Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱིར་བསྐྱོད་བརྒྱུད་རིམ།

Posted on 2013-07-312013-07-31 By ཁ་བརྡ་ 3 Comments on ཕྱིར་བསྐྱོད་བརྒྱུད་རིམ།

སྐྱོ་བྲག་དགའ་དབང་།

ང་ཚོ་ཡུལ་གྱར་པ་ཡིན་པའི་རྐྱེན་རྩ་ལྟ་བུས་སོ་སོ་ལ་ཅི་ཡང་མེད་ནའང་གང་སར་འཁྱམ་དགོས་ཐུག་གིན་ཡོད་ལ། འཁྱམ་པ་ན་བརྒྱུད་རིམ་རོབ་ཙམ་ཤེས་ནའང་དཀའ་ངལ་མི་ཉུང་བ་སེལ་ཐུབ་པ་ལ་བརྟེན་ནས་རང་གིས་གང་ཤེས་ཤིག་ཤེས་ཡོན་དང་ཉམས་མྱོང་ཞན་པ་དག་ལ་ཞུ་འདོད་བྱུང།
ཐོག་མར་རང་ཉིད་ལ་ཡོད་དགོས་པ་ནི་ལམ་ཡིག་སེར་པོ་ཡིན་པ་གཞིར་བཅས། མགྲོན་ཤོག་ཐོབ་རྗེས། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ལ་ཕྱིར་ལོག་ཐོངས་མཆན་ནམ་ཡོང་མཆན་(Return visa)ཞུ་དགོས། ཞུ་སྟངས་ནི། སོ་སོའི་སྐྱབས་བཅོལ་ལག་དེབ་དང་། ལམ་ཡིག་སེར་པོ། དཔྱ་ཁྲལ་ལག་དེབ་ལྗང་ཁུ། མགྲོན་ཤོག་བཅས་ཀྱི་འདྲ་བཤུས་རེ་ཁུར་ནས་བདེ་དོན་དང་བདེ་སྲུང་ལས་ཁུངས་ནས་རྒྱབ་གཉེར་ཡིག་གེ་རེ་རིམ་པར་ཞུས་ཏེ། རྒྱ་གར་གཞུང་གི་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་དང། དེ་ནས་སྐོར་སྲུང་ལས་ཁུངས། སླར་ཡང་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ལ་སོང་བས་གདོད་དུས་ཡུན་ཟླ་བ་གསུམ་ཅན་གྱི་ཡོང་མཆན་འཐོབ་ཅིང། ཡོང་མཆན་ཞུ་མི་དགོས་སའི་རྒྱལ་ཁབ་དག་ལ་ནི་བརྒྱུད་རིམ་འདི་མི་དགོས་སོ། །
ལམ་ཡིག་སེར་པོ་དང། མགྲོན་ཤོག །ཡོང་མཆན་དངོས་དག་ཁུར་ཏེ་གཞུང་ཚབ་སོ་སོ་ནས་ཐོངས་མཆན་ཞུས་པ་ཐོབ་པ་ན། སླར་ཡང་ཡོང་མཆན་གྱི་བརྒྱུད་རིམ་ཇི་བཞིན་ཕྱིར་ཐོན་གྱི་ཆོག་མཆན་ནམ་ཐོན་མཆན་ཞུ་གོས། འདི་ལ་ཐེ་བ་ཞིག་ཡོད་པ་ནི་ཐོངས་མཆན་འདྲ་བཤུས་ཤིག་དགོས་པ་དེ་ཡིན། དྷ་ས་ནས་སྐྱབས་བཅོལ་ལག་དེབ་ལས་ཁུངས་ཀྱིས་ཉར་གྱི་ཡོད་ལ། ས་གནས་ཁ་ཤས་ནས་མི་ལེན་པའང་ཡོད་འདུག །འདི་སྐོར་བདེ་སྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་བ་ནི། རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་གང་དུའང་གཏན་འཇགས་གནས་སྤོ་གནང་དགོས་རྣམས་ནས་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ནས་ཕྱིར་ཐོན་གྱི་ཆོག་མཆན་ (Exit Permit) ཞུ་དགོས་ཐོག་དོ་བདག་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་རྩིས་འབུལ་ཞུ་དགོས། དེ་བཞིན་ཕྱི་རྒྱལ་ཁག་ལ་གནས་སྐབས་བསྐྱོད་དགོས་རྣམ་པས་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ནས་ཕྱིར་ཐོན་ཆོག་མཆན་ཞུས་རྗེས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ཐོག་ཐོན་མཆན་དང༌། དེ་ནས་འབྱོར་སྐབས་འབྱོར་མཆན་བཅས་ངེས་པར་དུ་ཞུ་དགོས། ཞེས་པ་འདི་རེད།
གནམ་གྲུའི་འགྲོ་འཛིན་ཉོ་བ་ན་འདྲི་རྟོག་དགོས་པ་ནི་གནམ་གྲུར་ཅ་ལག་ཇི་ཙམ་གཏོང་ཆོག་པ་དང་། ལག་པར་ཅ་ལག་ཇི་ཙམ་ཁུར་ཆོག་པ་དག་ཡིན། ཚད་ལས་བརྒལ་ན་ཁོ་ཚོས་རེ་རེ་བཞིན་རྒྱ་མར་བཀྱག་གི་ཡོད་པས་ཤེས་ཡོན་དང་ཉམས་མྱོང་ཞན་པ་དག་ལ་དཀའ་ངལ་འཕྲད་སྲིད།
གནམ་གྲུ་འཕུར་དུས་ཀྱི་ཆེས་ཡར་སྔོན་ནས་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བར་བྱས་ཏེ། སྒོ་སྲུང་ཉེན་རྟོག་པ་ལ་ལམ་ཡིག་དང་། གནམ་གྲུའི་འགྲོ་འཛིན་བསྟན་པ་ན། གདོང་པ་དང་ལམ་ཡིག་འགྲོ་འཛིན་དག་ལ་བལྟ་ཙམ་གྱིས་ནང་དུ་གཏོང་། རང་གི་གནམ་གྲུའི་ལས་བྱེད་ཡོད་སར་སོང་སྟེ། ལམ་ཡིག་འགྲོ་འཛིན་ཐོན་མཆན་དག་བསྟན་པ་ན། གདོང་པ་དང་ལམ་ཡིག་ཐོངས་མཆན་དག་ལ་ཞིབ་བཤེར་གྱིས་གནམ་གྲུར་འཇུག་བྱང་(boarding pass)སྤྲོད་ཅིང། ཅ་ལག་རྒྱ་མ་ལ་བཀྱགས་ནས་གནམ་གྲུར་གཏོང་བའི་ཅ་ལག་དག་ཕར་ལེན་ཞིང་། ལག་པར་ཁུར་བའི་ཅ་ལག་ཤོག་བྱང་འབྱར་མ་དང་འགེངས་ཤོག་ཅིག་ཚུར་ལེན་དགོས། འགེངས་ཤོག་བཀང་སྟེ་ལམ་ཡིག་ཞིབ་བཤེར་བའི་སར་འགྲོ་བ་ན། གདོང་པ་དང་ལམ་ཡིག་ཐོངས་མཆན་ཐོན་མཆན་དག་ལ་ཧ་ལས་པའི་ཞིབ་བཤེར་བྱས་ཏེ་འགེངས་ཤོག་ཕར་ཉར་ནས་ལམ་ཡིག་ལ་ཐེལ་ཙེ་ཞིག་བརྒྱབས་ཏེ་གཏོང་། ཐོན་མཆན་ཕལ་མོ་ཆེ་ལེན་འགྲོ་ལ་འགའ་ཤས་མ་བླངས་པའང་ཡོད་འདུག །འགག་དོག་ཤོས་ནི་འདི་རེད། འདི་ལས་ཐར་བ་ན་ལུས་བཤེར་ཉེན་རྟོག་པ་ཡོད་སར་སོང་སྟེ། གློག་ཀླད་དང་ཁ་པར་ཕྱི་ལ་བླངས་པའི་ལག་ཁྱེར་ཅ་ལག་དག་གློག་སྒམ་ན་བཏང། ལུས་བཤེས་ཚར་རྗེས་གནམ་གྲུར་འཇུག་བྱང་དང་ཅ་ལག་ཤོག་བྱང་དག་ལ་ཐེལ་ཙེ་རེ་བརྒྱབས་པ་ན་རྒྱུས་མེད་རྣམས་ནི་འཕྲང་ལམ་ནས་ཐར་བའི་དགའ་སྐྱོས་དབུགས་རིང་ཤོར་བ་མང་ངོ། །
དུས་ལ་བབ་པ་ན་གནམ་གྲུར་འཛུལ། གནམ་གྲུའི་གསང་སྤྱོད་དུ་འགྲོ་བ་ལ་དཀའ་ངལ་ཅི་ཡང་མེད་པས་གང་དགོས་ན་བསྐྱོད་ཆོག །གནམ་གྲུའི་ནང་ནས་འགེངས་ཤོག་ཅིག་སྤྲོད་པ་བཀང་སྟེ་ལམ་ཡིག་ལྷན་འགྲོ་སའི་གནམ་ཐང་གི་སྒོ་ཁྲལ་ལས་བྱེད་ལ་བསྟན་པ་ན། ཡང་གདོང་པ་དང་ལམ་ཡིག་ཐོངས་མཆན་དག་ལ་ཧ་ལས་པའི་ཞིབ་བཤེར་དང་པར་རྒྱག་པ་སོགས་བྱས་ཏེ་འགེངས་ཤོག་ཕར་ཉར་ཞིང་ཐོངས་མཆན་ལ་ཐེལ་ཙེ་ཞིག་བརྒྱབས་ནས་བཏང་བ་ན་ཐར་བ་རེད།
ཐོངས་མཆན་གྱི་དྲི་བའི་སྐབས་ཡིན་ནའང་འདྲ། གནམ་ཐང་གི་ཞིབ་བཤེར་སྐབས་ཡིན་ནའང་འདྲ། ནམ་རང་ཉིད་ལ་ཞིབ་བཤེར་བྱ་བ་ན། ང་ལ་རོགས་པས། མ་འཚབ། མ་སྐྲག །ཕྱི་བབ་ཆགས་པ། ནང་རྣམ་རིག་གྲུང་པ། སྨྲ་བ་ཉུང་། དྲི་བ་ཉོན་ནས་ལན་ཐོབ། ཅེས་གསུང་མྱོང་ཡོད་པ་ནི་དོན་གྱི་གནད་འགག་འཁྲོལ་བའི་གདམས་པ་ཞིག་རེད་འདུག །ཁོ་ཚོས་སྐད་ཆ་ག་རེ་དྲིས་ནའང་འདྲ། ལས་ཀ་ག་རེ་བྱས་ནའང་འདྲ། མིག་གིས་གདོང་པ་ལ་བལྟ་མཚམས་ཁྱོན་ནས་འཇོག་གི་མ་རེད། རྣམ་འགྱུར་མ་ཤོར་ན་དྲིས་ལན་ཅུང་ནོར་ནའང་ཅི་ཡང་མི་སྐྱོན།
འགེངས་ཤོག་ལ་འབྲི་བྱ་ནི། ཁྱིམ་མིང། ལམ་ཡིག་ཨང་གྲངས། རང་གི་དངོས་མིང་། སྐྱེས་ཚེས། རྒྱལ་ཁབ། རྟེན་ཕོ་མོ། གནམ་གྲུའི་ཨང་གྲངས། ཐོངས་མཆན་ཨང་གྲངས། འཚོ་ཐབས། ཐོངས་མཆན་གང་ཡིན། རང་གི་སྡོད་གནས་ཁ་བྱང། འགྲོ་སའི་ཁ་བྱང་། གང་ཕྱིར་འགྲོ་བ་སོགས་རེད། འགྲོ་སའི་ཁ་བྱང་ལས་གཞན་པ་རང་གི་ལམ་ཡིག་ལ་ཡོད་པ་དཔེ་བཤུ་བྱ་བ་ཙམ་ཡིན།
གལ་ཏེ་ཕྱི་རྒྱལ་ཁག་ལ་གནས་སྐབས་བསྐྱོད་མཁན་ཡིན་ན། ཚུར་ཡོང་ཁར་རྒྱ་གར་དུ་ཡོང་ཆོག་པའི་ཐོངས་མཆན་རྒྱ་གར་གཞུང་ཚབ་ནས་ཞུ་བ་ན། ས་གནས་ཁ་ཤས་ནས་སྒོར་མོ་དགོས་པ་ཡོད་ལ། ཁ་ཤས་ནས་དོན་གཅོད་ཀྱི་རྒྱབ་གཉེར་དགོས་པ་ཡོད་ནའང། སྔ་ནས་ད་བར་རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེ་བ་ཞིག་ཡིན་པའི་རྟེན་འབྲེལ་ལྟ་བུས་ལས་སླ་བོར་འཐོབ་ཀྱི་ཡོད་པས་སེམས་ཁྲལ་དགོས་པ་ཞིག་མིན། ས་གནས་ཁ་ཤས་ཀྱི་གཞུང་ཚབ་ནས་ཐོངས་མཆན་དངོས་སྤྲོད་ཀྱི་ཡོད་ལ། ཁ་ཤས་ནས་ཤོག་ཛར་ཞིག་གི་སྟེང་དུ་སྤྲོད་ཀྱི་ཡོད། གང་ལྟར་རྒྱ་གར་དུ་འཛུལ་ཆོག་པ་ལ་གཅིག་པ་ཡིན་པར་འདུག །
འདིར་བྲིས་པ་དག་ནི་དིང་སྐབས་ཀྱི་གནས་ཚུལ་གང་ཤེས་ཙམ་ཡིན་ཅིང་མ་འོངས་པ་ན་འགྱུར་བ་ཐེབ་པ་དང་བསྟུན་ནས་འགྲོ་བསྐྱོད་ཤེས་དགོས་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ་ཅུང་གླེང་བ།
Next Post: རང་ཚུགས་མ་ཤོར།

Comments (3) on “ཕྱིར་བསྐྱོད་བརྒྱུད་རིམ།”

  1. ཏི་སི། says:
    2013-07-31 at 10:35 pm

    ཧཧཧཧ། དགེ་བསི་བཤེས་གཉེན་གྱི་མཚན་ཞབས་ཡིད་ན་ངེས་པར་དུ་སེམས་བཟང་ངམ། གཞན་ཕན་གྱི་ཉག་ཕྲན་བུ་ཡོད་དགོས་པ་རེད། ཁྱེད་ཀྱི་ཡག་པོ་བྲིས་གནང་བས་ཐུགས་རྗེ་ཆེ།

  2. རྒྱ་མཚོ་ཆེན་པོ་ says:
    2013-08-02 at 12:34 am

    ཉམས་མྱོང་ཞན་པའི་མི་བུ་དག་ལ་གཏན་གཏན་ཕན་ཐོགས་ཡོང་ངེས་བསམ་པ་འདུག་ཀྱང་ལམ་ཡིག་སེར་པོ་དང་འབྲེལ་བའི་གནས་ཚུལ་གོ་རྒྱུ་གསལ་ཙམ་བྲིས་ན་ལེགས། གཞན་ལ་ཕན་བསམ་པའི་ལམ་སྟོན་འདྲར་ཡིན་ཡང་གོ་རྒྱུ་གསལ་པོ་མེད་པར་ཡིག་ཉོག་གིས་ཕ་རོལ་པོར་ཁེ་མེད་ཁར་མགོ་འཐོམ་པའི་རྩོམ་འདི་འདྲ་མ་སྤེལ་ན་རེ་བ་ཡིན།

  3. སྟག་ཕྲུག says:
    2018-02-12 at 10:08 am

    རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཐེ་ལན་ཌར་ཡུལ་སྐོར་དུ་བསྐྱོད་འདོད་པ་དག་གིས་འདིར་ལྟོས། https://tigerboynet.wordpress.com/2017/02/16/༄༅།-།བོད་མི་སྐྱབས་བཅོལ་/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme