Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་འགྱུར་ལས་ཚིག་གཅིག

Posted on 2013-08-042013-08-04 By ཡེ་ཤེས་ 22 Comments on བཀའ་འགྱུར་ལས་ཚིག་གཅིག

ཀླུ་སྨྱོན།

དེང་སྐབས་ངས་མདོ་སྡེ་ཕལ་བོ་ཆེ་གླེགས་བམ་ཀ་པ་ཀློག་བཞིན་ཡོད་ལ། མདོ་སྡེ་འདི་ལས་སངས་རྒྱས་རྨང་ག་ཅད་ཅེས་པའི་ཚིག་འདི་ལན་ཁ་ཤས་ཐོན་ཡོང་བས། ཚིག་འདིའི་དོན་ག་རེ་ཡིན་ནམ། དེ་ནས་མར་བཀླགས་ན་ངའི་མིང་སྒྲ་ཇི་བཞིན་ལུང་བསྟན་པའི་ཚིག་བཅད་ཅིག་ཀྱང་འདུག ཧ་ཧ་ཧ།

གསར་འགྱུར།

Post navigation

Previous Post: ངག་འཁྲེབ་པ།
Next Post: བོད་ཀྱི་ཟིན་བྲིས་ཞེས་པའི་དྲ་བ་སྒོ་འབྱེད་བྱས་པ།

Comments (22) on “བཀའ་འགྱུར་ལས་ཚིག་གཅིག”

  1. མེ་ཏོག་དཀར་པོ། says:
    2013-08-04 at 11:48 pm

    ངའི་ཕ་ཉི་མ་དང་མ་རིན་ཆེན་གྱི་མིང་ཡང་གསལ་ཐག་ཆོད་འདུག་ག

    སངས་རྒྱས་འདིའི་མཚན་སྐོར་ཁ་བརྡའི་ནང་བགྲོ་གླེང་ཞིག་བྱས་པའི་སྣང་བ་ཤར།

  2. དགའ་སྐུ་ says:
    2013-08-04 at 11:56 pm

    དེ་ན་་སྐྱེས་བུ་དམ་པར་ལགས་པ་ཚལ།

  3. ཡ་མ་ཚེ་རིང་། says:
    2013-08-05 at 12:03 am

    རྨང་གཅད་མིན་ནམ་སྙམ།

  4. ཨ says:
    2013-08-05 at 12:18 am

    ཚིག་དེའི་དོན་མི་ཤེས་ད། ཧཧཧ་ཁྱེད་ཀ་ཏག་ཏག་ལུང་བསྟན་འདུག

  5. སྤོབས་པ་མཐའ་ཡས། says:
    2013-08-05 at 12:30 am

    ཀླུ་སྨྱོན་ལགས། ངའི་གོ་བ་ལྟར་ན་དེ་ནི། ཐང་ཆད་ཆད། ཟེར་བའི་དོན་ཡིན་པ་འདྲ།

  6. ཀླུ་སྨྱོན། says:
    2013-08-05 at 1:01 am

    རྨང་ག་ཅད་་་་་་་་་་་་ཐང་ཆད།
    སངས་རྒྱས་རྨང་ག་ཅད་་་་་་་་་་་སངས་རྒྱས་ཐང་ཆད།
    དེ་ད་སྙན་མོ་བྱུང་མ་སོང་།

  7. སྤོབས་པ་མཐའ་ཡས། says:
    2013-08-05 at 1:12 am

    ངས་པར་དེ་ལས་གསལ་པོར་མཐོང་གི་མི་འདུག ཚིག་དུམ་ཡོངས་རྫོགས་བྲིས་དང་ང་ཚོས་དཔྱད་ཆོག་གི་རེད།

  8. མེ་ཏོག་དཀར་པོ། says:
    2013-08-05 at 1:21 am

    འ་ཆད། ག་ཆད།
    རྨང་། གཞི། རྩ་བ།
    དེ་ཡིན་དུས་སངས་རྒྱས་གཞི་ནས་ཐང་ཆད། རྩ་བ་ནས་ཐང་ཆད། སོགས་རེད། སྙན་པོ་མེད་ན་ཡང་ཅི་བྱེད། ཡིན་རྒྱུ་དེ་རང་རེད།

  9. མངའ་རིས་ཕྲིན་ལས། says:
    2013-08-05 at 1:54 am

    རྨང་གཅད་ཅེས་པ་དེ་བདེན་ཁ་སྟེར་ན་འགྲིག་ས་རེད། གང་ཡིན་ཞེ་ན། རྨང་གཅད་ཅེས་པ་ནི་རྩ་བ་གཅད་པ་ལ་གོ་དགོས། དེ་འོག་ཙམ་ནས་ཀླུ་སྨྱོན་སྐུ་ཉིད་ལུང་བསྟན་ཡོད་སྟངས་ལ་གཞིག་ན་ཕལ་ཆེར་ཁྱེད་ཀྱི་རྩ་བ་དེ་རྨང་ནས་གཅད་ན་ཨ་ནི་མང་པོ་ཞིག་སྡོམ་པའི་ཆོས་འགོ་ཐོན་པ་ལ་ཕན་པར་དགོངས་ནས་ལུང་བསྟན་གནང་པ་ཡིན་ཚོད་འདུག་མ་རེད་དམ།

  10. མེ་ཏོག་དཀར་པོ། says:
    2013-08-05 at 2:42 am

    ག་ཆད་ཟེར་བ་འུ་ཐུག་ཡིན་པས་སངས་རྒྱས་གཏན་ནས་འུ་ཐུག་ཟེར་དགོས་རྒྱུ་འདུག

  11. ཨ་ར་དཀར་པོ says:
    2013-08-05 at 6:23 am

    དེའི་ནང་ཀླུ་སྨྱོན་ཟེར་བའི་ཚིག་ཅིག་གང་ན་འདུག མི་འདུག ཧཧཧ

  12. སངས་དོན། says:
    2013-08-05 at 7:16 am

    ཡིན་རྒྱུ་ནི། འདི་ལ་དེ་བཞིན་གཤེགས་པ་རྨང་ག་ཅད་ཀྱི་ལེའུ་ཞེས་བཀའ་འགྱུར་དཀར་ཆག་དག་ཏུ་གསལ། ཡང་ཚིག་མཛོད་རྣམས་སུ་གསལ་བ་ལྟར་ན། ༼རྨང་ག་ཅད། རྨག་ཆད། རྨད་ཆད། རྨ་ཆད། ༽འདི་དག་གི་དོན་ནི༼ཡང་དག་པ༽ཞེས་པར་བཀྲལ་བའང་ཡོད་པས་དཔྱད་འཚལ།

    ཀློག་མཁན་ཚོ། ད་མིང་བརྡ་དེའི་མགོ་མཇུག་གི་ཚིག་མང་པོ་ཞིག་ཆེད་འགོད་ཞུས་ཡོད། ད་དེས་དོན་ཅི་སྟོན་ལ་དཔྱད་རོགས།

    སྔན་ཅད་སྤྱད་པ་སྤྱོད་པའི་ཚེ་དེ་དག །ཞིང་ཀུན་ཕུན་སུམ་ཚོགས་པ་མཐོང་བ་རྣམས། །སྙིང་པོ་བྱང་ཆུབ་འཁོར་གྱི་ས་འདི་ལ། །མྱི་ཟད་ས་དང་དེ་དག་རབ་ཏུ་སྣང་། །རྣམ་པར་ཡངས་པ་གང་ན་སྣང་བ་ཡི། །ས་ལ་རིན་ཆེན་མཛེས་ཀུན་རྣམ་པར་བཀྲམ། །རིན་ཆེན་མང་པོས་དཀྱིལ་འཁོར་ཀུན་ཏུ་གཏོར། །སངས་རྒྱས་འོད་ཀྱི་སྤྲིན་ཀྱང་རབ་ཏུ་སྣང་། །ས་རྣམས་ཀུན་བརྒྱན་ཤིང་གི་དམ་པའི་དྲུང་། །ཀུན་ནས་ནོར་བུའི་རྒྱལ་པོས་རྒྱན་བྱས་ལས། །བསོད་ནམས་འོད་ཀྱི་དབྱངས་ཀྱི་འབྲུག་སྒྲ་འབྱུང་། །སངས་རྒྱས་རྫུ་འཕྲུལ་ཚུལ་ཡང་རབ་ཏུ་བརྗོད། །རིན་ཆེན་མང་པོ་སྒྲོན་མའི་ཆར་ཕབ་ཅིང་། །རིན་ཆེན་མཛེས་པར་བཀོད་པ་རྣམ་པར་མཛེས། །སྒྲ་དབྱངས་ཀུན་གྱི་འབྲུག་སྒྲ་ཤིན་ཏུ་སྒྲོག །ས་ཡི་ལྷ་རྣམས་ས་ཡང་ཡང་དག་སྟོན། །རིན་ཆེན་འོད་འཕྲོ་སྒྲོན་མ་རྣམ་པར་སྣང་། །འོད་ཟེར་སྤྲིན་ནི་ས་ལས་རབ་ཏུ་འབྱུང་། །ནོར་བུ་དྲ་བ་སིལ་མ་ཀུན་ནས་བཀྲམ། །རིན་ཆེན་སྣ་ཚོགས་རིགས་ཀྱི་ཡན་ལག་བརྒྱན། །ས་རྣམས་ཀུན་ནས་མཛེས་པ་འདི་དག་ལྟོས། །རིན་ཆེན་མང་པོ་ཚོན་བཟང་རྒྱན་དུ་བཀྱེ། །འགྲོ་བ་དག་ལ་ཆོས་ཀྱི་རྒྱ་མཚོ་སྒྲོག །དེ་དག་ཆོས་ཉིད་རྣམ་པར་དག་པ་མཐོང་། །མ་ལུས་ཕྱོགས་ན་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཤིང་གི་ཕུན་སུམ་ཚོགས་པ་དག །ས་ཡི་དཀྱིལ་འཁོར་འདི་ན་ཀུན་སྣང་སྟེ། །དེ་དག་ཆོས་ཉིད་རྣམ་པར་དག་པ་བརྗོད། །སངས་རྒྱས་གདན་ལས་ཆོས་རྣམས་རྒྱ་མཚོ་ཡི། །ཆོས་སྒོ་བདེ་བར་གཤེགས་པས་གང་གསུངས་པ། །སེམས་ཅན་ཀུན་ཀྱི་བསམ་པ་ཇི་བཞིན་དུ། །ས་འཁོར་རྣམས་ཀྱང་ཀུན་ནས་རབ་ཏུ་འབྱུང་། །དྲི་ཞིམ་འོད་རྣམས་རྟག་ཏུ་འབྱུང་བས་ན། །དེ་དག་ཇི་བཞིན་སྣོད་ཀྱི་འགྲོ་བ་འགེངས། །སྲོག་ཆགས་རྣམས་ཀྱི་ཉོན་མོངས་ཞི་བར་བྱེད། །ས་འཁོར་དེ་ནས་དེ་འདྲ་རབ་ཏུ་སྒྲོག །སངས་རྒྱས་རྫུ་འཕྲུལ་ཕུན་སུམ་གང་དག་དང་། །དྲི་མེད་ས་ནི་གང་གིས་མཛེས་གྱུར་པའི། །ཕུན་སུམ་ཚོགས་པའི་རྒྱན་རྣམས་རེ་རེ་ཞིང་། །བསྐལ་པ་བྱེ་བ་དག་ཏུའང་བརྗོད་མྱི་ནུས། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཆེན་པོའི་ཉི་མས་རབ་ཏུ་གནོན་པའི་བློ་གྲོས་ཀྱིས། སངས་རྒྱས་ཀྱི་མཐུས་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། །།སངས་རྒྱས་༼༼༼རྨད་ག་ཅད༽༽༽་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། འཇིག་རྟེན་ཀུན་གྱི་བསམ་པ་ཚིམ་མཛད་ཅིང་། །སངས་རྒྱས་ཆོས་ཀྱི་གཞལ་མེད་ཁང་ན་མཛེས། །འབྱམ་ཀླས་ཕྱོགས་རྣམས་ཀུན་ཏུ་མངོན་སུམ་དུ། །སངས་རྒྱས་འགྲོ་གཙོ་གཞལ་མེད་ཁང་ན་སྣང་། །རིན་ཆེན་ཀུན་གྱི་སྙིང་པོ་རབ་ཏུ་བརྒྱན། །རྒྱན་རྣམས་ཀུན་གྱིས་དེ་བཞིན་མཛེས་ཤིང་འབར། །སངས་རྒྱས་ཕོ་བྲང་འོད་ནི་བསམ་མྱི་ཁྱབ། །དེ་ན་བཞུགས་ཤིང་སངས་རྒྱས་རབ་ཏུ་མཛེས། །ཀ་བའི་རྒྱན་ནི་ནོར་བུ་སྣ་ཚོགས་ཏེ། །ཕྱོགས་རྣམས་ཀུན་སྒོར་རྟ་བབས་སྤྲིན་ཀྱང་བྲིས། །སྟེགས་བུའི་ཕྲེང་བ་ཀུན་ནས་རྒྱན་དུ་བཀོད། །གསེར་གྱི་དྲིལ་བུའི་སྤྲིན་ཀྱང་རྣམ་པར་བརྒྱུས། །མེ་ཏོག་བླ་རེ་རྣམ་པ་སྣ་ཚོགས་ལྟོས། །རིན་ཆེན་ཤིང་སྡོང་དར་གྱི་བླ་རེ་བྲེས། །ནོར་བུ་ཐམས་ཅད་སྒོ་ནས་ཕྲེང་བ་འབྲུལ། །དེ་ནས་ཡེ་ཤེས་རྒྱ་མཚོར་རབ་ཏུ་མཛེས། །སྤོས་དྲི་རྒྱལ་མཚན་རིན་ཆེན་དྲ་བ་སྟེ། །འོད་ཟེར་སྒྲོན་མའི་སྤྲིན་གྱིས་ཀུན་ཏུ་གཡོགས། །རྒྱན་རྣམས་སྣ་ཚོགས་ཀུན་ནས་ཤིན་ཏུ་བྲེས། །དེ་ན་སངས་རྒྱས་རབ་ཏུ་འཕགས་པ་བཞུགས། །ཕྱོགས་རྣམས་ཀུན་སྒོ་ སྤྲུལ་པའི་སྤྲིན་གྱི་རྣམས། །དབྱངས་ཀྱིས་འཇིག་རྟེན་ཁྱབ་པར་གྲག་བྱེད་ཅིང་། །འབྱམ་ཀླས་ཕྱོགས་ཀྱི་སེམས་ཅན་རྣམ་འདུལ་བ། །སངས་རྒྱས་ཕོ་བྲང་འདི་ན་དེ་དག་གྲག །མེ་ཏོག་ཤིང་དང་རིན་ཆེན་སྤུངས་སྤེལ་བ། །འཕགས་པ་ཕྱོགས་རྣམས་ཀུན་ཏུ་མངོན་པར་མཛེས། །དེ་ལས་དུས་གསུམ་ཞིང་རྣམས་ཐམས་ཅད་ཀྱང་། །གཟུགས་བརྙན་གྱུར་པར་དེ་དག་རབ་ཏུ་སྣང་། །ཕྱོགས་རྣམས་ཀུན་ཏུ་རིན་ཆེན་མང་བཀྱེ་བ། །དེ་དག་སྣ་ཚོགས་མཛེས་པར་རྣམ་པར་འབར། །ཕྱོགས་རྣམས་ཀུན་ཏུ་སྐར་ཁུང་མཛེས་པར་བརྒྱན། །རྟ་བབས་མདའ་ཡབ་སྣ་ཚོགས་མང་པོས་བརྒྱན། །དྲི་མེད་འོད་ཟེར་ཀུན་ནས་སྣང་བ་ཡི། །སངས་རྒྱས་ཕོ་བྲང་རྣམ་པ་བསམ་ཡས་ཏེ། །གཞལ་མེད་ཁང་མང་ཐམས་ཅད་དེ་ལ་སྣང་། །དེ་དག་ཀུན་ནའང་རྒྱལ་བ་བཞུགས་ཤིང་མཛེས། །ཕྱོགས་རྣམས་ཀུན་ན་འཁོར་རྣམས་ཇི་སྙེད་པ། །རྒྱལ་བའི་ཕོ་བྲང་འདིར་ནི་ཀུན་བཞུགས་ཀྱང་། །མཐའ་མེད་དབུས་མྱེད་མུ་ཡང་དེ་བཞིན་དུ། །རང་བྱུང་སངས་རྒྱས་ཕོ་བྲང་དེ་ན་བཞུགས། །དེ་ནས་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་རྒྱ་མཚོ་དཔལ་གྱིས། སངས་རྒྱས་ཀྱི་མཐུས། འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཡོད་པ་དེ་དག་ཐམས་ཅད་ལ་རྣམ་པར་བལྟས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་ཞིང་རྡུལ་ཤིན་ཏུ་ཕྲ་སྙེད་ཀྱི། །བསོད་ནམས་རྒྱ་མཚོ་རྣམ་པར་རབ་སྦྱངས་ཏེ། །སངས་རྒྱས་རྫུ་འཕྲུལ་སྨོན་ལམ་ཡང་དག་བྱུང་། །སྙིང་པོ་བྱང་ཆུབ་དྲི་མེད་རྣམ་པར་མཛེས། །སྤོས་ཞིམ་ཐམས་ཅད་རྩ་བ་ཡང་དག་རྒྱུ། །ཡིད་བཞིན་ནོར་མཆོག་རྒྱལ་པོས་ཀུན་ནས་བརྒྱན། །རྡོ་རྗེ་ཕྱེ་མའི་ནོར་བུའི་རྒྱལ་པོ་བྲིས། །ཤིང་སྡོང་རྩ་བ་རིན་ཆེན་ཀུན་ལས་བྱས། །རྡོ་རྗེ་ཕྱེ་མའི་ནོར་བུ་འཁོར་ལོ་འབྱུང་། །ལྷུན་རྣམས་ཐམས་ཅད་རིན་ཆེན་རྒྱན་གྱིས་བརྒྱན། །ཡལ་ག་སྟུག་པོ་སྤྲིན་ལྟར་ཀུན་ནས་འཁྱིལ། ། སྙིང་པོ་བྱང་ཆུབ་དེ་ན་རྒྱལ་བ་མཛེས། །ཡལ་ག་དོག་པ་ཀུན་ནས་མངོན་པ་སྟེ། །འཁོར་རྣམས་སྣུམ་འཇམ་ཕྱོགས་རྣམས་ཀུན་ཏུ་འཕགས། །མེ་ཏོག་འབྲས་བུ་རྒྱུན་རྣམས་ཀུན་ཀྱང་འགྱེད། །སྙིང་པོ་བྱང་ཆུབ་རྒྱ་ཆེན་བསམ་མྱི་ཁྱབ། །འོད་རྣམས་བཀྱེ་བ་ཕྱོགས་སུ་རྣམ་པར་མཛེས། །དྲི་མ་མེད་པའི་འོད་འབར་ཟད་མི་ཤེས། །ཡལ་གའི་སྒོ་ནས་སྤྲིན་ཀུན་ཆར་ཡང་འབེབས། །སྙིང་པོ་བྱང་ཆུབ་སྨོན་ལམ་ཡངས་པ་བྱུང་། །མེ་ཏོག་ནོར་དང་རིན་ཆེན་མི་ཟད་ནོར། །མུ་ཏིག་ནོར་བུ་ཕྱོགས་རྣམས་ཀུན་ནས་བརྒྱུས། །ཕྱེ་མ་ནོར་གྱི་གནས་ཀྱི་སྤྲིན་འགྱེད་དེ། །སྙིང་པོ་བྱང་ཆུབ་ཕྱོགས་རྣམས་ཀུན་ཏུ་འབྱིན། །བདེ་གཤེགས་སྙིང་པོ་བྱང་ཆུབ་འདི་ལ་ལྟོས། །པདྨོའི་དྲ་བ་ནོར་བུ་དྲི་མེད་མང་། །རིན་ཆེན་འོད་ཟེར་དཀྱིལ་འཁོར་ཀུན་ནས་འཕྲོ། །དྲིལ་བུའི་དྲ་བ་སྤྲིན་གྱི་སྒྲ་དབྱངས་འབྱིན། །ཕྱོགས་བཅུའི་ཤིང་བཟང་གཟུགས་རྣམས་གང་ཡོད་པ། །འབྱམ་ཀླས་ཞིང་གི་མ་ལུས་ཐམས་ཅད་དག །བྱང་ཆུབ་ཤིང་ལ་དེ་དག་ཀུན་ནས་སྣང་། །དེ་དྲུང་སངས་རྒྱས་དྲི་མེད་རྣམ་པར་མཛེས། །ཡལ་ག་ཀུན་ནས་རིན་ཆེན་མི་ཟད་ནོར། །བྱང་ཆུབ་སེམས་དཔའ་དག་ཀྱང་རྟག་འབྱུང་ཞིང་། །བསོད་ནམས་རྒྱ་ཆེན་དཀྱིལ་འཁོར་ཆར་ཕབ་སྟེ། །ཕྱོགས་བཅུར་རྒྱལ་བ་མཆོད་ཕྱིར་དེ་དག་འདོང་། །དེ་བཞིན་གཤེགས་པ་སྔན་ཅད་ཅིར་གྱུར་དང་། །བྱང་ཆུབ་སྤྱོད་ལས་བྱུང་བ་འདི་དག་ལྟོས། །ཡལ་ག་ཀུན་ནས་རིན་ཆེན་ནོར་མི་ཟད། །སངས་རྒྱས་ཡུལ་ཀུན་བསམ་གྱིས་མྱི་ཁྱབ་པོ། །

  13. དབྱངས་ཅན་འབངས། says:
    2013-08-05 at 7:27 am

    ཀླུ་སྨྱོན་ལགས་སོགས་དྲ་གྲོགས་རྣམ་པ་ཁམས་བཟང་།

    སྡེ་དགེ / སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། / ཀ་པ། /  ༡༥ / བ / ༦
    ‘སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། དུམ་བུ་དང་པོ། བམ་པོ་གཉིས་སོ།།’

    ཡང་། ༣༠ / བ /  ༣ 
    ‘སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་གསུམ་མོ།།’

    ཡང་། ༤༥ / ན / ༥ 
    ‘སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་བཞི་པ།’

    ཡང་། ༦༠ / ན / ༢
    ‘སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ།’

    སྡེ་དགེ་བཀའ་འགྱུར་དཀར་ཆག་ཏུ། ༡༡༩ / ན / ༥ 
    ‘ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ནི། བརྡ་རྙིང་དུ་སངས་རྒྱས་རྨག་ཆད་དུ་གྲགས་ཤིང་། ཡང་སྙན་གྱི་གོང་རྒྱན་དུ་ཡང་བསྒྱུར་བ་ཡོད་དེ།’ ཞེས་བྱུང་། ད་དུང་ ‘རྨ་ག་ཆད་ དང་ ‘སྨད་ཆད་’ སོགས་མཚན་འདོགས་སྟངས་གཞན་ཡང་མང་དུ་འདུག་ཀྱང་དག་མིན་མི་ཤེས། 

    དེས་ན་ ‘རྨང་ག་ཅད་’ དང་ ‘རྨང་གཅད་’ གང་ཡང་མ་རེད། ‘རྨད་གཅད་’ རེད། 

    རྨད་གཅད་ཀྱི་གོ་དོན། 
    ‘རྨད་’ ནི་ངོ་མཚར་བ་དང་ལེགས་པ་ལ་འཇུག་པ་དང་། ‘གཅད་’ ནི་གཏད་པའི་བརྡ་རྙིང་ཡིན་ལ། དེ་ནི་སྦྱིན་པའམ་སྤྲད་པའི་དོན་ཡིན་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ངོ་མཚར་བའམ་ཁྱད་དུ་འཕགས་པ་རྣམས་རྒྱ་ཆེར་སྟོན་པའི་མདོའོ།། ཞེས་པའི་དོན་དུ་གོ་དགོས་སྙམ། དྲ་གྲོགས་རྣམས་ཀྱིས་འཐད་མིན་དཔྱོད་པར་ཞུ།

  14. བློ་བཟང་། says:
    2013-08-05 at 9:18 am

    ཐུགས་རྗེ་ཆེ། དབྱངས་ཅན་འབངས་ལགས་དང་སངས་དོན་ལགས།

  15. ཀླུ་སྨྱོན། says:
    2013-08-05 at 11:18 am

    རྣམ་པ་ཚོས་མདོ་ལུང་རང་དྲངས་ནས་བགྲོ་གླེང་གནང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ། མིང་ཚིག་འདི་འདྲ་ཡང་རང་རེས་མ་གླེང་ན་སུས་གླེང་།

  16. lobsang199 says:
    2013-08-05 at 11:19 am

    ངས་ལྟ་ན་ཕལ་པོ་ཆེའི་མདོ་འདི་དེང་སང་གི་མཁས་པའི་བགྲོ་གླེང་ལྟ་བུ་ཞིག་འདུག བྱང་ཆུབ་སེམས་དཔའ་རེ་རེས་རང་རང་གི་རྩོམ་ཀློག་པ་ལྟ་བུ་ཞིག་འདུག དེའི་ནང་གི་མདོ་སྡེ་ས་བཅུ་པ་དེ་སྐུ་ཡིས་བྱིན་གྱི་རླབས་པའི་བཀའ་ཡིན་ཞེས་དཔེ་ཆ་ག་རེ་ནང་འདུག་སྐུ་ཡིས་བྱིན་གྱིས་རླབས་ཚུ་ཇི་ལྟར་ཡིན་མཁྱེན་མཁན་རེ་ཡོད་ན་གསུང་གནང་མཁྱེན།།

  17. lobsang199 says:
    2013-08-05 at 11:39 am

    (ངས་ལྟ་ན་འདི་རྣམས་ལ་བསམ་བློ་བཏང་རྒྱུ་འདུག)།དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་
    གིས་དེ་དག་ན་བཞུགས་བཞིན་དུ་རྫུ་འཕྲུལ་གྱི་མཐུས་སོ་སོ་ནས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་
    སེམས་དཔའ་རྡོ་རྗེའི་སྙིང་པོའི་མགོ་ལ་བྱུག་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་
    བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་རེག་མ་ཐག་ཏུ་དེ་ཉིད་ཀྱི་ཚེ་ཏིང་ངེ་འཛིན་དེ་ལས་ལངས་ནས།
    བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། (ཞེས་དང)
    །ཀྱེ་རྒྱལ་བའི་སྲས་དག །དེ་ལ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ས་
    རྣམས་ཏེ། གང་ལ་བསམས་ཏེ་བདག་གིས་དེ་སྐད་དུ་སྨྲས་པ་དེ་དག་ནི། འདས་པ་དང་། མ་བྱོན་པ་
    དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །གསུང་ངོ་། །གསུང་
    བར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རབ་ཏུ་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དང་
    པོ་དང་། དྲི་མ་དང་བྲལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་གཉིས་པ་དང་། འོད་བྱེད་པ་ཞེས་བྱ་
    བ་བྱང་ཆུབ་སེམས་དཔའི་ས་གསུམ་པ་དང་། འོད་འཕྲོ་བ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་
    བཞི་པ་དང་། རྒྱལ་བར་དཀའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་ལྔ་པ་དང་། མངོན་སུམ་པ་ཞེས་
    བྱ་བ་བྱང་ཆུབ་སེམས་དཔའི་ས་དྲུག་པ་དང་། རིང་དུ་སོང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་
    བདུན་པ་དང་། མི་གཡོ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་དང་། ལེགས་པའི་
    ༺ཕལ་པོ་ཆེ་ག༽ ༦༠ན༻ བློ་གྲོས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ས་དགུ་པ་དང་། ཆོས་ཀྱི་
    སྤྲིན་ཅེས་བྱ་བ་བྱང་ཆུབ་སེམས་དཔའི་ས་བཅུ་པ་སྟེ།

  18. བཀྲ་ཤིས་དོན་འགྲུབ། says:
    2013-08-05 at 1:52 pm

    དངོས་གནས་དྲང་གནས་ད་རེས་ཡིན་ན་ཁ་བརྡའི་ནང་བགྲོ་གླེང་སྤུས་དག་ཅིག་གནང་བཞག འདིས་གསལ་བཤད་བྱས་ཡོང་བ་ནི་ཁ་བརྡའི་དྲ་བུ་ཚོའི་ཁྲོད་དུ་སྟོང་བཤད་མཁན་པོ་ལས་གཞན། ཤེས་བྱ་དོན་དུ་གཉེར་མཁན་ཡང་དགའ་རབ་ཅིག་ཡོད་ཚོད། དེ་བས་ངས་ཀྱང་ད་རེས་དྲ་(འབུ་)དེ་དྲ་(བུར་)བསྒྱུར་བ་ཡིན་ལ། སྙིང་ཐག་པ་ནས་ཡི་རང་ཞུས་པ་ཡིན།

  19. འདྲེ་རྐང་ཐོ། says:
    2013-08-05 at 2:07 pm

    སངས་རྒྱས་ལ་ཐང་ཆད་རྒྱུ་ལོས་ཡོད་་་་ཤ་ཁྲག་ལས་གྲུབ་པའི་མི་ཞིག་རེད་ལ་་་་སངས་རྒྱས་ཀྱིས་ཆོས་ཤིག་གསུངས་སྐབས་སློབ་མ་ཚོས་མ་གོ་བར་ཐང་ཆད་དེ་ཞལ་ས་ལ་འཁོར་ཏེ་བཞུགས་ཡོད་རབས་འདུག་ག

  20. འོད་གསལ says:
    2013-08-05 at 2:34 pm

    དྲ་གྲོགས་རྣམ་པ།

    མདོ་སྡེ་ཕལ་བོ་ཆེ་ནི་ཐེག་ཆེན་པ་དག་གིས་གཙིགས་སུ་བཟུང་བའི་མདོ་ཞིག་དང་། ལྷག་རུ་རྒྱ་ནག་གི་སངས་རྒྱས་པ་དག་གིས་འདི་ལ་ཁུངས་བཅོལ་ཕུགས་གཏད་གནང་གིན་ཡོད་སྟབས། མདོ་སྡེ་འདི་གཅིག་པུའི་སྒང་ནས་གཞི་ལམ་འབྲས་གསུམ་གཏན་ལ་དབབ་པའི་ཧྭ་ཡན་ཞེས་པའི་གྲུབ་མཐའ་ཞིག་ཀྱང་བྱུང་།

    ལེགས་སྦྱར་གྱི་སྐད་རང་སོར་བཞག་ནས་བསྒྱུར་ན། སངས་རྒྱས་སྙན་གོང་རྒྱན་གྱི་མདོ་ཤིན་ཏུ་རྒྱས་པ་ཆེན་པོ་ཞེས་པར་བསྒྱུར་དགོས་པར་འདུག་ཀྱང་། སྔར་གྱི་ལོ་ཆེན་དམ་པ་རྣམས་ཀྱིས་བརྡ་རྙིང་དུ་སངས་རྒྱས་རྨ་ག་ཆད་ཞེས་པར་བསྒྱུར་བ་དང་། རིམ་གྱིས་བརྡ་གསར་དང་བསྟུན་ནས་ཕལ་བོ་ཆེར་ཞེས་གྲགས་པ་འདྲ། སྤྱིར་བརྡ་རྙིང་གི་སྐབས་སུ་རྨ་ག་ཆད་ཡང་དག་པའི་དོན་ལ་འཇུག་པ་མཐོང་ཞིང་འདི་ལ་དཔྱད་པ་བྱེད་རྒྱུ་མང་བོ་འདུག་པས། ང་ཚོ་ཚང་མས་མུ་མཐུད་དུ་བགྲོ་གླེང་གནང་ན་རིན་ཐང་བྲལ་བའི་གོ་རྟོགས་གསར་བ་རྙེད་སྲིད། འཕགས་ཡུལ་དུའང་མདོ་སྡེ་དག་ལ་ཡིག་ཐོག་ཏུ་མེད་པའི་ཁ་སྐད་ཀྱི་མཚན་འབྱུང་ཡོད་ངེས་པས། བོད་ཀྱི་ལོ་ཆེན་དག་གིས་རྒྱ་གར་ཀྱི་པཎ་ཌི་ད་ཚོའི་ཞལ་རྒྱུན་ལྟར་དུ་མདོ་སྡེ་རྨ་ག་ཆད་དམ་ཕལ་བོ་ཆེར་ཞེས་མཚན་བཏགས་པ་ཡིན་ཤས་ཆེ།

    ཐུགས་རྗེ་ཆེ།

  21. ཅོག་མྱི། says:
    2013-08-05 at 10:58 pm

    མུན་པའི་ཕ་རོལ་གྱི་ཕ་རོལ་ན་ཞེས་འདི་བཀའ་འགྱུར་འགོ་བརྩམས་པ་ཁོ་ན་འདིར་གོ་རྒྱུ་མི་འདུག་གམ། དེའི་ནང་དོན་འཁོར་འདས་ཀྱི་རྒྱལ་བ་མ་གཏོགས་ཉི་ཚེ་བ་ང་ཚོ་བློ་ཡུལ་གྱི་གཞལ་བྱ་ཞིག་ག་ལ་ཡིན། བཀའ་འགྱུར་ཀློག་གོ་ཟེར་ནས་སྐྲག་མ་ཕུད།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-08-06 at 2:44 am

    །།སངས་རྒྱས་༼༼༼རྨད་ག་ཅད༽༽༽་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། དང་། ‘སངས་རྒྱས་རྨད་གཅད་ཅེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། བམ་པོ་ལྔ་པ།’ཡང་། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། ཞེས་པས། རྨད་གཅད་དང་། ཕལ་པོ་ཆེ་གཉིས་བསྒྱུར་མི་འདྲ་བ་གཉིས་སུ་ངེས་པར་སྔར་ཁ་བརྡར་བརྡར་ཤ་བཅད་ཟིན་སྙམ་པ་ཅིག་དྲན། རྨད་ནི་རྨད་དུ་འབྱུང་བ་ལ་གོ་བ་འདྲ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme