེང་།།
    ཅི་ཡང་མི་ཤེས་ཅི་ཡང་མི་གོ་གཡག་རྒན་འདྲ་བའི་ཚོའི།།
    སྨྱོ་བཤད་བཟི་བཤད་གཏམ་ལ་འདྲེ་ང་ཨ་ཐང་ཁུང་ནས་ཆད།།

  68. ཅོ་རི་ཉི་མ། says:
    2013-08-09 at 5:49 am

    ཨོ་ཡ མུ་མཐུད་ནས་ཡིན་ད། ལན་འཁྱེར་ཤོག་ཨ།

  69. རྨུ་ཐག་གི་བུ་རྒྱུད། says:
    2013-08-09 at 6:10 am

    དམ་ཚིག་བཤད་ནས་དམ་ཚིག་སྟུ་སྒོར་སྐྱེལ།།
    ཚུལ་ཁྲིམས་བཤད་ནས་ཚུལ་ཁྲིམས་ནག་མོར་ཕུལ།།
    བླ་མ་ཡིན་ཟེར་བླ་རྟགས་སྒྱོ་ལ་སྟོན།།
    དེང་སང་ཆོས་པའི་ཆོས་ལ་ཞེ་མ་བདེ།།
    ཀུ་རེ་ཡིན།།ཧ་ཧ་ཧ་ཧ།

  70. ཅོ་རི་ཉི་མ། says:
    2013-08-09 at 1:10 pm

    ཤར་ནས་ནུབ་ལ་འཕུར་བའི་གནམ་ལམ་དུ།
    ཚན་རིག་ལྕགས་ཀྱི་གཤོག་པ་བརྟེན་པ་ལས།
    རྫུ་འཕྲུལ་གཞོག་པ་ཡོད་པའི་མི་མེད་དུས།
    ཁ་མཁས་ཆོས་པའི་ཕྱོགས་ལ་བློ་མ་བདེ།།

    འཛམ་གླིང་གོ་ལའི་སྟེང་གི་སེམས་ཅན་གྱིས།
    སྐྱེས་དངོས་ཟས་ཀྱིས་གྲོད་ཁོག་རྒྱགས་པ་ལས།
    ཏིང་འཛིན་ཟས་ཀྱིས་གྲོད་ཁོག་མི་རྒྱགས་དུས།
    མགོ་བདེ་ཆོས་པའི་ཕྱོགས་ལ་བློ་མ་བདེ།།

    འཛམ་གླིང་གཟུགས་བརྙན་མིག་མདུན་སྟོན་པ་པོ།
    ཚན་རིག་རྒད་པོའི་གྷོ་གྷན་ཡིན་པ་ལས།
    བླ་མའི་གསེར་གྱི་མེ་ལོང་མིན་འོང་དུས།
    དྲན་འཁྲུལ་ཆོས་པའི་ཕྱོགས་ལ་བློ་མ་བདེ།།

    འཛམ་གླིང་འགྲོ་བ་མི་ཡི་སྤྱི་ཚོགས་འདི།
    ཆབ་སྲིད་རིག་པའི་ཁྲིམས་ཀྱིས་ཟིན་པ་ལས།
    བྱམས་དང་སྙིང་རྗེས་ཟིན་ཐབས་མེད་འོང་དུས།
    བྱམས་ལྡན་ཆོས་པའི་ཕྱོགས་ལ་བློ་མ་བདེ།།།

    འགྲོ་བ་མི་ཡི་ནད་ཀྱི་སྡུག་བསྔལ་འདིར།
    ཚན་རིག་རྒད་པོའི་སྨན་གྱིས་ཕན་པ་ལས།
    ཧུ་ཧུ་ཕད་ཕད་སྔགས་ཀྱིས་མི་ཕན་དུས།
    གསང་སྔགས་ཆོས་པའི་ཕྱོགས་ལ་བློ་མ་བདེ།།་་་ཧཧཧཧ་་་་འདིར་ཟོ

  71. འོད་གསལ says:
    2013-08-09 at 3:18 pm

    སྤྲུལ་ཨོ་རྒྱན་ཉི་མ་ལགས། བསྡུས་གྲྭ་ཆོས་མ་ཡིན་མ་གསུངས་རོགས། ཆོས་མངོན་པ་ཆོས་ཡིན་ཚེ། བསྡུས་གྲྭའང་ཆོས་མ་ཡིན་པའི་རྒྱུ་མཚན་མེད།

  72. རྨུ་ཐག་གི་བུ་རྒྱུད། says:
    2013-08-10 at 7:16 am

    ཅོ་རིའི་གཏམ་འདི་གཟིར་ཤུགས་ཆེ།།
    ཁ་བཤད་ལག་སྟོང་མཚང་རྣོ།།
    རྒད་མོ་འདྲ་བའི་ཁ་ནང་ལ།།
    མེ་དཔུང་འདྲ་བའི་གཏམ་དེ་ཐོབས།། ཧ་ཧ་ཧ།

  73. དབང་རྡོར་ says:
    2013-08-13 at 5:05 am

    ཅོ་རི་དང་ཨོ་ཉི་གཉིས་དེ་རིང་ཡིད་ད། ཁ་སང་ཅོ་རི་ཅུངབྱེད་ཕམ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme