Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་འཇིགས་མེད་ལགས་འཇུ་བཟུང་བྱས་འདུག

Posted on 2013-01-10 By ཤར་ཕྱོགས་ཁུག་རྟ། No Comments on རྩོམ་པ་པོ་འཇིགས་མེད་ལགས་འཇུ་བཟུང་བྱས་འདུག

༄༅།། ཟླ་བ་འདིའི་ཚེས་༡དང་ཧོར་ཟླ་༡༡ཚེས་༢༠ཉིན་རྒྱ་ནག་གི་འབྲེལ་ཡོད་ཚན་པའི་མི་སྣ་མི་གློ་བུར་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་ཀྱི་ཤག་ལ་འཛུལ་ནས། ནང་དང་རྩིས་འཁོར་སོགས་ཡོངས་སུ་སྔོག་བཤེར་བྱས་བ་དང་མཉམ་། ཁོ་དེ་མ་ཐག་གསང་སྟབས་ཀྱིས་ཁོང་གི་གྲ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནི་ཁོང་གིས་ཕྱི་ལ་འདོན་སྤེལ་བྱས་མ་ཐག་པའི་བཙན་པོའི་སྙིང་སྟོབས་ཀྱི་དཔེ་དེབ་ནང་ཆབ་སྲིད་ཀྱི་དོགས་གཞི་ཡོད་ཚུལ་བཤད་བཞིན་པ་ལྟར་བཙན་པོའི་སྙིང་སྟོབས་ཀྱི་དཔེ་དེབ་ཡང་བཀག་བསྡོམས་དང་ཕྱིར་བསྡུ་བྱས་ཡོད་པ་འདུག། ད་ཆ་ཁོང་ཟི་ལིང་ན་བཀག་གཉེར་བྱས་བསྡད་ཡོད་པའི་བཤད་ཚུལ་ཙམ་ལས་གནས་སྟངས་གསལ་ཆ་མེད་པ་རེད།

 

མགར་རྩེ་འཇིག་མེད་ལགས་ནི་མདོ་སྨད་རེབ་གོང་མགར་རྩེ་ཤང་ཁོངས་ཀྱི་རྩེ་གཞུང་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་འཚོ་བ་རུ་སྐྱེས་ཤིང་། མགར་རྩེ་དགོན་པའི་དགེ་འདུན་པ་ཡིན་པར་ད་ལོ་དགུང་ལོ་༣༦་ཡིན་པ་རེད། ༡༩༩༩ནས་གསར་རྩོམ་གྱི་ལས་ལ་ཞུགས་ནས་རྩོམ་རིག་བྱ་དགའ་མི་ཉུང་བ་ཐོབ་ཡོད་ལ་སྐབས་དེར་ཁོང་གི་བརྩམས་ཆོས་ཐོག་མ སྤྱི་ཚོགས་སྟེང་དུ་བཀྲམ་པས་ཀློག་པོ་དག་གིས་དགའ་བསུ་ཐོབ། ད་དུང་ཚད་མ་དང་། ཕར་ཕྱིན་བཅས་ལ་སློབ་གཉེར་བྱས་ཏེ་ཕྱི་ལོ་༢༠༠༣ ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་ལྔ་ལ་སྦྱང་བ་མི་དམན་པ་བྱས། ད་ལྟ་རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་ཁོང་དགུང་ལོ་སོ་དྲུག་སླེབས་ཡོད་པ་དང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ཀྱི་འདས་མ་འོངས་ད་ལྟའི་བདེ་སྡུག་གསལ་བར་སྟོན་བྱེད་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཞིག་བཏོན་པ་ནས་རྒྱ་གཞུང་གིས་༢༠༡༡་ལོའི་ཟླ་བཞི་བར་ཁོང་ས་གནས་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་མྱོང་བ་དང་། འདྲི་གཅོད་དང་དཀའ་ཁག་མི་ཉུང་བ་ཞིག་མྱང་ཡོད་འདུག་ཁོང་ནི་རྒྱུན་དུ་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྐྱེས་བུ་ཞིག་ཡིན། ད་ཐེངས་བཏོན་པའི་བཙན་པོའི་སྙིང་སྟོབས་དེབ་ཕྲེང་གཉིས་བའི་ནང་བོད་མིའི་རང་ལུས་མེར་སྲེག་དང་། བཙན་བྱོལ་གཞུང་། གོང་ས་མཆོག་དང་། ཀུན་གཟིགས་པན་ཆེན་ཆོས་བརྒྱུད་བླ་ཆེན་ཁག་བོད་ཀྱི་ཐོབ་ཐང་དང་། ཞི་རྒོལ་བོད་ཀྱིས་ཁོར་ཡུག་དང་། གྲངས་ཉུང་མི་རིགས་དང་པེ་ཅིན་གཞུང་བར་གྱིས་སྐོར་སོགས་རེ་རེ་བཞིན་དོན་ཚན་ཉེར་ལྔའི་ལམ་ནས་གསལ་སྟོན་བྱས་ཡོད་འདུག

གསར་འགྱུར།

Post navigation

Previous Post: རྩོམ་པ་པོ་འཇིགས་མེད་ལགས་འཇུ་བཟུང་བྱས་འདུག
Next Post: རྩོམ་པ་པོ་འཇིགས་མེད་ལགས་འཇུ་བཟུང་བྱས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme