Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཎིའི་ཕན་ཡོན་བཞུགས་སོ།

Posted on 2013-07-30 By ཁ་བརྡ་ 12 Comments on མ་ཎིའི་ཕན་ཡོན་བཞུགས་སོ།

ཨོ་རྒྱན་ཉི་མ།

ཨོ་སྭཱ་སྟི།
འགྲོ་བའི་སྡུག་བསྔལ་ཐུགས་ནས་དོར་མ་མྱོང་།།
འགྲོ་བར་གཟིགས་ཏེ་སྤྱན་རས་གཡོ་བ་མེད།།
འགྲོ་བའི་མགོན་པོ་སྙིང་རྗེའི་རང་གཟུགས་ལ།།
འགྲོ་བ་ཞིག་གིས་དད་པའི་མེ་ཏོག་མཆོད།།

དེང་སང་དུས་ངན་མི་རྣམས་ཚེ་ཐུང་ཞིང་།།
དོན་དང་དོན་མིན་འབྱེད་པའི་མཐུ་ནུས་ཞན།།
རྣམ་རྟོག་ཇག་པས་སེམས་ཀྱི་གཤིས་ཀྱང་བཅོམ།།
མགོ་མཇུག་མེད་པར་འདོད་པའི་འདམ་དུ་བྱིངས།།

དེ་ཕྱིར་མངོན་མཐོ་ངེས་ལེགས་ཐར་བའི་སྒོ།།
རིན་ཆེན་བྱང་ཆུབ་སེམས་ལའང་སྒྲོ་སྐུར་གྱིས།།
སྙིང་ལ་གཟན་པའི་ཚིག་དག་མཐོང་བ་དང་།།
ཆོས་མཆོག་མ་ཎིའི་ཁྱད་ཆོས་ཅུང་ཟད་འབྲི།།

མ་ཎི་བཏོན་ནས་བོད་ལ་བྱམས་སེམས་ལྡན།།
བྱང་སེམས་ཅན་ཞེས་ཀུན་གྱིས་བསྟོད་ཅིང་བཀུར།།
སྟོབས་ཀྱིས་དབང་བསྒྱུར་བྱེད་མཁན་མང་ན་ཡང་།།
བྱམས་པས་གཞན་སེམས་འགུགས་མཁན་བོད་པ་ཙམ།།

མ་ཎི་འདི་ཡིས་སུམ་གཉིས་དབང་དུ་བསྡུས།།
མ་ཎི་འདི་ཡིས་ཞི་བདེ་གཟེངས་རྟགས་བཞེས།།
མ་ཎི་འདི་ཡིས་བོད་མིར་འཛུམ་མདངས་སྦྱིན།།
མ་ཎི་འདི་ཡིས་བོད་མིའི་ཚེ་བསོད་རྒྱས།།

མ་ཎི་མ་བརྗེད་བོད་ཀྱི་ན་གཞོན་ཚོ།།
དམ་ཆོས་མ་བསྙེལ་བོད་ཀྱི་རྒན་དར་རྣམས།།
སྡང་ཞུགས་མ་བྱེད་བོད་ཀྱི་སོན་རྩ་རྣམས།།
འདི་གསུམ་བོད་ཀྱི་སྐྱབས་མགོན་དང་པོ་ཡིན།།

ས་ཆ་ཤོར་བས་བོད་པ་བརླག་མི་ནུས།།
བཟའ་བཏུང་བརྗེས་ཀྱང་བོད་རྣམས་རྒུད་མི་འགྱུར།།
བོད་པའི་ཁ་ལ་མ་ཎི་མེད་གྱུར་ན།།
བོད་ཀྱི་ངོ་བོ་ཆོས་རིག་སྟོར་བའི་རྟགས།།

བོད་ཀྱི་གཤིས་བཟང་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་རིག་གནས་ཐོག་མ་མ་ཎི་བྱུང་།།
བོད་ཀྱི་བློ་རིག་འབྱེད་བྱེད་ལྡེ་མིག་ཡིན།།
བོད་ཀྱི་ཚེ་བླ་སྲོག་གསུམ་མཚོན་བྱེད་ཡིན།།

བོད་ཀྱི་བྱམས་སེམས་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་སྙིང་རྗེ་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་གཞན་ཕན་འདི་ཡང་མ་ཎིའི་དྲིན།།
བོད་ཀྱི་ཡང་དག་ལྟ་བའང་མ་ཎིའི་དྲིན།།

མ་ཎིར་དགའ་བའི་བོད་ཀྱི་སྐྱ་སེར་ཚོས།།
རྐུ་འཕྲོག་ཇག་གསུམ་གསད་གཏུབ་ཀུན་དོར་ཏེ།།
རི་རྒྱ་ཀླུང་རྒྱ་བསྡམས་ཤིང་དགེ་ཁྲིམས་བཞག །
རང་གཞན་འཚེ་དང་མི་འདོད་ཉེར་འཚེ་སྤངས།།

མ་ཎིས་ཉ་དང་ལྕུང་མོ་སྦལ་པ་དང་།།
བྱ་དང་བྱེའུ་ར་ལུག་གཡག་འབྲི་སོགས།།
གྲངས་མེད་ཚེ་ཐར་ཚེ་འདིར་འཚེ་བ་སྤངས།།
ཕྱི་མར་དལ་འབྱོར་འཐོབ་པའི་བསྔོ་བ་རྙེད།།

མ་ཎིའི་སྒྲ་དབྱངས་གང་གིས་ཐོས་ན་ཡང་།།
དེ་ཡི་རྒྱུད་ཀྱི་དད་པའི་སྤུ་ལོང་གཡོ།།
མ་ཎིའི་སྙན་དབྱངས་ཁ་ལ་ཡོད་ཚད་ཀུན།།
སྙིང་རྗེའི་གཞན་ཕན་མེད་པ་གཏན་མི་སྲིད།།

མ་ཎི་རི་ལ་ཡོད་ན་རི་དྭགས་སྲུང་།།
མ་ཎི་ཀླུང་ལ་ཡོད་ན་ཉ་ལྕུང་སྲུང་།།
མ་ཎི་སེམས་ལ་ཡོད་ན་སྡུག་བསྔལ་སྲུང་།།
མ་ཎི་རིན་ཆེན་ནོར་གྱི་མཆོག་གྱུར་ཡིན།།

བོད་ཀྱི་ཡུལ་འཁོར་མཐའ་དག་མ་ཎིས་སྐྱོང་།།
བོད་ཀྱི་རྣམ་ཤེས་འདི་ཡང་མ་ཎིར་བདག །
བོད་ཀྱི་ངག་སྒོ་འདི་ཡང་མ་ཎིས་འབྱེད།།
བོད་ཀྱི་ལུགས་གཉིས་མ་ཎིས་མ་ཁྱབ་མེད།།

བོད་ཀྱི་ཁོར་ཡུག་འདི་ཡང་མ་ཎིས་སྲུང་།།
བོད་ཀྱི་ལུས་ཀྱི་ན་ཚ་མ་ཎིས་སྲུང་།།
བོད་ཀྱི་སེམས་ཀྱི་སྡུག་བསྔལ་མ་ཎིས་སྲུང་།།
བོད་ཀྱི་མ་ཎིས་འགྲོ་ཀུན་གདུང་བ་བསལ།།

འཛམ་གླིང་ཤར་ནུབ་རི་གྲོང་ཀུན་ཏུ་ཡང་།།
བོད་པ་ཡོད་ན་མ་ཎིའི་དར་ལྕོག་ཡོད།།
བོད་ཆོས་ཡོད་ན་མ་ཎིའི་དར་རེ་ཡོད།།
མ་ཎི་ཡོད་སར་སྙིང་རྗེའི་བྱིན་རླབས་ཡོད།།

དེང་རབས་གསར་བས་མ་ཎིར་བསྒྲུན་མི་ནུས།།
ཟས་གོས་ནོར་དང་མ་ཎི་གཏན་མི་མཚུངས།།
ཚན་རྩལ་རིག་གནས་ཀུན་ལས་མ་ཎི་མཆོག །
མ་ཎི་མ་འདོར་ཕ་བཟང་བུ་ལོ་ཚོ།།

དེ་ཕྱིར་ད་ཡོད་ཕྱིས་འབྱུང་བོད་ཀྱི་སྐྱ་སེར་ཚོས།།
མ་ཎི་མ་བརྗེད་ཕ་མའི་དྲིན་མ་བརྗེད།།
གདམ་ངག་མ་བརྗེད་བླ་མའི་ཐུགས་མ་བརྗེད།།
ཉིན་རེར་མ་ཎི་ཚར་རེ་མ་བརྗེད་རོགས།།

ཞེས་པ་འདི་ནི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་དེང་སང་གི་བོད་ཀྱི་གསར་སྐྱེས་གང་ཡང་མི་ཤེས་མཁན་ཚོས་ཡོད་ཚད་མ་ཎི་དང་། བྱམས་དང་། སྙིང་རྗེ། བྱང་ཆུབ་སེམས་ཀྱིས་ཕུང་སོང་ཞེས་སྒྲོ་སྐུར་ཅན་དག་ལ་ཅུང་ཟད་སྨན་དུ་རེ་ནས་བྲིས། དེ་ཕྱིར་ད་ནས་བཟུང་ཚང་མས་འབྲི་ཤེས་པ་ཚོས་མ་ཎིའི་ཕན་ཡོན་ཕྲིས། མ་ཤེས་ན་སོམས། དེ་ཡང་མ་ནུས་ན་མ་ཎི་འདོན་མི་ཤེས་མཁན་གྱི་བོད་པ་ཞིག་ཡོད་མི་སྲིད་པས་ཉིན་རེར་མ་ཎི་འབྲུ་རྡོག་རེ་མ་ཆད་པ་གནང་རོགས། འདིས་བོད་ཀྱི་ཆོས་རིག་ཡུན་རིང་ཙམ་གནས་པ་དང་། ཡ་རབ་སྤྱོད་བཟང་ལ་སྨན་ངེས་སོ།།

རྩོམ་རིག

Post navigation

Previous Post: མ་ཎིའི་ཕན་ཡོན་བཞུགས་སོ།
Next Post: མ་ཎིའི་ཕན་ཡོན་བཞུགས་སོ།

Comments (12) on “མ་ཎིའི་ཕན་ཡོན་བཞུགས་སོ།”

  1. མེ་ཏོག་དཀར་པོ says:
    2013-08-05 at 11:14 pm

    ༡༥༢ ཨ་ཕྱིས་བཤད་པ་དེ་ངས་མང་དུ་བཤད་ཟིན། བོན་གོག་འདི་ཚོས་བོན་པོ་ཚོས་བོན་བོད་རང་གི་དང་ནང་ཆོས་ཕྱི་ཆོས་ཟེར་མོད། དོན་ལ་གཉིས་ཀ་ཕྱི་ཆོས་རེད་ལ། སྔ་ཕྱིའི་སྐད་ཆ་བཤད་ན་བོན་སྔ་ལ་ནང་པ་ཕྱི་བ་ལོ་རྒྱུས་སུ་གསལ། དེ་མིན་བོད་ཡིག་གི་མ་འགྲིག་པར་སྨར་ཡིག་ཅེས་པ་དགོས་རྒྱུ་ཅི་ཡིན།

  2. བཀྲ་ཤིས་ says:
    2013-08-06 at 12:00 am

    ད་ཡང་བོན་པོས་རང་མདོག་སྟོན་བྱུང་གོ། ང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལ་ལུང་རིགས་ཚད་མའི་སྔ་རྒོལ་ཚར་གཅོད་ཚུལ་ཡོད་ཀྱང། ཁྱད་གསོད་དང་མཐོང་ཆུང་གིས་གང་ཟག་སྒེར་ལ་ཚིགས་རྩུབ་དང་འཕྱ་སྨོད་བྱེད་སྲོལ་མེད་པས་རང་གི་དྲན་པ་དང་རིག་པ་ལ་ལྕག་འདེབས་ནས་ཁྱོད་བཞིན་སྨྲ་བར་མི་བྱའོ། དེ་ཡང་རྗེ་བཙུན་མི་ལས། གསང་སྔགས་གསང་ནས་སྤྱོད་རྒྱུ་ལ། བརྟུལ་ཞུགས་ཁྲོམ་དུ་སྟོན་པ་ཕངས། རྣལ་འབྱོར་ཉམས་དབྱངས་ཟབ་མོ་དེ། མང་པོའི་ཚོགས་སུ་ལེན་པ་ཕངས། ཞེས་གསུངས་པ་བཞིན་སྡིག་ཆེན་ཇི་འདྲ་ཞིག་ཡིན་ཡང་གསང་སྔགས་ཀྱི་ཆོས་བཤད་རུང་ཀྱང་དད་མེད་ལོག་ལྟ་ཅན་ལ་གསང་སྔགས་ཀྱི་ལྷ་སྤྱན་རས་གཟིགས་དང་དེའི་གསུངས་པའི་ཆོས་བཤད་ཉན་བྱ་མི་རུང་བས་ཕངས་ཀྱང་བདག་འདྲ་ལས་དངཔོ་པ་རྣམས་ལོག་ལྟའི་འདམ་ལ་མ་ཚུད་པའི་ཆེད་བགྲོ་གླེང་བྱའོ།།།

  3. ཨ་ཕྱི་ཆོས་སྒྲོན says:
    2013-08-06 at 12:30 am

    རྣམ་དཔྱོད་ཀྱི་ཤེས་རབ་དབེན་ཅིང་། ཆགས་སྡང་རྨོངས་པའི་གཞན་དབང་དུ་སོང་པའི་བོན་པོ་ཟེར་བའི་དབྱིན་མིང་ཅན་ཁྱོད་ཅུང་ཟད་སེམས་ལྷོད་ལ་ཞོགས་ནས་ཉོན་དང་། མི་ཞིག་ང་ཚོ་བོད་མའི་གནའ་བོའི་ཆོས་འདི་གཏན་གཏན་ཡོད་རེད། ཆོས་ཟེར་བ་མ་རེད། གདོན་དང་ཆོས་གཅིག་པ་རེད། སྟོན་པ་འདྲེ་མི་བོ་ཆེ་ཡིན། གདོན་ལ་བཀའ་བརྟེན་གཉིས་ཡོད། གཤིན་ལ་རབ་བྱུང་དང་སྔགས་པ་སྔ་མོ་ནས་ཡོད་བཤད་ན་བདེན་དུ་བཟུང་མཁན་ཡོད་དམ། མ་ཚད་གདོན་ཆོས་ཡོད་བཞིན་མཁན་སློབ་ཆོས་གསུམ་གྱིས། གདོན་མང་པོ་བསད། གཤིན་མང་པོ་བསྒྲལ། གདོན་ཆོས་བརྣུབས་པ་ཡིན་པས་ད་གཟོད་དགྲ་ཤ་ལན་དགོས། འདི་བོད་མིའི་གདོད་མའི་ཆོས་རེད། ལོ་ངོ་འབུམ་ཕྲག་གོང་ནས་ཡོད། གདོན་ཟེར་ནས་ནང་པས་སངས་རྒྱས་པ་ངན་སྨོད། གདོན་ལ་བསྟོད། ནང་ཆོས་ལྷ་སྤྱན་རས་གཟིགས་ཞེས་པ་མེད། དེ་དབང་ཕྱུག་ཆེན་པོ་རེད། དེ་ཕོ་མཚན་རེད། མ་ཎི་པདྨེ་ཧྰུཾ་ཞེས་ཕོ་མོའི་མཚན་མ་ལས་གཞན་མིན། མཁན་སློབ་ཆོས་གསུམ་གྱིས་མ་རབས་བཟོས་པ་རེད། བོད་ལ་གདོན་ཡོད་བཞིན་དུ་དེ་མི་སྒྲུབ་པར་ནང་ཆོས་ཀྱིས་བརླགས་པ་རེད། དེ་བས་གདོན་ལ་སྐྱབས་སུ་སོང་ན་གཅིག་པ་རེད་ཟེར་ན་གླན་པ་ཨུ་ཚུགས་སྨྲ་བ་མིན་ནམ། དེ་རིགས་མང་པོ་བསམ་ཚེ། སློབ་དཔོན་བཀའ་དྲིན་ཅན་གྱིས། གདོན་གཟུགས་བོན་གྱི་བསྟན་པ་བརྣུབས༔ཆོས་སྐུ་དྲི་མེད་རིན་ཆེན་བརྙེས༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ དེ་ནས་་་་་གསུངས་པ་དང་། སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས། མུ་སྟེགས་བོན་གྱི་བདེན་པ་མཐོང་སྐབས་མེད། ཅེས་དང་། རྗེ་རིན་པོ་ཆེས་ལམ་རིམ་ལས་་་་མུ་སྟེགས་དང་བོན་ལ་གྲོགས་སུ་བསྟེན་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་གསུང་པ་དང་། དུས་འཁོར་སྡུས་རྒྱུད་ལས་་་མུ་སྟེགས་པ་དང་གདོན་དང་འདྲེ་ལ་སྐྱབས་སུ་འཛིན་པར་དམ་ཚིག་རལ་བའི་གནད་དུ་བཤད་པ་དག་ལ་ཡིད་ཆེས་བཅོས་མིན་སྐྱེས་སོང་། བོན་པོ་ལེགས་བཀའ་དྲིན་ཆེ་བློ་བསྐྱེད་ལེགས་པོ་རྙེད་སོང་། ལེགས་བཤད་ནི་བླུན་པོའི་ངག་ན་ཡོད་གསུངས་པ་ཅི་མ་བདེན།

  4. ཨ་ཕྱི་ཆོས་སྒྲོན says:
    2013-08-06 at 12:40 am

    གདོན་དར་ས་ཡོལ་མོ་ལུང་མ་རེད་ད། ཉག་རོང་ནས་རེད། ཉག་ཆད་བུ་ལོང་ཟེར་བ་གོ་མྱོང་ངམ། བྱིས་པ་དམར་གསོད་བྱེད་མཁན་ཞིག་ཡོད། དེ་ལས་བརྒྱུད་པ་རེད། ད་ཆོག་ཐལ། མང་པོ་བཤད་དགོས་པ་མི་འདུག ཨ་ཕྱིས་ཨོཾ་མ་ཎི་འདོན་རན་ཐལ།
    ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཔདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ

  5. BONPO says:
    2013-08-06 at 3:25 am

    ཞང་ཞུང་གི་བོན་པོ། བོད་ཀྱི་བོན་པོ། མོན་གྱི་བོན་པོ། ཧོར་གྱི་བོན་པོ། བྲུ་ཤའི་བོན་པོ། མེ་ཉག་གི་བོན་པོ། སུམ་པའི་བོན་པོ། ལྡོང་གི་བོན་པོ། ཁྲོམ་གྱི་བོན་པོ། རྒྱ་གར་གྱི་བོན་པོ། རྒྱ་ནག་གི་བོན་པོ། སོགས་བོན་པོ་མང་པོ་ཡོད་རེད་དོ། དེ་རེ་རེ་ལ་སོ་སོའི་ལུང་པའི་ལས་འགན་ལྕི་མོ་རེ་རེ་དང་ལ་རྒྱ་ཚུགས་ཐུབ་རེ་རེ་ཡོད་པ་ཡང་ཤེས་དགོས་སོ། ཁྱེད་ཚོ་འདྲ་པོ་ཡོད་ཚད་ཚང་མ་རོང་རྒན་གྱི་ཁ་དང་མཇེ་གཉིས་ནས་བྱུང་བ་ཡིན་རབས་དུས་ནམ་ཡང་གླེང་བར་མི་བྱའོ། །

  6. ཨ་ཕྱི་ཆོས་སྒྲོན says:
    2013-08-06 at 1:16 pm

    ཁ་བོན་པོ། གདོན་བོན་པོ། འདྲེ་བོན་པོ། མཇེ་བོན་པོ། རྐུབ་བོན་པོ། སྟུ་བོན་པོ། སྐྱག་པ་བོན་པོ། སྐྱག་པ་ཆེན་པོའི་བོན་པོ། སྐྲ་ཉི་ཁྲི་ཆིག་གི་སྟོང་བོན་པོ། རྐང་པ་བོན་པོ། མགོ་དང་ཡན་ལག་གི་བོན་པོ། འཇིགས་ཚོགས་ཉི་ཤུའི་བོན་པོ། ལྟ་ངན་གྱི་བོན་པོ། ལོག་ལྟའི་བོན་པོ། གཅེས་འཛིན་གྱི་བོན་པོ། ནང་ཆོས་སྨད་པའི་བོན་པོ། དམར་མཆོད་ཀྱི་བོན་པོ། ཤི་འདྲེའི་བོན་པོ། གདོན་གཟུགས་ཀྱི་བོན་པོ། རྐུན་མ་བོན་པོ། ཇག་པ་དང་ཁྲམ་པ་བོན་པོ། འདོད་ཆགས་ཀྱི་བོན་པོ། ཞེ་སྡང་གི་བོན་པོ། གཏི་མུག་གི་བོན་པོ། ཕྲག་དོག་གི་བོན་པོ། ང་རྒྱལ་གྱི་བོན་པོ་དང་། གཙོ་བོ་མ་རིག་བོན་པོ་སོགས་མདོར་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་གྲངས་བཞིན་དུ་སྤངས་བྱའི་བོན་པོ་ཡོད་པ་ཧ་གོ་ཡོད།།

  7. ཨ་ཕྱི་ཆོས་སྒྲོན says:
    2013-08-06 at 6:06 pm

    ཐོག་མར་མཛུབ་མོ་རང་ལ་ཚུགས། དེ་ནས་ཞིབ་འཇུག་བྱེད་བཞིན་ཡོད། མི་སུ་ཡིན་ན་ཡང་བདེན་ས་ཡང་ཡོད། མི་བདེན་ས་ཡང་ཡོད་སྲིད་པ་རེད། དོན་གྱིས་ཅོ་ཉི་དང་བོན་འཁོར་བོན་པོ་སོགས་ཀྱིས་སོ་སོས་མ་ཎི་གོ་ལོག་ཏུ་སོང་ནས་སྤྱན་རས་གཟིགས་ཀྱི་གཟུགས་སྔགས་ལ་སྨད་ནས་ལས་ངན་བསགས། དམ་པའི་ཆོས་ལུགས་ལ་དམའ་འབེབས། དོན་ངོ་མ་བཤད་ན་དགེ་ལུགས་ཡིན་ཁུལ་གྱིས་བླ་བཙོང་དང་།བོན་པོའི་དགེ་བཤེས་མིང་ཙམ་ཡོད་ཀྱང་ཕ་བོང་ཁས་སིདྡྷི་འགྲེལ་ལོག་རྒྱབ་པ་ནང་བཞིན་རེད། ཁ་ནས་ལས་རྒྱུ་འབྲས་དང་བོན་ཆོས་གཅིག་པ་རེད་བཤད་མོད། །དོན་དངོས་ནས་ནང་ཆོས་ནས་བཤད་པའི་དྲང་བདེན་དེ་དག་ཆུ་ནང་དུ་གཡུགས་པ་རེད། ། དགྱ་དམར་གྱིས་འདི་འདྲའི་ལྐུགས་པ་བཤད་ཀྱིན་མི་འདུག སྙིང་རྗེ་་་་ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུ
    ཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཔདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧ

  8. མེ་ཏོག་དཀར་པོ says:
    2013-08-06 at 10:29 pm

    ཨ་ཕྱི་འདི་ཤེས་པ་འཆལ་སྡད་ཡོད་ས་རེད། མ་ཎི་དེ་འདྲ་མང་པོ་མ་བྲིས་དང་། ཡང་ན་ཁ་བརྡས་བསུབ་རོགས་ཞུ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-08-07 at 1:24 am

    རྙིང་རྗེའི་ཡུལ་རྣམ་ས། སྙིང་གཅེས། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཧྲྰིཿཔོ་ཏ་ལ་རུ་སྐྱེ་བར་ཤོག། །།

  10. ཨ་ཕྱི་ཆོས་སྒྲོན says:
    2013-08-07 at 3:22 am

    མཁས་དབང་སྤོབས་པ་མཐའ་ཡས་དང་མེ་ཏོག་དཀར་པོས་་་་་མ་ཎི་དེ་འདྲ་མང་པོ་མ་བྲིས་དང་། ཡང་ན་ཁ་བརྡས་བསུབ་རོགས་ཞུ། ཞེས་གསུངས་འདུག ཅི་མ་བདེན་ཤེས་འཆལ་ཚོས་མ་ཎི་ལ་ཅི་འདྲ་སྨད་པ་བཏངས་འདུག ཟེར་ས་བུ་མོ་ལ་བཤད་ཀྱང་གོ་ས་མནའ་མ་ཞེས་པ་རེད། ཧ ཧ

  11. ཨོ་རྒྱན་ཉི་མ། says:
    2013-08-08 at 7:35 pm

    མ་ཎི་ཁ་ནས་འདོན་ཡང་ཁོག་ན་དོན་མི་གོ།།
    མ་ཎིའི་པད་དབྱངས་སྙན་ཡང་ཕན་ཡོན་གཏན་མི་ཤེས།།
    མ་ཎི་ཆོས་ཀྱི་ཕུང་པོ་ཡིན་ཡང་ཤེས་འདོད་མེད།།
    མ་ཎིའི་བདག་པོ་བོད་པ་འདི་དག་སྙིང་རེ་རྗེ།།

  12. ཨ་ཕྱི་ཆོས་སྒྲོན says:
    2013-08-09 at 4:00 pm

    འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་བསྟོད་ཅིང་

    ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་བཅས་པ་

    ཕན་བདེའི་ཆར་འབེབས་ཞེས་བྱ་བ་

    བཞུགས་སོ།

    ༄༅།། ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཞིང་གི་རྡུལ་དང་མཉམ་པ་དེ་དག་གི །འགྲོ་ལ་ཆགས་པས་ཀུན་ཏུ་ཆགས་པའི་སྙིང་རྗེ་རྒྱ་མཚོ་ལྟ་བུར་ཟབ། །དེ་ལས་འཁྲུངས་པའི་ཡོན་ཏན་ལྷུན་རྫོགས་སྤྱན་རས་གཟིགས་ཞེས་རྣམ་གྲགས་པ། །མགོན་པོ་བདག་ཅག་ཀུན་གྱིས་བསྟེན་འོས་རིན་ཆེན་རི་འདྲ་དེ་ལ་འདུད། །དྲི་མེད་ཆུ་སྐྱེས་གསར་པའི་དབུས་སུ་བསིལ་ཟེར་གང་བའི་དཀྱིལ་འཁོར་སྟེང༌། །པདྨའི་འདབ་ལྟར་རྣམ་པར་དག་པའི་ཞབས་གཉིས་མཉམ་པའི་ཚུལ་བཞུགས་ཏེ། །འཇིག་རྟེན་དག་ན་ཟླ་བ་ཉ་འདྲ་ཀུན་ཏུ་ལྷམ་མེར་གསལ་བ་ཁྱོད། །མཐོང་བའི་མོད་ལ་སྙིང་གི་གདུང་སེལ་ཀུན་ནས་དགའ་བ་རྒྱས་པར་མཛད། །ཁ་བའི་རེག་པ་ལྟ་བུར་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་བསྲེག །མཐའ་དག་མཚན་མའི་ཆོས་ལས་འདས་ཀྱང་སྤྲོས་པ་དུ་མའི་དཀྱིལ་འཁོར་སྣང༌། །སྲིད་ལས་བརྒལ་ཡང་སྲིད་པ་གསུམ་དུ་སྐྱེ་བ་རྟག་ཏུ་སྟོན་མཛད་པའི། །སྒྱུ་མ་ཇི་བཞིན་ཁྱོད་ཀྱི་སྤྱོད་ལ་བློ་དང་ལྡན་རྣམས་ངོ་མཚར་འགྱུར། །རྣམ་པ་ཀུན་གྱི་རྗེས་སུ་ཞུགས་པ་སྟོན་མཚན་ནམ་མཁའི་དཀྱིལ་འཁོར་བཞིན། །སྐལ་ལྡན་སྐྱེ་བོས་རྟག་ཏུ་བསྟེན་པས་སྐྱོ་མེད་ས་གཞི་ཉིད་དུ་གྱུར། །འཇིག་རྟེན་ཡོངས་ཀྱི་གཏི་མུག་མུན་པ་མཐར་མཛད་ཉི་མ་འབར་བ་དང༌། །ཞེ་སྡང་ཡིད་བསྲེག་གདུང་བ་སེལ་བའི་རི་བོང་མཚན་མ་འཛིན་པ་ཅན། །པུཎྜ་རི་ཀ་རབ་ཏུ་བཞད་པའི་ཞལ་གྱི་དཀྱིལ་འཁོར་མཛེས་སྟོན་ཅིང༌། །དྲི་མེད་དུང་དང་ཆུ་ཤེལ་ལྟར་དཀར་ལྟ་ན་སྡུག་པའི་ལང་ཚོ་ཅན། །བསམ་ཡས་མཆོད་སྤྲིན་རྒྱས་པའི་དབུས་ན་སྒྲོལ་མཛད་སྒྱུ་མའི་རྩེད་འཇོ་དང༌། །བདེ་གཤེགས་རྒྱལ་སྲས་ཁྲོ་བོའི་དཔུང་སོགས་གྲངས་མེད་འཁོར་གྱི་དབུས་ན་བརྗིད། །མེ་དང་ཆུ་ཀླུང་སྐལ་པ་ངན་དང་རྒྱལ་པོའི་འཇིགས་པ་ལ་སོགས་པ། །ཤིན་ཏུ་ཉམ་ཐག་གནས་སུ་ལྷུང་བའི་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཀུན། །ཁྱོད་ཀྱི་འོད་ཟེར་ཟླ་བ་བཀྲུས་འདྲའི་ལུ་གུ་རྒྱུད་ཀྱིས་ཉེར་དྲངས་ནས། །ལྷ་ཡི་དཔལ་དང་རབ་ཏུ་ལྡན་པའི་བདེ་བ་མཆོག་ལ་མངོན་པར་སྦྱར། །དྲི་ཞིམ་ལན་བུ་སྤྱི་བོར་བཅིངས་པ་ནམ་མཁའི་འོད་དང་རབ་འདྲེས་ལ། །རྒྱལ་བའི་དབང་པོ་འོད་དཔག་མེད་སྐུ་རིགས་ཀྱི་ཅོད་པན་དབུ་ལ་མཛེས། །ཕྱག་གཡས་མཆོག་སྦྱིན་རྩེ་མོ་ལས་བབས་བདུད་རྩི་དཀར་པོའི་ཐིགས་པ་ནི། །མུ་ཏིག་འོད་ཆགས་རྟག་ཏུ་ལྷུང་བས་ཡི་དྭགས་ཀུན་གྱི་གདུང་བ་འཇོམས། །ཕྱག་གཡོན་སྟ་ཟུར་ངོས་ལ་བརྟེན་པའི་འགྱིང་བག་ཡིད་འོང་གཙང་མའི་སྐུ། །ཚངས་དབང་ལ་སོགས་དྲེགས་ལྡན་འདུད་པས་ཁྱོད་ནི་འཇིག་རྟེན་ཀུན་དབང་ཕྱུག །འཁོར་ལོ་པདྨ་མདའ་དང་གཞུ་ཡི་ཕྱག་རྒྱ་སོགས་ཀྱིས་རབ་སྤ་བའི། །སྟོང་ཕྲག་ཕྱག་དང་སྤྱན་སྟོང་མངའ་བ་བཅུ་གཅིག་ཞལ་བཟང་ཡང་དག་སྟོན། །ལ་ལར་གདུག་ཅན་ཀླུ་ཡི་དེད་དཔོན་སེང་གེའི་སྒྲ་དང་གཞན་དུ་ནི། །དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །རེས་འགའ་བགེགས་འཇོམས་ཁྲོ་རྒྱལ་རྟ་མགྲིན་ལེགས་ལྡན་ནག་པོའི་ཚུལ་ལ་སོགས། །དྲག་ཤུལ་ས་གསུམ་འགས་པ་སྟོན་ཡང་ཐུགས་ནི་བརྩེ་ལས་གཡོ་མི་མངའ། །ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས། །དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱོད་ཀྱི་སྤྲུལ་པ་དེ་སྙེད་ཅིག །རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ། །ཆར་སྤྲིན་ལས་ནི་ཆུ་ཆར་བཞིན་དུ་འབད་པའི་རྟོག་པ་མངའ་མ་ལགས། །རྣམ་པ་འགར་ཡང་འགྲོ་བའི་དོན་དུ་མི་འགྱུར་ཚིག་ནི་ཡོངས་སུ་སྤངས། །རང་རང་བློ་དང་རྗེས་སུ་མཐུན་པའི་འགག་མེད་དབྱངས་ཀྱི་ཡན་ལག་ནི། །རྒྱ་མཚོའི་རྡུལ་གྱིས་གྲངས་ལས་འདས་པའི་ཆོས་ལམ་ཉེ་བར་སྟོན་མཛད་པ། །ཁྱོད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །དྲི་ཟའི་རྒྱུད་མངས་སྒྲ་དང་འཐབ་པའི་ཡིད་འོང་ན་ཆུང་གླུ་ལྟ་བུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme