Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལ་ཕུགས་བསམ་ཞིག་ཡོད།

Posted on 2013-07-272013-07-27 By ཁ་བརྡ་ 7 Comments on ང་ལ་ཕུགས་བསམ་ཞིག་ཡོད།

སེར་ཤུལ་རིན་ཆེན་དོན་གྲུབ།

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། ཧམ་སེམས་ཀྱིས་འཛམ་གླིང་དབང་དུ་བསྒྱུར་རྒྱུ་དང་། འགྲོ་བ་མིའི་ཆེ་མཐོང་བླ་མེད་ཀྱིས་བཏེགས་པའི་གསེར་གྱི་ཁྲི་འཕང་ལ་འཛེག་རྒྱུ། དངུལ་དངོས་རིན་བྲལ་གྱི་འབྱོར་ལྡན་གྲལ་རིམ་ལ་བགྲོད་རྒྱུ་སོགས་གཏན་ནས་མིན།

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། ལྐོག་གྱུར་གནས་ལུགས་ཀྱི་ཐར་བའི་ཞིང་མཆོག་ལ་བསྙེག་རྒྱུ་དང་། རྒྱང་རིང་ཕུགས་ཟབ་ཀྱི་སངས་རྒྱས་གོ་འཕང་ཐོབ་རྒྱུ།
བདག་གཞན་མཉམ་བརྗེ་དང་། གཞན་དོན་ཁོ་ན་བསྒྲུབ་རྒྱུའི་མཛེས་སྡུག་གི་བཀོད་པ་དེ་ཚོ་བསུ་རྒྱུ་གཏན་ནས་མིན།

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། གངས་ཅན་པའི་འགྲོ་བ་ཧྲིལ་བོ་རྣམ་དག་གི་རང་དབང་ལ་འདྲེན་རྒྱུ་དང་།
ཡ་ཐོག་གི་ཤེས་རིག་ཡོད་ཚད་བཅོམ་ཆག་ཏུ་བཏང་ནས་སྟོང་སང་གི་རྫོགས་ལྡན་ཞིག་ལ་བསྐྱལ་རྒྱུ།
སུས་ཀྱང་མ་ཤེས་པ་དང་དང་། སུས་ཀྱང་མ་གོ་བའི་གནས་ལུགས་འདྲ་ཆགས་པོ་ཞིག་གིས་རང་ཉིད་ལ་གསེར་ཁྲི་དགུ་བརྩེགས་ཤིག་བཞེངས་རྒྱུ་དེ་གཏན་ནས་མིན།

ང་ལ་ཕུགས་བསམ་ཞིག་ཡོད།
དེ་ནི། རང་གིས་གང་ཤེས་པ་དང་། རང་གིས་གང་འཇོན་པ་དེས་ཁྱབ་ཚད་ཀྱིས་ཕན་ཐོགས་ལ་གཞོལ་ཐུབ་པ་དང་། ནུས་ཤུགས་ཙམ་སྦྱིན་ཐུབ་པ། ཆེས་མ་མཐའ་ཡང་སྟོང་ཟད་དང་ལྡོག་ཕྱོགས་ནས་ནུས་པ་མི་སྦྱིན་པར་མདུན་སྐྱོད་ཐུབ་རྒྱུ་དེ་ཡིན། དུས་གཏན་དུ་ཡིན།

༢༠༡༣/༧/༧ ལ།

རྩོམ་རིག

Post navigation

Previous Post: ༧གོང་ས་མཆོག་སྐུ་མཚམས་ལ་བཞུགས་གཏན་འཁེལ་འདུག
Next Post: ཆར་ནང་གི་སེམས་པ།

Comments (7) on “ང་ལ་ཕུགས་བསམ་ཞིག་ཡོད།”

  1. ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ། says:
    2013-07-28 at 7:13 am

    དྲ་གྲོགས་སེར་ཤུལ་རིན་ཆེན་དོན་གྲུབ་ལགས། ཕུགས་བསམ་འདི་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨཱ་་་་ཁྱེད་ཀྱི་ཕུགས་བསམ་དེ་ཉིད་མྱུར་ཏུ་འགྲུབ་བའི་སྨོན་འདུན་ཞུ།

  2. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-07-28 at 8:45 am

    དྲྭ་གྲོགས་ལགས་ཀྱིས་མི་རིགས་ཤིག་གི་ཆ་ནས་བལྟས་ན་ཕུགས་བསམ་ལེགས་འདུག། ལྷག་དོན་དུ་མི་བུ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་འགན་ཁུར་དང་སེམས་ཚོར་གཉིས་དོ་མཉམ་འདུག་བསམ། བཀའ་དྲིན་ཆེ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-07-29 at 7:26 pm

    ང་ལ་ཕུགས་བསམ་ཞིག་ཡོད། ཅེས་པ་འདི་ཉིད། ཨིན་སྐད་I have a dream.གྱི་འགྱུར་འདི་འདྲ་ཞིག་དགོས་པ་ལས། ང་ལ་རྨི་ལམ་ཅིག་ཡོད། ཅེས་བསྒྱུར་ན་གོ་དོན་འཆོལ་བའི་སྐྱོན་འོངས་མི་སྲིད་པ་མིན།

  4. རང་དབང་ཨ་རྡུ་མན says:
    2013-07-29 at 11:35 pm

    ཁྱེད་ཀྱི་ཕུགས་བསམ་དེ་ནི་ཆེས་རྒྱང་རིང་དང་ཚད་མཐོན་པོ་དེ་ཙམ་མིན་ཡང་་་་
    འགྲུབ་པར་དཀའ་བ་དང་བརྗོད་པར་སླ་བའི་ཕུགས་བསམ་ཞིག་ཏུ་ངེས། །

  5. འོད་གསལ says:
    2013-07-30 at 12:15 am

    ཁྱེད་རང་གིས་ཐུགས་ལ་ཤར་བ་ཐད་ཀར་དྲང་བདེན་དུ་གསུངས་འདུག །ཕུགས་བསམ་དེ་དེ་འདྲའི་དཀའ་བོ་མིན་པས་འགྲུབ་ཐུབ་ངེས།

  6. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-07-30 at 5:58 am

    དྲ་གྲོགས་ཚོ་ཕེབས་བསུ་ཞུ། ཕུགས་བསམ་འདི་ནི་ཆེས་མཐོའི་ཕུགས་བསམ་མ་འགྲུབ། རང་དང་འཚམ་པའི་ཕུགས་བསམ་དེས་ཡིད་མ་ཚིམས། དེའི་བར་ནས་ཅི་ཡང་མེད་པར་རྒས་བཞིན་པའི་འགྲོ་བ་དག་དང་རང་ཉིད་པ་དྲབ་གསོའི་ཆེད་དུ་ཡིན།

  7. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2013-07-30 at 5:59 am

    དྲན་གསོའི་ཆེད་དུ་་བཅོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme