Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྱི་བཀླགས་བྱང་།

Posted on 2010-03-05 By 2 Comments on གྱི་བཀླགས་བྱང་།

སྨུག་སྤྲིན་དེ་ང་ལ་འཐིམ་སྲིད་དམ།
རྩོམ་པ་པོ། གཉན་པོ།

ནམ་མཁའ་ཧ་ཅང་དྭངས་པའི་སྐབས་སུ་ཡང་།
གདུག་རྩུབ་ཀྱིས་འཐིབ་སྲིད་པའི་སྨུག་སྤྲིན་དེ།
བར་སྣང་གི་མི་ཚོགས་དེའི་སེམས་པའི་ཀླུང་རྟ་ཡིན་ན།
དངོས་ཡོད་ལས་བརྒལ་བའི་ངོ་གདོང་དེའི་ཆེད་དམ།
རླུང་གིས་ཁུར་བཞིན་པའི་དངུལ་སྤར་མོ་གང་གི་དོན་དུ།
གར་ཡོང་འདིར་ཡོང་བྲལ་བའི་སྨུག་སྤྲིན་དེ།
ང་ལ་འཐིམ་སྲིད་དམ།

ཉི་འོད་ལམ་ལམ་འཚེར་བའི་སྐབས་སུའང།
ཁ་བ་གྲང་ངར་གྱིས་དེད་འོང་བའི་སྨུག་སྤྲིན་དེ།
ཁྱེད་ཀྱི་བདེ་བ་འབོད་པའི་རྨི་ལམ་གྱི་གཡབ་མོ་ཡིན་ན།
ང་ཡི་སྔས་མགོར་བཞག་པའི་བཟི་སྨན་དམ་བུ་གང་བོ་འདི་ཡིས་སམ།
རླུང་བུ་རྒྱང་ནས་བསུ་བའི་གྲོང་ཚོ་འདིའི་ཁ་དབུགས་སྐྱ་བས།
སྨུག་སྤྲིན་དེ་ང་ལ་འཐིམ་དུ་འཇུག་སྲིད་དམ།
སྨུག་སྤྲིན་དེ་རྡ་སའི་སྤྱི་ཚོགས་ལ་ཐིམ་པར་སྨྲས་ཤིག།

(གཉན་པོའི་སེམས་ལྗོངས་ལས་བཤུས།)

<>གྱི་བཀླགས་བྱང་།

རས་པ།

ཁོ་བས་ཤེས་ཚོད་ལྟར་ན་གཉན་པོ་ལགས་ནི་རྩོམ་ཡིག་འབྲི་འདོད་ཀྱིས་ཧོབ་ཏེ་བྲིས་པ་དེའི་རིགས་སུ་མི་གཏོགས་ཤིང་། རྩོམ་ཡིག་འབྲི་བའི་སྔོན་འགྲོའི་རིམ་པ་རྒྱུད་པའི་གཞོན་སྐྱེས་རྩོམ་པ་པོ་ཞིག་ལགས།
དེ་སྔ་ཁོང་གིས་རོང་བོ་སྤོས་དཀར་ཞེས་པའི་པུར་མིང་འཁུར་ཏེ་རྩོམ་ཡིག་གང་འཚམས་ཤིག་དང་ཆེད་དེབ་<>ཟེར་བ་བཅས་བཏོན་མྱོང་འདུག ཁ་སང་དེ་རིང་གི་གཉན་པོ་ནི་རོང་བོ་སྤོས་དཀར་ལས་ལོགས་སུ་བུད་དེ་རྩོམ་རིག་གི་གོ་འཕང་ཞིག་ལ་བདག་གིར་བཞེས་འདོད་ཀྱི་སྣང་ཚུལ་མཐོང་ཞིང་།
རྩོམ་ཡིག་ནི་ཅི་ཞིག་བརྗོད་ཡོད་པའི་ཚིག་གི་ཕྲེང་བ་སྤེལ་བ་ལས་བརྒལ་ཏེ་‘‘ཚོར་བརྗེ་ལག་ཐབས་’’ལྟ་བུའི་སྒྱུ་རྩལ་རྩོམ་རིག་གི་ཐབས་རྩལ་དེའི་རིགས་སུ་མདུན་སྐྱོད་བྱེད་ཀྱིན་འདུག ཁོང་གིས་བོད་ཀྱི་དུས་བབ་ཟིན་བྲིས་སུ་རིམ་པར་རྣམ་པ་གསར་བའི་སྙན་ངག་རིགས་གང་འཚམས་སྤེལ་ཡོད་ཅིང་། དེ་དག་གི་ཁྲོད་ནས་<>ཟེར་བ་ཞིག་གཉན་པོའི་སྙན་ངག་ཚན་པ་གསུམ་གྱི་ཁྲོད་ནས་ཁོ་བས་བཀླགས་པ་ཡིན རྩོམ་གཞུང་ཁྲོད་དུ་ཚོར་བར་སྦྱང་པའི་དུས་རིམ་ཞིག་ལ་མཐའ་དཔྱད་པ་ཁག་ཅིག་མ་འཆམ་པར་ཡོད་ཅིང་། སྐད་གྲགས་ཅན་གྱི་འཇར་མན་གྱི་མཚན་ཉིད་རིག་པའི་རྩོམ་པ་པོ་ཞོ་པན་ཏ་ཝར་ལགས་ཀྱིས་སྙན་ངག་པར་རང་བཞིན་ཉིད་ཀྱིས་ཁྱད་དུ་འཕགས་པའི་རིག་པ་རྣོན་པོ་དགོས་རབས་གླེང་སློང་བྱས་ཏེ་སྙན་ངག་ནི་མིའི་རིགས་ཡོངས་ལ་ཐུན་མོང་གི་བགོ་སྐལ་དུ་ཡོད་པའི་རིག་གནས་རྩོམ་བྲིས་བྱེད་རྒྱུ་ཞིག་མིན་པར་ལྷན་སྐྱེས་ཀྱི་རིག་སྟོབས་རྒོད་པོ་དེའི་རིགས་ཁོ་ནར་དབང་བ་ཞིག་ཡིན་པར་འགྲེལ་བཤད་གནང་གི་འདུག ཁོ་བས་དེ་ལ་མི་འདོད་པའི་རྣམ་འགྱུར་འཛིན་འདོད་ཅིང་། སྙན་ངག་ནི་མི་རྣམས་ཀྱིས་ཚོར་བ་སྦྱངས་ནས་གྲུབ་པར་ནུས་པའི་རིག་གནས་ཤིག་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད།
འོ་ན་སྙན་ངག་ནི་འབྲི་འདོད་པ་གཅིག་བུའི་ཚོར་སྣང་ཡན་གར་བ་དེ་ལ་བསྟེན་ནས་འབྲི་ཐུབ་པ་ཞིག་ཡིན་ནམ། དེ་སྔོན་བོད་ཀྱི་རྩོམ་རིག་གི་འབུམ་རམས་པ་ཐོག་མ་འཇུ་སྐལ་བཟང་ལགས་ཀྱིས་སྙན་ངག་དེ་ལ་ཁའི་རྫི་བོ་ནས་ཞིང་ཁའི་རྒན་པོ། འཁྲུག་ཆ་དོད་པའི་སློབ་གླིང་གི་ཕྱི་ནང་ནས་རྙོག་འཛིང་ཆེ་བའི་གྲོང་ཁྱེར་མྱུལ་བའི་བོད་མི་ཡོད་དོ་ཅོག་གམ་མང་པོ་ཞིག་གིས་འབྲི་གི་ཡོད་པར་བསྟན་ཡོད། ཕྱོགས་གཅིག་ནས་བལྟས་ན་དེ་ལྟར་ཡིན་སྲིད། ཡིད་མ་ཚིམ་པ་དང་རྩོམ་རིག་སྒྱུ་རྩལ་གྱི་ཧམ་སེམས་ངོས་ནས་བཤད་ན་དེ་ནི་ཐལ་གྲགས་པའི་གསུངས་སྲོལ་ཞིག་ཏུ་ངེས་ཤིང་། གོ་ཐོས་སུ་དེང་གི་བོད་ཀྱི་ན་གཞོན་རྩོམ་པོ་ཁག་ཅིག་གི་ཁྲོད་དུ་རང་གྲོལ་ལགས་ཀྱི་<>དེ་རྐ་ཆུ་(ཡུར་ཆུ)ཞིག་རེད་ཟེར་མཁན་བྱུང་འདུག་ཟེར་བར་རྒྱུ་མཚན་མེད་པ་མིན། རྩོམ་རིག་སྒྱུ་རྩལ་ནི་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་གླེང་ན་ཀུན་གྱིས་མཁྱེན་གསལ་ལྟར་བརྗོད་བྱ་ཡོད་པ་དང་། སྡེབ་སྦྱོར་གྱི་འགྲོས་སུ་སྤེལ་བ་ཙམ་གྱིས་མི་འགྲིགས་པར་ཀློག་པ་པོའི་བསམ་བློའི་ནང་དྲི་རྟགས་ཐོན་དགོས་པའི་རིག་གནས་‘‘སེམས་ཁུར་ལ་སྐྱོན་མཁན་’’ཞིག་ཡིན། འདི་ལྟ་བུའི་བྱེད་ལས་ཀྱིས་རིག་གནས་འདི་ལ་གྲུབ་མཐའ་མང་པོ་ཐོན་ཡོད་པ་དང་། ‘སྐྱོ་སྣང་རིང་ལུགས་’’ནི་མཐའ་གཅིག་ཏུ་སྤྱི་ཚོགས་ཀྱི་རྣོ་ངར་ཅན་གྱི་འགལ་བ་དང་། དོ་མ་མཉམ་པའི་གནས་སྟངས་གཅིག་བུ་ལས་བྱུང་བ་ཞིག་མ་ཡིན་པར་སེམས་འཁུར་ལ་སྐྱོན་ནས་སྐྱོ་སྣང་སྐྱེས་པ་དང་།
སྐྱོ་སྣང་གིས་དྲངས་ནས་སྙན་ངག་དང་བརྩམས་སྒྲུང་སོགས་བྱུང་བ་ཞིག་ཏུ་འདོད། ངས་འདི་ལྟར་འདོད་དེ་ཁོ་བོས་མཐོང་མྱོང་བའི་རྩོམ་རིག་ལོ་རྒྱུས་དག་གི་ཁྲོད་དུ་རྩོམ་པ་པོ་རེ་རེར་སོ་སོའི་སྔོན་དུ་སོང་བའི་རྩོམ་པ་པོ་རེ་རེའི་ཤུགས་རྐྱེན་ཡོད་ཅིང་། ཤུགས་རྐྱེན་དེ་ཡིས་སྤྱི་ཚོགས་མཐོང་ཚུལ་ལ་ལྟ་སྟངས་ཤིག་མངོན་ལྐོག་གང་རུང་དུ་ཡོད་པ་བརྗོད་པར་ནུས། དེའི་རྐྱེན་གྱིས་‘‘སེམས་ཁུར་ལ་སྐྱོན་མཁན་’’གྱི་རིག་གནས་འདི་ནི་ཀློག་པོ་སེམས་ལ་དྲི་རྟགས་བཀོད་པའི་རིག་གནས་ཤིག་ཏུ་བསྐྲུན་ན་དགེ་མཚན་ཆེ་བར་མཐོང་ཞིང་། བསླབ་བྱ་དང་ལེགས་བཤད་ལྟ་བུའི་རིག་གནས་དེ་ནི་རིག་གནས་བྱེ་བྲག་པའམ་སྙན་ངག་རིག་གནས་ལ་འབྲེལ་མེད་དུ་གནས་འོས།
འོན་ཀྱང་། སྙན་ངག་ནི་ཅི་ཞིག་རེད། མི་རྣམས་ཀྱི་བཤད་ན་སྙན་ངག་ནི་འཚོ་བའི་ངོ་གདོང་རེད་ཟེར། སྤྱི་ཚོགས་ཀྱི་མེ་ལོང་རེད་ཟེར། ད་དུང་དེ་ལ་སྣོན་པར་འོས་པ་ཁག་ཅིག་ཡོད་དེ་སྙན་ངག་ནི་སྤྱི་ཚོགས་ཀྱི་འཇིགས་ཉེན་སྟོན་བྱེད་ཅིག་ཡིན་འོས། སྙན་ངག་ནི་རང་ཉིད་ལ་ངོས་ཟིན་འཐོབ་བྱེད་ཅིག་ཡིན་འོས། སྙན་ངག་ནི་སྙན་ངག་ཡིན་པའི་ལྟ་ཚུལ་བསྐྱུར་ཏེ་གསར་བརྗེ་ཡི་བློ་འབྱེད་ཅིག་ཏུ་མཐོང་འོས། གནའ་མི་བོད་ཀྱི་གཏམ་དཔེ་ལ་‘‘རུལ་བ་སྣ་ཡིས་མ་ཚོར་’’ཟེར་བའི་བཤད་རྒྱུན་འདི་ལྡོག་ཐབས་ཤིག་ཡིན་འོས། གཉན་པོ་ལགས་ཀྱི་སྙན་ངག་འདིས་ ‘‘རུལ་བ་སྣ་ཡིས་མ་ཚོར་’’བའི་སྤྱི་ཚོགས་ཤིག་བརྗོིད་ཀྱི་ཡོད་པ་མ་རེད་དམ། ཅི་ཡིན་འདི་ཡིན་མེད་པར་གཡང་ལ་ལྷུང་བའི་གནས་བབ་དེའི་ཉེན་འཚབ་བརྗོད་ཀྱི་ཡོད་པ་མ་རེད་དམ། འདི་ནི་ཡིད་ཆེས་རུང་བ་ཞིག་ཡིན་ཏེ་ཁྱོད་ཀྱིས་རྒྱང་བཀྱེད་ནས་རང་ཉིད་ཀྱི་མི་རིགས་དང་བཅས་པའི་སྤྱི་ཚོགས་ལ་གཟིགས་པར་འོས། མཐར་རྩོམ་ཡིག་འདི་ལས་ཁོ་བས་སྐྱོན་ཏུ་མཐོང་བ་རྒྱུ་མཚན་ཅི་ཡང་མེད་པར་སྨྲ་བར་མི་བྱའོ།

ཕྱི་ལོ་༢༠༠༩ཟླ་༡༢ཚེས༨དགོང་མོ།

རྩོམ་རིག

Post navigation

Previous Post: <<སྨུག་སྤྲིན་དེ་ང་ལ་འཐིམ་སྲིད་དམ་>>གྱི་བཀླགས་བྱང་།
Next Post: ཁྱི་སྨྱོ། ༼རྒྱུན་ཤེས།༽

Comments (2) on “གྱི་བཀླགས་བྱང་།”

  1. གཅན་བཟོད་རྒྱམ། says:
    2010-03-06 at 12:15 am

    རས་པས་དཔྱད་བརྗོད་ཡག་པོ་ཞིག་སྤེལ་གནང་འདུག འོན་ཀྱང་རྩོམ་པ་པོ་འཇུ་སྐལ་བཟང་གི་སྐད་ཆ་དེ་ཐད་ཀར་གོ་རྒྱུ་ཞིགམ་ཡིན་པར་ལྡོག་ཕྱོགས་ནས་གོ་དགོས་པ་ལོས་ཡིན། དེ་མིན་ན་འཇུ་སྐལ་བཟང་གིས་ལ་ཁའི་རྫི་བོ་དང་ཞིང་ཁའི་རྒན་པོས་ཀྱང་འབྲི་ནུས་ཤིང་བྲིས་ཆོག་པ་ཞིག་ཡིན་པར་འདོད་པས། དེ་ལྟར་དུ་ཁོང་གིས་ཀྱང་ཨེ་འདོད་དམ་སྙམ། གཞན་ཅང་མི་ཤེས། གཉན་པོའི་སྙན་ངག་ངས་ཀྱང་མང་པོ་བཀླགས་མྱོང་ལ་ཚོར་བ་དམིགས་གསལ་རེའང་སྦྱིན་མྱོང་།

  2. རྨེའུ་་་་་སྐྱ་མདའ། says:
    2010-03-06 at 7:59 am

    གྲོགས་རས་པ་ལགས།
    ཉིད་ཀྱིས་སྤེལ་གནང་བའི་ཕྲན་བཤད་ལ་ཞིབ་མོར་བལྟས་པའི་སྐབས་སུ། དངོས་གནས་གནད་ལ་འཁེལ་བའི་དཔྱད་སྟངས་ཡོང་འདུག་སྙམ་པའི་དགའ་བ་ཞིག་འཕེལ་སོང་། དེའི་དབང་གིས། རྗེས་ཕྱོགས་ཀྱང་གང་མང་ཞིག་སྤེལ་གནང་ཡོང་བའི་རེ་འདུན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme