Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡོ་བསྲེག་རླངས་ལུམས།

Posted on 2009-07-05 By གཡང་འབུམ་རྒྱལ་ No Comments on རྡོ་བསྲེག་རླངས་ལུམས།

མདང་དགོང་གྲོགས་པོ་སྨན་པ་ཞིག་གི་གཉེན་སྟོན་སྔོན་འགྲོའི་རྟེན་འབྲེལ་དུ་བོས་པ་ལྟར་དེར་སོང་། དེར་སོང་བ་ན་རྟེན་འབྲེལ་དེ་ནི་ནམ་རྒྱུན་གྱི་གཉེན་སྟོན་བྱེད་སྒོ་ཞིག་མིན་པར་གུར་ཆུང་ངམ་རྔུལ་ནག་ཁང་ sweat lodge དུ་བསྡད་དེ་ལུས་རྔུལ་འདོན་པའི་ལམ་ནས་ལུས་སེམས་ཀྱི་ནད་གྲིབ་གསོ་བཅོས་བྱེད་
པའི་བྱེད་སྒོ་ཞིག་རེད་འདུག
sweat_lodge_21
དྲོད་ཚད་ ༨༢ ལྷག་ཡིན་པའི་མལ་ཌི་སིན་གྲོང་ཁྱེར་ལས་ཅུང་ཁད་རིང་བའི་ནུབ་ཕྱོགས་སུ་ཡོད་པའི་ཤིང་
ནགས་མཐུག་པའི་གསེབ་ཅིག་ཏུ་སོག་པོའི་གུར་དབྱིབས་ལྟ་བུའི་གུར་ནང་ངོས་འགྱིག་ཤོག་དང་ཕྱི་ངོས་ཀམ་པ་ལི་གཡོགས་པ་ཞིག་ཕུབ་འདུག གུར་འདབ་ས་ཡིས་མནན་ཞིང་སྒོ་ཡང་ཆུང་ཆུང་ཞིག་ལས་མི་འདུག གུར་གྱི་ཕྱོགས་གཅིག་ཏུ་མེ་ཕུང་སྤར་ཏེ་ལྷོ་ཌེཀོ་ཊ་མངའ་སྡེ་ནས་འཁྱེར་ཡོང་བའི་རྡོ་ལག་པའི་འཁྱོག་ཙམ་མང་པོ་ཞིག་ཚ་བསྲེག་བྱེད་བཞིན་འདུག གུར་སྒོའི་མདུན་དུ་ས་ཐོ་ཞིག་གི་སྟེང་ཤིང་རྒྱུག་ཞིག་བརྩངས་འདུག་པར་དེའི་རྩར་ཤུག་པ་དང་སྤྲ་བ། ཨ་རིའི་རྒྱལ་དར། རིན་ཆེན་རྡེའུ། བྱིན་ཅན་རྟེན་སྐལ་ཆུང་ངུ་རེ་བཞག་འདུག

ང་ཚོ་མི་བཅུ་ལྷག་འདུག ཨ་རིའི་ཨིན་ཌི་ཨིན་མི་ཕོལ་འབོད་པ་ཞིག་འདུག ཁོ་རྟེན་འབྲེལ་བྱེད་སྒོ་འདིའི་གཙོ་སྐྱོང་བ་རེད་འདུག ཁོས་དང་པོ་ས་ཐོའི་ཤིང་རྒྱུག་ལ་གུས་ཕྱག་དང་བཅས་ཨིན་ཌི་ཨིན་སྐད་དུ་སྨོན་ལམ་གསོལ་འདེབས་བཏབ་ཏེ་ཤིང་བཟོས་རྭ་ཙེ་རིང་པོ་ཞིག་ནས་རྟེན་འབྲེལ་ཚུལ་དུ་དུ་བ་ཕུ་རེ་འཐེན་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་ཕུལ། དེ་ནས་ཁོ་རང་གིས་འགོ་ཁྲིད་དེ་མི་བཅུ་བོ་གོག་འགྲོས་ཀྱིས་གུར་སྒོ་ནས་འཛུལ་ཏེ་གུར་འདབ་ནས་ས་ཐང་དུ་ཙོག་པུར་སྡོད་དུ་བཅུག སྐྱེས་པ་ཚོས་རྐང་ཐུང་མ་གཏོགས་གོན་མི་ཆོག་པ་དང་བུད་མེད་ཚོས་འཇར་མ་རིང་པོ་དང་སྟོད་གོན་ཐུང་ཐུང་ཞིག་གོན་ཆོག གུར་ནང་ནས་སྐད་ཆ་ཅི་ཡང་བཤད་མི་ཆོག ལུས་ལ་ཆུ་ཚོད་དང་ཁ་པར་ལག་གདུབ་སོར་གདུབ་སོགས་ཅི་ཡང་ཐོགས་མི་ཆོག གཙོ་སྐྱོང་ཕོལ་གྱིས་རྔ་ཐེངས་རེ་བརྡུང་བ་དང་ཨིན་ཌི་ཨིན་སྐད་དུ་སྨོན་ལམ་ཐེངས་རེ་བཏབ། ས་རིམ་བཞིན་རུབ།གུར་ནང་ཇེ་ནག་ཇེ་འཐོམས་སེ་སོང་། དབུགས་ཀྱང་གཏོང་དཀའ་བར་གྱུར། གུར་དཀྱིལ་དུ་ས་དོང་ཞིག་བྲུས་འདུག
lodge1-3501
དེ་ནས་ཅུང་ཕྱིན་པ་དང་གཙོ་སྐྱོང་བ་ཕོལ་གྱིས་ཕྱི་ལོགས་ཀྱི་མི་ལ་མེར་བསྲེགས་རྡོ་ཚ་བོ་ཁག་ཅིག་གུར་ནང་འཁྱེར་ཤོག་ཅེས་སྐད་སྦྱིན། ཁོས་རྡོ་ཚ་བོ་རེ་རེ་བཞིན་ས་དོང་དུ་བཞག་སྟེ་གཞན་ཞིག་ལ་ཤུག་སྐམ་ཅུང་ཟད་རེ་བཏབ་ཏུ་བཅུག་པར་ཚ་ཙག་ཙག་བྱེད། དྲོད་ངམ་གྱིས་གདོང་ཡང་ཚ་ལམ་མེ་བྱེད། རྡོ་ནི་ད་རུང་དམར་ལམ་མེ་བསྡད་འདུག དེ་ནས་ཁོས་མི་ཚང་མར་སེམས་ཕྱི་ལ་མ་གཡེང་ནང་དུ་ཆུག ཤ་མ་སྒྲིམ་རྩ་དྲང་པོར་ལྷོད། རང་གི་ཕ་མེས་ཡང་མེས་དང་སྐྱབས་གནས་ལ་གསོལ་བ་སྨོན་ལམ་ཐོབ་ཅེས་བཤད། དེ་ནས་རྔ་ཞིག་ལ་དབྱུ་གུས་སྣུན་ཞོར་ཨིན་ཌི་ཨིན་སྐད་དུ་བཀྲ་ཤིས་པའི་གཞས་ཤིག་བཏང་། དེ་ནས་འཁྲིས་ཀྱི་དུང་བན་ནང་ནས་ཆུ་སྐྱོགས་རེ་རྡོ་ཚ་བོ་སྒང་གཏོར། སྐར་གཅིག་ཀྱང་མ་འགོར་བར་ངའི་ལུས་ཡོངས་ལ་དྲོད་ལམ་ངར་འཁྱུག་འཁྱུག་བྱེད། རིམ་བཞིན་ག་ས་གང་ནས་རྔུལ་ནག་བཞུར། རྔུལ་ནག་བཞུར། ཆུ་རྡོག་པོ་ག་ས་ག་ནས་མར་འཛར། དེ་ནས་ཁོས་དབྱིན་སྐད་དུ། སེམས་གཅིག མི་གཅིག་ ངག་གཅིག རྭ་ཙེ་གཅིག་(ཨིན་ཌི་ཨིན་སྐད་ལ་ཆེ་ནོ་པ་) ཧོ་ལོ་ལོ་ཞེས་སྒྲོག་བཞིན་མི་ཚང་མས་དེ་ལྟར་མགྲིན་གཅིག་ཏུ་སྒྲོགས
དེ་ནས་ཁོས་སོ་སོ་ལ་བསམ་ཚུལ་དང་ཚོར་སྣང་ཅི་ཡོད་འཛེམས་ཟོན་མེད་པོར་བཤད་ཤོག ཡང་ན་བག་གསར་གཉིས་ལ་ཤིས་ཚིག་རེ་བཤད་ཀྱང་འགྲིག་ཟེར། རིམ་བཞིན་མི་རེ་རེས་རང་གི་མྱོང་ཚོར་རེ་བཤད། ངས་ཀྱང་བསམ་བློ་གང་འཚམས་བཏང་སྟེ་མདོར་བསྡུས་ཤིག་བཤད། གུར་ནང་ནག་འཐིམས་སེ་བསྡད་ཡོད།

སྐར་མ་ ༡༥ ཙམ་རྗེས་རྡོ་ཚ་བོ་རིམ་པ་གཉིེས་པ་སྔ་མའི་རྡོ་སྟེང་བཞག སླར་ཡང་རིམ་པ་དང་པོའི་འགྲོ་སྟངས་ཆ་ཚང་ཐེངས་གཅིག་སོང་། ཐེངས་འདིའི་གཞས་ནི་ཕ་མེས་ཡང་མེས་དྲན་གསོ་ཆེད་འདུག མི་ཚང་མས་ཕ་མེས་སྐོར་ལ་མྱོང་ཚོར་རེ་བཤད། ངའི་ལུས་ནས་རྔུལ་ནག་མང་ཙམ་བཞུར།

རྡོ་ཚ་བོ་རིམ་པ་གསུམ་པ་སླེབས། སྔོན་ལྟར་གཙོ་སྐྱོང་བ་ཕོལ་གྱིས་གསོལ་འདེབས་སྨོན་ལམ་བཏབ། རྔ་བརྡུངས། སྨན་བཅོས་སྐོར་གྱི་གཞས་བཏང་། མི་ཚང་མས་ནད་གསོ་སྨན་བཅོས་སྐོར་ལ་ཚིག་རེ་བཤད། ངའི་ལུས་ནས་རྔུལ་ནག་སྔར་ལས་མང་ཙམ་བཞུར། ཕལ་ཆེར་ལི་ཀྲི་གཅིག་བཞུར་ཡོད་སྙམ།

མི་ཚང་མས་ངག་བསྡམ། ཕྱི་བསྐྱོད་བྱེད་མི་ཆོག

རྡོ་ཚ་བོ་རིམ་པ་བཞི་བ་སླེབས། རིམ་པ་སྔ་མའི་བྱེད་སྟངས་ཚང་མ་སླར་ཡང་ཐེངས་གཅིག་སོང་། ད་ཐེངས་རྡོ་ཚ་བོ་མང་པོ་སྤུངས་ཡོད་པས་གུར་ནང་གི་དྲོད་དེ་ཇེ་ཆེ་ནས་ཇེ་ཆེར་སོང་། ཆུ་ཅི་ཙམ་མང་བ་གཏོར་བ་དེ་ཙམ་གྱིས་དྲོད་ངམ་ཆེ་རུ་སོང་། ལུས་ནས་རྔུལ་ནག་བཞུར་མང་དུ་སོང་།

དེ་ལྟར་ཆུ་ཚོད་གཉིས་ཙམ་གུར་ནང་བསྡད་། དབུགས་རིང་ལེན་དང་གཏིང་ལེན། ལུས་པོ་སྤྲུགས་སྤྲུགས་ཐེངས་འགའ་བྱས། དེ་ནས་གཙོ་སྐྱོང་བ་ཕོལ་གྱིས་མི་ཚང་མར་ད་ཕྱི་ལོགས་ལ་འགྲོ་ཆོག གུར་ནང་གི་བྱེད་སྒོ་ཚར་སོང་ཞེས་སྒྲོགས། སླར་ཡང་མི་རེ་རེ་བཞིན་གུར་ནང་ནས་གོག་འགྲོས་བྱས་ཏེ་གུར་ཕྱིར་ཐོན། ངའི་ལུས་པོ་ཇེ་ཡང་དང་སེམས་བག་ཇེ་ལྷོད་དུ་སོང་འདུག མི་གཞན་པ་ཚོའི་མྱོང་བ་ཇི་འདྲ་ཡིན་མི་ཤེས་མོད། ཕལ་ཆེར་བདེ་མོ་བྱུང་ཡོད་མདོག་རེ་སྟོན་བཞིན་འདུག

དེ་ནས་གཙོ་སྐྱོང་བས་མཇུག་བསྡུའི་གསོལ་འདེབས་སྨོན་ལམ་བཏབ་སྟེ་རྭ་ཙེ་རིང་པོ་དེ་འཐེན་བཞིན་སླར་ཡང་ཕྱོགས་བཞི་མཚམས་བརྒྱད་ལ་ཕུ་རེ་ཕུལ། དེ་ནས་མི་རེ་རེས་རེས་མོས་ཀྱིས་རྭ་ཙེ་དེ་ལག་ཏུ་བླངས།
རྔུབ་འཐེན་རེ་བྱས་ཏེ་ཡར་བལྟ་བཞིན་དུ་བསངས་གནམ་རྒན་མ་ལ་ཕུལ་བའི་ཚུལ་བྱས།

གཉེན་སྟོན་སྔོན་འགྲོའི་བྱེད་སྒོ་འདི་ལྟར་གྲོལ། རིམ་པས་རྒྱུན་གོན་གྱོན་གོས་གོན། ཆུ་ཚོད་ལ་བལྟས་པར་
མཚན་གྱི་ཆུ་ཚོད་ ༡༡།༣༠ རེད་འདུག དེ་ནས་དེར་གོ་སྒྲིག་བྱས་པའི་ཨ་རིའི་ནུབ་ཚ་དེ་ཟོས། ཁྱིམ་དུ་
ལོག་སྟེ་གཉིད་སྐྱིད་ཅིག་ཡུར།

སྣ་ཚོགས།

Post navigation

Previous Post: ཕ་ཟས་སྦྲང་དཀར་རྩམ་པ།
Next Post: བོད་ཀྱི་དུས་བབ་དྲ་ཚིགས་ལགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme