Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།

Posted on 2013-08-052013-08-05 By ཁ་བརྡ་ 9 Comments on མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།

ཨ་དམར་པོ།

མདོ་དབུས་མཐོ་སྒང་གི་ས་ན་སྔོན་ཆད་སྡེ་བ་དང་ཚོ་བའི་བར། ཆོལ་ཁ་དང་ཆོས་རྒྱུད་བར། ཁྱིམ་ཚང་དང་ཁྱིམ་ཚང་བར། ཐ་ན་མི་སྒེར་དང་མི་སྒེར་བར་ནས་ས་རྩོད་ཆུ་རྩོད་དང་། དོམ་ཆགས་བུ་ལོན་རྩོད་པ། ཁྱིམ་ཆུང་མ་དང་། རྒྱུ་ནོམ་པ་རྩོད་པ་སོགས་ལས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་སྟེ་གཡུལ་སའི་ཁྲག་རྒྱུན་རྒྱ་མཚོར་འདྲེས་དང་འདྲེས་མྱོང་ཡོད། དེ་ལ་ཆེ་ས་ནས་བོད་ཅེས་པའི་ཐ་སྙད་ཁྱབ་ཁོངས་ཀྱི”ནང་དམེ”ཞེས་བརྗོད་སྲོལ་ཡོད་པ་ཙམ་དུ་ཟད། ཡིན་ནའང་། ནང་དམེ་ཞེས་པའི་ཐ་སྙད་འདིའི་འཇུག་ཡུལ་གཙོ་བོ་ནི་ཕ་བུ་དང་མིང་སྲིང་། སྤུན་མཆེད། མ་བུ་སོགས་ནང་འཁྲུགས་བྱས་ནས་ཤི་རྨས་བྱུང་བ་དེར”ནང་དམེ”ཞེས་བརྗོད། དེ་ནི་ཆེ་མ་རུང་པའི་ལས་སུ་བརྩི་ལ། ལོ་དགུར་རྣམ་རྟོག་ཟ་ངེས། ཁྱིམ་ཚང་གཅིག་གི་བཟའ་མི་དང་། རིགས་རྒྱུད་གཅིག་གི་ཕ་མ་བུ་ཕྲུག་མིང་སྲིང་ཉེ་འབྲེལ་བཅས་ཀྱི་བར་ནས”ནང་དམེ”ནི་འབྱུང་མི་འོས་པའི་ཤེས་བྱར་བགྲང་ངེས། དེ་སྔའི་བོོད་ཀྱི་སྤྱི་ཚོགས་སུ་ཕུ་ནུ་མིང་སྲིང་དང་གཉེན་ཉེ་དུའི་ནང་ལ་ནང་དམེ་འབྱུང་བ་སྲིད་མཐའ་ཙམ་མོ།།

དེང་སང་དེ་ལས་ལྡོག་སྟེ། དེང་སང་བོད་པའི་ཨ་མ་དག་གིས་ཀྱང་དེང་རབས་གསོ་རིག་སྨན་སྦྱོར་རྫས་ནུས་ལ་བརྟེེན་ནས་རང་གི་མངལ་ནང་གི་ཕྲུ་གུ་ཚོའི་གཅེས་སྲོག་ཕངས་མེད་དུ་ལྐོག་འཕྲོག་བགྱིས་ཏེ་ནང་དམེ་བྱེད་ཀྱིན་འདུག རང་གི་ཤ་ལས་མཆེད་པའི་བུ་ཕྲུག་གི་ལག་དམར་དུ་འགྲེང་བ་ཇི་འདྲའི་སྐྱི་གཡའ་བ་དང་ཞེ་མེར་བ་ཞིག་མ་ཡིན་ནམ།
སྨན་པའི་ལེའུར་བློ་སྦྱོང་མ་བྱས་པའམ། བྱས་ཀྱང་རང་སྤྱོད་སྲུང་བའི་གྲོགས་སུ་མ་སྦྲན་པའི་ལྷ་རྗེ་སྲིན་མོ་འདྲ་བ་དག་དང་ཁྱི་སྤྱང་ངན་འབྲེལ་གྱིས་ཉེས་མེད་བུ་ཕྲུག་དག་གི་གཅེས་སྲོག་གཅོད་པ་ནི་མི་ཆོས་ཀུན་སྤྱོད་ཅིག་ཡིན་ནམ།
འདོད་པའི་རྟ་ཁ་མ་ལོན་པར་སིད་སྒྲ་གནམ་ས་གཡོ་བའི་ཁྲོད་ནས་འདོད་པའི་བདེ་སྣང་ལ་གཡེང་ཐལ་ཆེ་ནས། ཐིག་ལེ་མངལ་ནང་དུ་ཤོར། དེ་ནི་རང་ཉིད་ཀྱི་བྱས་ཉེས་ལས་མངལ་ཕྲུག་གིས་བསླུ་བྲིད་མགོ་སྐོར་བཏང་བ་ག་ལ་ཡིན། ཡིན་ནའང་། ཡ་ང་སྙིང་རྗེ་ཅི་ཡང་མེད་པར་མངལ་ཕྲུག་དམར་གསོད་བྱེད་པ་ནི་འཇིག་རྟེན་གྱི་ཨ་མ་དག་ལས་གཞན་སུ། དེང་དུས་སུ་གོ་ལའི་སྒང་ན་སྲོག་གཅོད་ཀྱི་གཤེད་མ་དང་། འཇིག་རྟེན་ལག་དམར་གྱི་ཨང་ཐོབ་དང་པོ་ནི་འཇིག་རྟེན་གྱི་ཨ་མ་དག་རེད།

ངས་བརྗོད་བསམ་པ་ནི་དེང་སང་གི་བུད་མེད་ལོ་གཞོན་རང་ཚུགས་དང་རང་ལྟ་མེད་པའི་འཆར་ཡན་པ་མང་པོ་མ་བུ་ནང་དམེ་བྱེད་པའི་ལག་དམར་བ་རྐྱང་རྐྱང་རེད་ཅེས་པའོ།། འདས་སོང་གི་མེས་པོ་ཚོའི་ཨ་མ་དག་གི་ལོ་རྒྱུས་ཀྱིས་ཨ་མའི་བྱམས་བརྩེ་ནི་འཇིག་རྟེན་བྱམས་བརྩེ་མཚོན་པའི་དཔེ་གཞིར་བཀོད་ཡོད་དེ། “མར་མ་གྱུར་པའི་སེམས་ཅན་མེད”ཅེས་དང་། “བརྩེ་བའི་བདག་ཉིད་ཨ་མ་ལས་གཞན་མེད”ཅེས་རླུང་ལྟར་གྲགས་པ་མ་ཟད་རིག་གཞུང་དུའང་ཁ་གསལ་གྱིས་བརྗོད་ཡོད་ཀྱང་། མི་རིགས་རིག་གཞུང་གིས་གསོ་སྐྱོང་བྱེད་མི་ཐུབ་པའི་བསམ་བློ་དང་ཀུན་སྤྱོད་རང་ཡན་པ་དག་གིས་ཅི་ཡང་མི་སྙམ་པར་ལོ་རྒྱུས་རིན་ཐང་ལ་སྨ་ཕབ་ཀྱིན་ཡོད། བྱམས་བརྩེ་སྙིང་རྗེའི་གོང་བུ་ནི་དེང་སང་སྲིན་མོ་ངོ་དམར་དུ་སྤྲུལ་བ་ཅི་ཞིག་གི་རྣམ་སྨིན་རེད།

དེ་ལྟར་བསམ་ན་འཇིག་རྟེན་གྱི་ཨ་མ་དག་ནི་ཤ་གཟན་གྱི་སྲིན་མོ་དང་ཁྱད་པར་ཅི། རང་གི་འདོད་རྔམས་དང་། འདོད་ཆགས་ཀྱི་བཟི་ཁ་རྐྱེན་དྲགས་པའི་སྒེར་གཅོད་བསམ་བློ་དེས་མངལ་ཕྲུག་གི་ཕུང་བོ་ཁྲག་རྣག་གཟུགས་སུ་མངལ་ནས་ཕྱུང་ཏེ། གད་སྙིགས་ཕུང་བོར་ཁྲོད་ནས་མེ་བསྲེགས་བྱེད་པའི་ཆོད་སེམས་ཇི་འདྲའི་བརྟན་པ་ལ་ཨང་། འཇིག་རྟེན་འདིའི་མི་ལྟ་ཅི། སྲོག་ལྡན་སེམས་ཅན་ཡོད་ཚད་འཚོ་གནས་བྱེད་པའི་ཐོབ་ཐང་རང་དབང་དང། བདེ་སྐྱིད་བརྟན་ལྷིང་གི་དུས་འདིར། ཨ་མ་བདུད་མོ་འདྲ་བ་ཚོའི་ཕྱག་ནས་མངལ་གྱི་གཅེས་ཕྲུག་དག་གི་ཚེ་སྲོག་ཡལ་འགྲོ་བའི་ཁ་གྲངས་ཅི་ཙམ་ལ་སླེབས་ཡོད་དམ། ད་ཡ་ང་བ་དང་སྐྱུག་བྲོ་བ་ཞིག་གོ །

ཨ་མ་དག་ནི་ནང་དམེ་བྱེད་པའི་ལག་དམར་བ་དང་། ཕྲུག་གུ་གསོད་པའི་གཤེད་མའོ།། ཕྲུ་གུ་ཚོའི་ཚེ་སྲོག་གི་གཤེད་དུ་ལངས་པའི་ཨ་མ་དག་ལ་ལས་འབྲས་ཀྱི་ཉེས་པ་ཡོད་ན་ཉེས་ཆད་གཅོད་རན་འདུག ཁྲིམས་ཀྱིས་རྒྱབ་སྐྱོར་ཞིག་ཡོད་ན་ལངས་རན་འདུག བཙོན་ཁང་ལྕགས་སྒྲོག་ཅིག་ཡོད་ན་རྒྱག་རན་འདུག མངལ་ནང་གི་ཕྲུ་གུ་ཚོ་ལ་བྱམས་བརྩེ་དང་དྲང་བདེན་གྱི་ཕྱག་ཟུང་སྲིང་མཁན་ཡོད་ན་དུས་ཚོད་ལ་སླེབས་འདུག དྲང་བདེན་གྱིས་ཐག་གཅོད་བྱེད་རན་འདུག ཅིས་ཀྱང་་་་།

ངས་འདིར་སྒྲིག་གཞི་དང་རྩོམ་ཐབས་ཅི་ཡང་མེད་པར་གནད་དོན་འདོན་པ་ཙམ་དུ་ཟད་ཀྱང་། ཀློག་པ་པོ་དག་གིས་དོན་དངོས་ཀྱི་གནད་དོན་དུ་ཤེས་དགོས་པ་ནི་དེང་རབས་བུད་མེད་འདོད་རྔམས་ཅན་གྱི་ཀུན་སྤྱོད་དང་། དེང་རབས་ལྷ་རྗེ་ཚོང་གཉེར་བ་དག་གི་བྱ་སྤྱོད་ནི་རང་ཅག་བོད་ཀྱི་སྤྱི་ཚོགས་ཀྱི་གནད་དོན་དུ་འགྱུར་བཞིན་པའི་མཐོ་རླབས་དེའོ།།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་ཟིན་བྲིས་ཞེས་པའི་དྲ་བ་སྒོ་འབྱེད་བྱས་པ།
Next Post: ལྷ་ས་ནས་རྡ་ས་བར། རྡ་ས་ནས་ལྷ་ས་བར།

Comments (9) on “མངལ་གྱི་ཕྲུ་གུ་ཟ་བའི་དེང་རབས་ཨ་མ།”

  1. Tsering says:
    2013-08-05 at 1:43 pm

    ཡག་པོ་གསུང་འདུག་ ཡིན་ནའང་མགོ་རྗོད་དུ་ཕྲུ་གུ་ཟ་བའི་ཨ་མ་ལབ་དུས་ང་ནི་དངོས་གནས་དངངས་སྐྲག་སྐྱེ་བྱུང་ རྩོམ་འདི་མར་གློག་དུས་ཕྲུ་གུ་ཟ་བ་རེད་མི་འདུག་ དེ་ལས་མངལ་གྱི་ཕྲུ་གུ་གསོད་པའི་དེང་རབས་ཨ་མ་ལབ་ན་ཡག་ག་མི་ན་བསམ།

  2. མེ་ཏོག་དཀར་པོ says:
    2013-08-05 at 2:19 pm

    ག་རེ་ལ་་གི་ཡོད་རེད། བུད་མེད་ཁག་ཅིག་གིས་བྱེད་སྟངས་ལས་དེང་རབས་ཀྱི་ཨ་མ་ཟེར་ན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རང་གི་བུ་མི་ཁྲི་བཙན་པོར་དུང་བཏང་ནས་བསད་འདུག་པར་སྔ་མའི་ཨ་མ་ཞེས་སྡ་རབས་ཀྱི་ཨ་མ་དག་ལ་ངན་སྨྲས་བྱེད་རིགས་སམ། ལར་ནས་རྩོམ་འདིར་བཤད་ཡམས་ཙམ་ལས་དཔེ་མཚོན་ཁུངས་ལུང་ཅན་གཅིག་ཀྱང་བཀོད་མིན་འདུག

  3. ཁ་བ་འཚོ says:
    2013-08-05 at 2:22 pm

    འདིའི་རིགས་བོད་ཀྱི་སློབ་ཆེན་གྱི་སློབ་མའི་ནང་དུ་མང་པོ་ཡོད་རབ་གོ་ཐོས་བྱུང་།སྐབས་རེ་དགེ་རྒན་བུ་ཚོས་སློབ་མ་བུ་མོ་དེ་ཚོའི་མཉམ་དུ་འཁྲིགས་སྤྱོད་བྱེད་ཀྱི་ཡོད་པ་དང་།སྐབས་རེ་དགེ་རྒན་བུ་མོ་ཚོས་ཀྱང་རང་གི་སློབ་བུ་ཕོ་གསར་དེ་འདྲའི་མཉམ་དུ་དགའ་རོགས་སྒྲིགས་པ་ཡང་ཐོས་མྱོང་།བདེན་མིན་མི་ཤེས། གང་ཡིན་ཡང་འདིའི་རིགས་གང་གཟབ་བྱས་ན་ལེགས།འགྱིག་ཤུབ་སོགས་བེད་སྤྱོད་བཏང་ན་ནད་འགོག་ཡ་ཕྲུག་གུ་མི་འཁོར་བ་གཉིས་ཀ་ལ་ཕན་གྱི་རེད་འདོད་སོང་།བསམ་ཚུལ་ཡག་པོ་འདུག སྤྱིར་བོད་ནང་དུ་འཆར་ལྡན་བུ་སྐྱེས་ཀྱིས་སྲིད་ཇུས་དང་ཕྱོགས་མང་པོ་ཞིག་དཀའ་ངལ་ཡང་ཡོད་སྲིད། རྩོམ་བྱང་དེ་གོང་དུ་བཤད་པ་བཞིན་ཅུང་འཇིགས་སྐྲག་འདྲ་འདུག ཡིན་ཡང་རྒྱ་ནང་དུ་་ཕྲུག་གུ་དམར་རྗེན་ཟ་གི་ཡོད་པའི་པར་དེ་འདྲ་ངོ་དེབ་ནང་མཐོང་ཡ་འདུག

  4. འཁྱམས་པོ says:
    2013-08-05 at 3:09 pm

    དེང་རབས་ཨ་མ་ཟེར་བ་དེ་ནི་མི་འོས་བ་ཞིག་དང་བུད་མེད་སྤྱི་ལ་བཀབ་པ་དེར་རྒྱབ་སྐྱོར་མེད། མ་ཟད་བྱབ་ཆུང་གི་ནམ་པ་ཞིག་ཀྱང་མངོན་འདུག འདོད་པ་སྤྱོད་མཁན་ཕོ་དེ་ལ་མི་བཤད་པར་ཡོད་ཚད་མོའི་འགོར་བཀོན་ན་ཧ་ཅང་མི་འོས་པ་ཞིག་དང་། རང་འདོད་ཁེར་བརློམས་ཀྱི་ལྟ་བ་ཆེས་འཁྲེགས་པོ་ཞིག་ཡིན་པ་འདྲ།

  5. བསམ་འཕེལ། says:
    2013-08-05 at 4:01 pm

    འདིའི་འགན་དང་སྡུག་པ་ནི་རྒྱོ་མཁན་གྱི་སྐྱེས་པར་ཡོད། རྒྱོ་མཁན་གྱི་སྐྱེས་པ་ནས་བཟུང་བསྒྱུར་བཅོས་གཏང་དགོས་འདུག

  6. ཨ་དམར་པོ། says:
    2013-08-06 at 12:19 am

    མེ་ཏོག་དཀར་པོ་ལགས། ཀློག་པ་པོ་ཞིག་གི་མ་མཐའི་རེ་བའང་སྤྱི་ཚོགས་ཀྱི་གནད་དོན་ག་གེ་མོར་ཡིན་དགོས་པ་ཤེས་ཡོད་ཚོད། ངས་དོན་བརྗོད་ཚུལ་དུ་མི་སྒེར་རེ་ཟུང་གི་བྱ་བྱེད་བྲིས་མེད་ལ། ཡང་ན་དགག་སྒྲུབ་ཚུལ་དུ་གནད་དོན་དེ་ཡིན་མིན་གྱི་སྒྲུབ་བྱེད་ཀྱང་བཀོད་མེད། སྤྱིའི་ཚུལ་དུ་བསམ་གཞིགས་ཀྱི་གཞི་ཞིག་བསླངས་བ་ཙམ་ཡིན། སྐུ་ཉིད་ཀྱིས་རྩོམ་འདི་ཀློག་པ་མ་ཟད་མཆན་ཕུལ་བ་ལ་རྗེས་སུ་ཡི་རིང་བྱེད་དགོས་པ་ལྟ་ཅི། འོན་ཀྱང་ཀློག་པ་པོ་ཞིག་སྐད་ཆས་ངོས་ནས་མཆན་ཕུལ་ན་ང་ཚོའི་དཔེ་ཀློག་གི་འདུན་ཡོངས་སུ་འགྲུབ་ངེས།

  7. ཨ་དམར་པོ། says:
    2013-08-06 at 12:37 am

    འཁྱམས་པོ་ལགས་ཀྱིས་དྲང་བདེན་གྱི་འདུ་ཤེས་ཤིག་གི་མིག་ཤེལ་གྱོན་ནས་ཀློག་ཡོད་པ་འདྲ། ཧ་ཧ་ཧ། ཡག་པོ་རེད། ངས་བུད་མེད་བྱེ་བྲག་པ་ཞིག་ལ་དམིགས་བཙུགས་ནས་ཁོང་གི་བྱ་བྱེད་ཡོངས་རྫོགས་ཀྱིས་ཁྲིམས་ར་ནས་བདེན་དཔང་བྱེད་དགོས་པའི་ཁྱབ་མཐའ་བཅད་མྱོང་མེད། གཅོད་དགོས་པའི་གནས་ལུགས་ཀྱང་མེད་པ་ཤེས་ནས་ཡོད། ་སྤྱི་ཚོགས་ཀྱི་གནད་དོན་སྤྱི་ཚོགས་ལ་འགེལ་དགོས་ལས་མི་སྒེར་ལ་བསམ་མི་འོས། རྩོམ་ཆག་འདིའི་མཇུག་ན་ཁྱོད་དང་ཁྱོད་འདྲ་བའི་ཀློག་པ་པོ་ཚོར་རྒྱུས་ཡོད་པའི་ཚིག་དུམ་ཞིག་ཡོད།

  8. མེ་རི། says:
    2013-08-06 at 3:34 am

    ཁ་བྱང་ལ་བལྟས་ན་ཚོང་ལས་ཁྱབ་བསྒྲགས་ཀྱི་རྣམ་པ་ཞིག་འདུག ཡིན་ནའང་ཕྱོགས་གཅིག་ཙམ་ལ་བརྟེན་ནས་ཕྱོགས་ཡོངས་སུ་ལེབ་རྡུང་བྱེད་པ་འདི་དྲངས་བདེན་ཞིག་མ་རེད།

  9. ཨ་དམར་པོ། says:
    2013-08-06 at 12:19 pm

    མིས་རིག་གནས་གསར་བཏོད་བགྱིས་པ་ཡིན་ལ། རིག་གནས་ཀྱིས་མི་ཡང་གསར་བསྐྲུན་བྱས་པ་རེད། དེས་ན་མི་དང་རིག་གནས་ནི་ཡ་བྲལ་དུ་བཤད་ཐུབ་ཀྱང་། ཡ་བྲལ་དུ་འཚོ་མི་ཐུབ། དེ་བཞིན་མི་རིགས་དང་མི་རིགས་ཀྱི་རིག་གནས་གཉིས་ཀྱང་དེ་ལྟར་རེད། དེའི་ཕྱིར་མི་རིགས་གཞན་གྱིས་མངལ་གྱི་ཕྲུག་གུ་དག་གསོད་ཀྱིན་ཡོད་ནའང་།བོད་མིའི་བསམ་གཞིགས་བྱེད་སྟངས་དང་གཏན་ནས་མི་འདྲ། རང་རེའི་རིག་གནས་དང་གོམས་སྲོལ་སོགས་འགལ་ཟླར་གྱུར་ཡོད།
    བོད་མི་ཡིན་ན་བོད་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་འགལ་ཟླར་ལངས་ན་བོད་མི་ཞེས་ཇི་ལྟར་འབོད། དེའི་ཕྱིར་བོད་མིས་མངལ་ཕྲུག་རྣམས་འདི་ལྟར་ཅི་ཡང་མི་སྙམ་པའི་གསོད་པ་ནི་ང་ལ་མཚོན་ན་ཧ་ཅང་གི་ཡི་མི་རང་བའི་གནས་སོ།། གོང་གི་མཆན་འགོད་མཁན་འགས་དྲང་བདེན་འདེམས་ཀྱི་ཡོད་ཀྱང་། ཨ་མ་ཚོས་བྱས་ཉེས་ཆེན་པོ་དེར་ལེགས་ཉེས་ཀྱི་ཁྱད་དབྱེ་དང་རིན་ཐང་ལ་ཞིབ་འཇུག་གང་ཡང་མི་བྱེད་ནི་བློ་ཕམ་དང་། བསམ་གཞིག་གི་རྒྱང་མིག་ཐུང་དྲག་པས་ཅི་མིན་སྙམ་པའི་ཚོར་བ་རེ་འགོག་མེད་དུ་འཕྱུར་ཡོང་ཀི།།
    ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme