Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།

Posted on 2013-08-042013-08-04 By ཁ་བརྡ་ 7 Comments on ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།

གསལ་ལེ་རྒྱལ།

སེམས་པ་ཤུལ་དུ་བཞགས་ནས་ང་རང་འདི་ལྟར་འགྲོ་དགོས་བྱུང   རི་བོའི་ཕར་ཕྱོགས་ལ
ང་རང་ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས་ལ་དུང་བའི་དབང་གིས
ངའི་རྗེས་སུ་ཉི་མ་དམར་བོའི་ར་མདའ་ཡོང་གིན་ཡོད
མེ་མདའ་བཟུང་ནས་ཡོང་གིན་ཡོད།

ངོས་ཀྱི་ནམ་མཁའ་ནས་ལྷག་སོང་བའི་སྐར་མ་དེ་དག
སྨག་རུམ་གྱི་ཟབ་ས་ན་འཕག་གིན་པའི་སྐར་མ་དེ་དག
སྨག་ཅི་ཙམ་ནག་ན་དེ་ཙམ་གྱིས་འཕག་གིན་ཡོད།

ང་རང་ནམ་མཁའ་དང་སྐར་ཚོགས་ལ་དུང་བའི་དབང་གིས
ནམ་མཁའ་དང་སྐར་ཚོགས་ང་རང་ལ་དུང་བའི་དབང་གིས
ཉི་མ་དམར་བོའི་མིག་ལམ་ནས་ངའང་དམར་བོ་རེད་ཟེར་ལ
ནམ་མཁའ་དང་སྐར་ཚོགས་ཀྱང་དམར་བོ་རེད་ཟེར། ཡིན་ནའང་།
ནམ་མཁའི་ཕྱི་ལོགས་སུ་ཡོད་པའི་ནམ་མཁའ་དེར་ང་རང་ད་དུང་འགྲོ་གི་མིན
རང་ཉིད་ལ་དབང་དགོས་བའི་ནམ་མཁའ་དེ་བཞགས་ནས
རང་ཉིད་ལ་འཐོབ་འོས་བའི་སྐར་ཚོགས་དེ་དོར་ནས
ང་རང་ནམ་ཡང་འགྲོ་གི་མིན།

ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།
ཅུང་ཙམ་སྒུག་རོགས།  ང་ཡོང་གིན་ཡོད།
ས་སྒང་ཧྲིལ་བོ་བསྐོར་ནས་ཡོང་གིན་ཡོད
ནམ་མཁའ་འོད་ཀྱིས་གཤགས་ནས་ཡོང་གིན་ཡོད།

01/08/2013 ལ་ཕ་རེ་སི་ནས།

སྙན་ངག

Post navigation

Previous Post: རྨི་ལམ་ལྷ་མོ།
Next Post: ད་དུང་བློ་གཤོག་ལྡིང་སྐོར་གང་ལ་བྱས་འགྲོ

Comments (7) on “ངོས་ཀྱི་ནམ་མཁའ་དང་ངོས་ཀྱི་སྐར་ཚོགས།”

  1. རྟ་མགྲིན་དབང་ཆེན་ says:
    2013-08-04 at 11:07 pm

    སྙན་སྩོམ་འབྲི་དགོས་ན་ངས་ཁྱོད་ལ་སྐད་གཏོང་གི་ཡིན། ཁྱོད་ངའི་སྙན་ངག་པ་དང་པོ་དེ་ཡིན།

  2. yeshe says:
    2013-08-04 at 11:30 pm

    གོ་རྒྱུ་ཅང་མི་འདུག གཉིད་ལབ་ཡིན་པ་འདྲ།

  3. གསལ་ལེ་རྒྱལ། says:
    2013-08-05 at 3:34 am

    ཨ་རོགས། ཡེ་ཤེས། རང་གིས་མ་གོ་ནི་མ་རེད་པས། ཧེ་ཧེ།

  4. ཉེར་གཅིག་པའི་ཅོང་བརྡ། says:
    2013-08-05 at 8:42 am

    ཧྲ་གི་ཧྲ་གི། བྱ་ཁོག་པས་བྲིས་ནོ་ཧྲ་གི།

  5. འདྲེ་རྐང་ཐོ། says:
    2013-08-06 at 2:57 pm

    རང་མོས་སྙན་ངག་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་་་་གཞན་གྱིས་ནང་སྙིང་ངོ་མ་ཅི་ཞིག་སྟོན་གྱིན་ཡོད་མེད་མི་གོ་ཡང་་་ཚིག་གི་སྙན་ཆ་འདོན་སྟངས་གཅིག་པུས་ཡིད་དབང་འཕྲོག་འགྲོ།

  6. yeshe says:
    2013-08-06 at 3:11 pm

    སྙན་ངག་འབྲི་མི་ཤེས་པས་བྲིས།
    སྙན་ངག་ཀློག་མི་ཤེས་པས་བཀླགས།
    ཁྱོད་ཚོ་ངོ་མ་མྱི་སྐྱིད་ཏག་ཏག་རེད།

  7. གསལ་ལེ་རྒྱལ། says:
    2013-08-07 at 5:19 pm

    བློར་འབབ་ན་ཁས་རྒྱོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme