Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

Posted on 2011-03-22 By ཁ་བརྡ་ No Comments on སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

untitled-a9
ཞུ་གསོལ།
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ བའི་གྲོས་ཚོགས་ཚོགས་དུས་ ༡༡ པར་གལ་ཆེའི་གསུང་འཕྲིན་ཤོག་ངོས་བདུན་ཅན་ཞིག་བསྩལ་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུའི་གྲོས་འཆར། ཡིག་ཆ་ཨང་ ༥ པའི་ངོ་བོར་གལ་ཆེན་དོན་ཆེན་དུ་བརྩིས་ནས་ཕྱི་ཚེས་ ༡༤ ཉིན་རྒྱབ་ནས་ཚེས་ ༡༥ ཞོགས་པ་བར་དུ་གསུང་འཕྲིན་དེར་དཔྱད་ཞིབ་བྱེད་རྒྱུའི་དུས་ཚོད་སྤྲད་པ་དང་། ཕྱི་ཚེས་ ༡༥ ཉིན་གང་བོར་གྲོས་ཚོགས་སུ་གསུང་འཕྲིན་ལ་བགྲོ་གླེང་གནང་བ་ནི་ཧ་ཅང་གི་རླབས་ཆེན་དང་བཀུར་འོས་པའི་གནས་སུ་མཆིས།
འོན་ཀྱང༌། ཉིན་འདི་དག་ཏུ་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་བཀའ་མོལ་གནང་བའི་བརྒྱུད་རིམ་ལ་བལྟས་ཚེ་༧གོང་ས་མཆོག་གི་བཀའ་དགོངས་རྟོགས་ཡོད་མེད་དང་། གསུང་འཕྲིན་འདི་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པར་ངོས་འཛིན་བྱུང་ཡོད་མེད་ཆ་མ་འཚལ་བ་སོགས་འདོད་བློ་ཁེངས་པ་ཞིག་མ་ཡོང་བ་དང་། གཞན་ཡང་།དོ་སྣང་ཡོད་མཁན་འགའ་ཞིག་གིས་གསུང་འཕྲིན་འདིའི་སྐོར་ལ་བཙན་བྱོལ་དུ་ཡོད་པའི་ཤེས་ཡོན་པའི་སྡེའི་ལྟ་སྟངས་གང་འདྲ་ཡོད་མེད་སྐོར་ལ་ཛ་དྲག་གིས་བགྲོ་གླེང་ཞིག་བྱེད་ཐུབ་ན་ཞེས་བསམ་ཚུལ་བྱུང་བར་བརྟེན། དང་བླངས་པ་ཁག་ཅིག་གིས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་ལ་གཞོལ་མཁན་མཁས་དབང་དང་། རྩོམ་པ་པོ། ཉམས་ཞིབ་པ་ཁག་ཅིག་ལ་མགྲོན་འབོད་བྱས་ནས་ཉིན་གཅིག་གི་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པ་ཡིན།

བགྲོ་གླེང་སྟེང་དུ་བྱུང་བའི་བསམ་ཚུལ་ཁག་ཟུར་འདོན་བྱས་པ་གཤམ་གསལ།

དང་པོ། ༧གོང་ས་མཆོག་གི་གསུང་འཕྲིན་ལག་ལེན་ལ་བསྟར་དགོས།
ཐེངས་འདིའི་བགྲོ་གླེང་སྟེང་དམིགས་བསལ་གདན་ཞུས་ཀྱིས་གསུང་བཤད་གནང་མཁན་ ༡༡ དང་། ཟིན་བྲིས་པ ༣ ། གོ་སྒྲིག་པ་ ༢ བཅས་ཁྱོན་ཚོགས་ཞུགས་པ་བཅུ་དྲུག་ཡོད་པ་ལས་ཚོགས་ཞུགས་པ་ ༡༣ ཀྱིས་༧གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དེ་ལག་ལེན་དུ་བསྟར་རྒྱུའི་དུས་ལ་བསླེབས་ཡོད་པར་ངོས་འཛིན་གནང་ཡོད།
༧གོང་ས་མཆོག་གི་གསུང་འཕྲིན་ནང་དུ་གསལ་བོར་གསུངས་ཡོད་པ་ལྟར། ཁོང་གི་སྐུ་ཁམས་བདེ་ཐང་ཡིན་པའི་སྐབས་འདིར་བོད་མི་རྣམས་ཀྱིས་རང་འགན་རང་འཁུར་ལག་ལེན་དུ་བསྟར་རྒྱུ་དང་། གསུང་འཕྲིན་ནང་གསལ་བ་ལྟར་བོད་མི་རྣམས་ཀྱིས་ཁོང་མེད་པ་ནང་བཞིན་གྱི་འགན་ལེན་བྱས་ནའང་། གལ་སྲིད་བོད་མི་རྣམས་ཀྱིས་ནུས་པས་མ་ལྕོགས་པ་དང་ལས་དོན་ལ་ལམ་སྟོན་དགོས་རིགས་བྱུང་ཚེ། ༧གོང་ས་མཆོག་ལ་བཀའ་སློབ་ལམ་སྟོན་ཞུ་ཆོག་པའི་ཞལ་བཞེས་ཕེབས་ཡོད། དེར་བརྟེན་འགན་ཐེག་མིན་ལ་མ་ལྟོས་པར་འགན་འཁུར་དགོས་པ་ཡིན་སྟབས། གྲོས་ཚོགས་ཀྱིས་ཚོགས་འདུ་འཕར་མ་འཚོག་དགོས་བྱུང་ནའང་དེ་ལྟར་གནང་བའི་དུས་ལ་བབ་ཡོད་ཅིང་། མང་ཚོགས་ཀྱིས་ཀྱང་གསུང་འཕྲིན་འདིའི་སྐོར་ལ་གོ་རྟོགས་འཕེལ་ཕྱིར་སྦྱང་བཤད་སོགས་ག་རེ་གནང་རྒྱུ་ཡོད་ནའང་གནང་དགོས་ལ། ད་ལྟའི་དུས་འདི་ནི་ཁོང་གི་རླབས་ཆེའི་དགོངས་གཞི་དང་གལ་ཆེའི་གསུང་འཕྲིན་ལག་ལེན་དུ་བསྟར་རྒྱུའི་འགག་རྩར་བསླེབས་ཡོད།
ལག་ལེན་ཏུ་བསྟར་སྐབས་དུས་ཐུང་ནང་འགྱུར་བ་ཆ་ཚང་གཏོང་ཐུབ་པ་ཞིག་ཡོང་གི་མེད་པ་གསལ་བོ་ཡིན་ནའང་། ཉིན་འགྱངས་ཞག་འཕུད་དུ་མ་བཞག་པར་འགྱུར་བ་གཏོང་དགོས་པ་གལ་ཆེན་པོ་ཡིན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དེའི་ཐད་བསྐྱར་དུ་ཐུགས་བསམ་བཞེས་དགོས་པ་ཆགས་ཡོད།
untitled-a7
གཉིས་པ། ཁོང་ལ་བསྐྱར་དུ་གསོལ་བ་འདེབས་དགོས་ནའང་དེ་ལ་ནང་གསེས་དབྱེ་བ་གཉིས་དགར་དགོས།
ཡང་ཐེངས་འདིའི་བགྲོ་གླེང་ཚོགས་མི་ ༣ ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་ལ་དབྱེ་བ་གཉིས་ཕྱེས་ཏེ། བོད་མི་རྣམས་ཀྱིས་འགན་ལེན་ཐུབ་པ་གང་ཡོད་ལ་གཞིགས་ཏེ། འགན་ལེན་བྱེད་ཐུབ་པ་རྣམས་འགན་ལེན་དང་།
ཡང་ད་ལྟའི་དུས་འདིར་བོད་མི་རྣམས་ཀྱིས་འགན་ལེན་བྱེད་མི་ཐུབ་པ། དཔེར་ན། བོད་རྒྱ་འབྲེལ་མོལ་གྱིས་མཚོན་བོད་ཀྱི་རྩ་དོན་ལ་འཕྲད་ཉེན་ཆེ་བའི་དཀའ་ངལ་ཁག་བཅུ་གཉིས་བཀའ་ཤག་ནས་གསལ་འདོན་གནང་བ་བཞིན། ཆབ་སྲིད་ཀྱི་གལ་གནད་ཆེ་ཁག་བཅས་ལ་ཁོང་གིས་མུ་མཐུད་ཐུགས་འགན་བཞེས་རྒྱུའི་ཐད་ཁོང་ལ་གསོལ་བ་ཕུར་ཚུགས་སུ་མ་བཏབས་ཐུ་མེད་ཀྱི་གནས་སུ་ཡོད་ནའང་། གོམ་པ་རིམ་སྤོ་བྱས་ཏེ་དུས་ཡུན་ངེས་ཅན་ཞིག་གི་ནང་ཁོང་གིས་བཀའ་གནང་བ་ལྟར་བོད་མི་རྣམས་ཀྱིས་རང་འགན་རང་འཁུར་ཆ་ཚང་ཐུབ་པ་བྱ་རྒྱུའི་གྲ་སྒྲིག་ད་ལྟ་ནས་འགོ་རྩོམ་ཐུབ་པ་བྱ་དགོས།

གསུམ་པ། མཚན་གནས་རྗེས་འབྲེལ་མ་ཡིན་པར་མང་མོས་འོས་བསྡུའི་ལམ་ནས་བོད་མིའི་དབུ་ཁྲིད་དུ་བསྐོ་བཞག་གནང་རྒྱུ།
ཡང་བགྲོ་གླེང་ཚོགས་ཞུགས་པ་ ༡ གིས་ད་ལྟའི་ཆར་༧གོང་ས་མཆོག་ལ་གསོལ་བ་འདེབས་དགོས་ནའང་ཉེ་ཆར་གསར་འགོད་པར་གསུངས་པ་ལྟར་ན། ཁོང་གིས་གསུང་འཕྲིན་དེར་འགྱུར་བ་གང་ཡང་གཏོང་གི་མིན་པ་གསལ་བོ་ཡིན་སྟབས། ལས་རིམ་གཉིས་པ་ནི་མི་མང་གིས་འོས་བསྡུ་བྱེད་དགོས་ནའང་འདྲ་ལ་གྲོས་ཚོགས་ཀྱིས་འོས་བསྡུ་བྱེད་དགོས་ཀྱི་ཡོད་ནའང་འདྲ། གང་ལྟར་སྐབས་དང་པོ་དང་སྐབས་གཉིས་པ་སྟེ་ལོ་ལྔ་ཚན་གཉིས་རིང་། མཚན་གནས་རྗེས་འབྲེལ་གྱི་སྟེང་ནས་མིན་པར་ཁོང་མང་མོས་འོས་བསྡུའི་ལམ་ནས་བསྐྱར་དུ་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་ཕེབས་ཐུབ་ན། དུས་ཡུན་དེའི་ནང་གཞི་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དེ་སྲ་བརྟན་ཞིག་ཆགས་སྲིད་པ་དང་། དཀའ་ངལ་འཕྲད་ཀྱི་མ་རེད་ལ། དུས་ཡུན་དེའི་ནང་བོད་མི་རྣམས་རང་འགན་རང་ཁུར་ཐུབ་པར་འབད་བརྩོན་དང་གོ་སྐབས་ཡོད།

བཞི་པ། གཞིས་བྱེས་བོད་མིར་གོ་རྟོགས་སྤེལ་དགོས།
དེ་བཞིན་དུ་བགྲོ་གླེང་བ་ཡོངས་ཀྱིས་ཐེངས་འདིའི་༧གོང་ས་མཆོག་གི་གསུང་འཕྲིན་ཐད་ནས་གཞིས་བྱེས་བོད་མི་ཡོངས་ལ་ངེས་པར་དུ་གོ་རྟོགས་ཡག་པོ་སྤེལ་དགོས་པར་མ་ཟད། གཞིས་བཞུགས་བོད་མི་རྣམས་ལ་གོ་ནོར་མི་ཐེབས་པའི་ཆེད་དུ་ངེས་པར་དུ་གསལ་བཤད་དང་བརྒྱུད་བསྒྲགས་ཡག་པོ་བྱ་དགོས། ད་ལྟའི་ཆར་གཞིས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་༧གོང་ས་མཆོག་གིས་དགོངས་པ་ཞུ་རྒྱུ་ཡོད་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་དགོངས་པ་འཁྲོལ་རྒྱུ་ཡོད་པ་བཅས་ད་ལྟའི་བཙན་བྱོལ་གྱི་མང་གཙོའི་གནས་བབ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན། གོ་ནོར་ཐེབས་སྲིད་པའི་ཉེན་ཁ་ཡོད་པས་གོ་བརྡ་གསལ་བོ་སྤྲོད་ཐབས་ཀྱི་འབད་བརྩོན་ངེས་པར་གནང་དགོས།

གོང་གསལ་གལ་ཆེའི་བསམ་ཚུལ་ཁག་བཞི་ནི། ཐེངས་འདིའི་༸གོང་ས་མཆོག་གི་བཀའ་ཡིག་རིན་པོ་ཆེའི་དགོངས་དོན་ལ་ཉམས་ཞིབ་པ་དང་མཁས་དབང་ཁག་གི་ཕུལ་བའི་དགོངས་ཚུལ་ཡིིན་པས། དེ་ལ་གཞིར་བཟུང་ནས་བསྐྱར་དུ་བགྲོ་གླེང་འཕར་མ་ཡོང་བའི་རེ་སྐུལ་བཅས། བགྲོ་གླེང་གོ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ་དང་ཚོགས་ཞུགས་པ་ཡོངས་ཀྱིས་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༩ ཉིན་ཕུལ་བ་དགེའོ།།

བགྲོ་གླེང་ལ་ཚོགས་ཞུགས་བྱེད་མཁན་དག་གི་མཚན་གཞུང་།
༡ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན།
༢ ངྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དགེ་འདུན་བསྟན་འཛིན།
༣ ལོ་རྒྱུས་ཉམས་ཞིབ་པ་འགུ་ལོག་དམ་ཆོས་དཔལ་བཟང་།
༤ བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར།
༥ ལོ་རྒྱུས་ཉམས་ཞིབ་པ་མཁན་པོ་འཇུ་བསྟན་སྐྱོང་།
༦ ནོར་གླིང་མཐོ་སློབ་འགན་འཛིན་སྒྲོལ་དཀར་སྐྱབས།
༧ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་གངས་ལྷ་མོ།
༨ རང་དབང་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།
༩ བོད་ཀྱི་བང་ཆེན་གསར་འགོད་པ་ལི་ཐང་འཇམ་དབྱངས་བཟོད་པ།
༡༠ ཆབ་སྲིད་བཙོན་ཟུར་དང་སྒྱུ་རྩལ་བ་མགོ་ལོག་ཟླ་པེ།
༡༡ དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་རྨོག་རུ་བསྟན་པ།
༡༢ མདོ་སྨད་དབུས་རྒྱུན་ཚོགས་གཞོན་མགོན་པོ་དོན་འགྲུབ།
༡༣ བགྲོ་གླེང་གོ་སྒྲིག་པ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།
༡༤ བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས།
༡༥ བོད་ཀྱི་དུས་བབ་གསར་འགོད་པ་ཟུར་བ་ཨ་རིག་འགྱུར་མེད།
༡༦ དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སློབ་སྤྱི་ལྷ་ཆབ་སྦྱིན་པ།
ཟུར་ཉན་པ། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁག་གི་སློབ་མ་ཁག་ཅིག་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་མ་ཁག་ཅིག དེ་བཞིན་དུ་མཚན་ཉིད་གྲྭ་ཚང་དང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁག་ཅིག དྷ་ས་དང་། ལྷོ་ཕྱོགས་མོན་གྷོ་ཊི། ནོར་གླིང་སོགས་ནས་ཕེབས་པའི་མི་སྣ་སོགས་ཁྱོན་བསྡོམས་བཅུ་ཕྲག་བཞི་ལྷག་འདུག དེའི་ནང་ནས་ཟུར་ཉན་པ་བཅུ་ཕྲག་གཉིས་ལྷག་གིས་བསམ་ཚུལ་གསུང་ཡོད།

ངོ་བཤུས།
སྐུ་སྒེར་ཡིག་ཚང་།
བཀའ་ཤག
གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་།
གནད་ཡོད་མི་སྣ་ཁག

གསར་འགྱུར།

Post navigation

Previous Post: སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།
Next Post: སྤྱི་འཐུས་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme