Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབར་བཞིན་པའི་བོད།

Posted on 2013-07-262013-07-26 By ཁ་བརྡ་ 2 Comments on འབར་བཞིན་པའི་བོད།

སངས་རྒྱས་དཀོན་མཆོག

བོད་ཅེས་པ་མིའི་རིགས་ཀྱིས་བཙུར་བཞིན་པ་དེ་རེད།
བོད་ཅེས་པ་མི་ཁྲག་གི་རྒྱང་འབོད་བྱེད་ས་དེ་རེད།
བོད་ཅེས་པ་མེ་སྟག་བཞིན་མཆེད་བཞིན་པ་དེ་རེད།
བོད་ཅེས་པ་ས་སྒང་གི་མཐོ་ས་ན་འབར་བཞིན་པ་དེ་རེད།

___གྱད་མིའི་དཔའ་སྙིང་ལ་གུས་འདུད་ཞུ།

ལོ་རྒྱུས་ཀྱི་ཕམ་ཉེས་ལས་མི་རབས་ག་ཚོད་ཅིག་འདས་པའི་དེ་རིང་ཆགས་འཇིག་གི་ལོ་ཟླའི་གས་སྲུབ་ལས་ཕྱིར་དྲན་གྱི་ཀློང་ལ་ལག་འཇུ་ཐེངས་གཅིག་བྱས་ན། ང་ལ་སེམས་བསམ་པའི་སྨྲེང་སྐྱོ་སློང་བའི་ཚོར་འདུ་སྐྱེས་ཀྱི། རི་རབ་ཀྱི་རྔམ་བརྗིད་ལྟ་བུའི་མེས་པོའི་རྒྱལ་ཁམས་དང་། གླིང་ཆེན་ཨེ་ཤ་ཡ་སྟོབས་ཀྱིས་བཟུང་མྱོང་བའི་རྟུལ་ཕོད་ཀྱི་དཔའ་སྙིང་བསམ་ན། དེ་རིང་གི་ང་ཚོའི་མགོ་ཐོག་ལ་བཙན་འཛུལ་དང་བརྙས་བཅོས་ཀྱི་མནར་གཅོད་འདི་དག་ཇི་ལྟར་ཡོང་བ་ཡིན་ནམ།
ཡིན་ཡང་། འདི་ནི་ལོ་རྒྱུས་ཀྱི་ཕམ་ཉེས་རེད། ཕམ་སོང་བའི་ང་ཚོས་དེ་རིང་ཡང་རང་གི་བྱས་ཉེས་ཀྱི་འཇུག་འབྲས་ལ་ཚང་རྩིས་རྒྱག་བཞིན་འགྲོ་བ་མིའི་གཅིག་མཐུན་གྱི་བསམ་བློ་སྟེ། རང་དབང་དང་མང་གཙོ། འདྲ་མཉམ་སོགས་ཡོད་ཆོག་ཆོག་གི་འཚོ་གནས་ཐོབ་ཐང་དེའི་ཆེད་དུ་རང་གི་ཚེ་སྲོག་གིས་ཀྱང་བདེན་དོན་རྩོད་བཞིན་དམར་ལྷབ་ལྷུབ་ཀྱི་མེ་ལྕེའི་ཀློང་ནས་མི་བུ་{བརྒྱ་དང་ཉུ་ཤུས}་མི་ཡུལ་ལ་ཆེས་བརྗེད་དུ་མེད་པའི་ཁ་ཆེམས་རེ་བཞག་ནས་གཏན་ཏུ་འགྲོ་སོང་། ཚེ་སྲོག་འདི་དག་ནི་མི་བུ་རེ་གཉིས་ཤིག་གིས་སྡུག་ཉེས་ཀྱི་མནར་གཅོད་མ་བཟོད་པར་གང་དྲན་ཅི་དྲན་བྱས་པ་མ་ཡིན་པར། མི་རིགས་ཤིག་གི་སྐྱོ་གར་གྱི་བྱུང་བ་དངོས་དེ་སེམས་བསམ་པའི་མ་བཟོད་པར། ཆེས་འུ་ཐུག་པའི་ལས་ཀ་འདིར་མི་འཇུ་ཐབས་མེད་བྱུང་སོང་བ་རེད། དེ་ལྟ་ན་ངས་ཁྱེད་ལ་འབར་བཞིན་པའི་བོད་ཀྱི་འབར་ཚུལ་དང་འབར་ལུགས་ཙམ་འགྲེལ་ན།

འབར་བཞིན་པའི་བོད་ཀྱི་འབར་ཚུལ།

དུས་རབས་ཉེར་གཅིག་གི་དུས་དེ་རིང་འཛམ་གླིང་ཧྲིལ་བོ་རང་དབང་དང་མང་གཙོ་ལ་ཕྱོགས་ཤིང་སྲིད་དབང་གཅིག་སྡུད་ཡོད་ཚད་ཀྱི་མགོ་རྟིང་གཅིག་འཕྲོར་གཉིས་ཀྱིས་སློག་བཞིན། རྩ་ཁྲིམས་དང་བཅའ་ཁྲིམས་ཡོད་ཚད་ན་མིའི་རིགས་འདྲ་མཉམ་དང་རང་དབང་ཡིན་ཞེས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ནམ་མཁར་སྒྲོག་བཞིན་པའི་དུས་ཚོད་འདིར། དམར་པོས་རང་ལུགས་ཀྱིས་མགོ་བོ་བསྟིམས་པའི་རྒྱ་ནག་སྲིད་གཞུང་གིས་གཅིག་སྡུད་སྲིད་དབང་གི་སྒེར་འཛིན་འོག་ན། མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་རྩ་གཏོར། མི་སེར་སྤེལ་ཡུལ་སོགས་འགྲོ་བ་མིའི་ཐལ་མཐའི་བྱ་སྤྱོད་དག་སྤེལ་དང་སྤེལ་བཞིན་པ་དང་།
ལྷག་པར་དུ་ན་ནིང་ད་ལོ་བོད་མི་ཚོར་མི་རིགས་ཁ་བྲལ་གྱི་སྲིད་དབང་འོག་ནས་མནར་གཅོད་དང་བཙོན་བཅུག་བྱེད་པ། འཚོ་གནས་བདག་དབང་གི་ཐོབ་ཐང་མེད་པ། སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་མེད་པ། ཆོས་ལུགས་དད་མོས་རང་དབང་མིན་པ། ཐ་ན། རྔམ་སྟོན་ཁྲོམ་སྐོར་གྱི་སྐད་འབོད་ཙམ་ཡང་བྱེད་ས་མེད་པ་སོགས། ཡོད་ཚད་གཅིག་སྡུད་ཀྱི་དབང་ཆའི་འོག་ན་ཕྱི་བསྟིམས་ནང་བསྟིམས་བྱས་ཡོད་པས། དེ་རིང་གི་མགོ་ནག་བོད་མིའི་སེམས་ཀྱི་ཞེ་མཁོན་དེ་དམར་པོ་མེ་ཡི་གཟུགས་སུ་འགྲེང་སོང་བ་མ་ཡིན་ནམ། ཁོ་ཚོས་བོད་ཀྱི་གནད་དོན་ནི་བཙན་འཛུལ་དང་གཉའ་གནོན་ལས་ཞི་འགྲོ་བ་ཞིག་རེད་འདོད་བཞིན་ཡོད་ཀྱང་། དེ་ལས་ལྡོག་སྟེ་ན་ནིང་ད་ལོ་མདོ་དབུས་ཁམས་གསུམ་ཀྱི་ས་ཆ་གང་ནའང་ཞི་རྒོལ་དང་སྐད་འབོད་ཀྱིས་ཆ་ལང་རྡེབ་བཞིན་པ་ནི། རྒྱ་ནག་སྲིད་གཞུང་གིས་མི་ལོ་ལྔ་བཅུར་གསོད་རྨས་གཏུབ་འཕྲོག་བྱས་པའི་ཁྲག་རྩའི་སྦུབས་ཀྱི་ཞེ་འཁོན་དེ་ཞི་བཞིན་པ་མ་ཡིན་པར་སླར་ཡང་ལངས་བཞིན་པ་དེ་རེད།

མ་གཞི་འགྲོ་བ་མིའི་བཤད་ཚུལ་ཞིག་ལ་གང་ན་གཉའ་གནོན་དང་དྲག་སྤྱོད་ཡོད་ན་དེ་ན་ངོ་རྒོལ་དང་གྱེན་ལངས་ཡོད་ཟེར་བ་ལྟར། འགྲོ་བ་མིའི་འཚོ་གནས་གང་ཞིག་ཡིན་ཀྱང་གཉའ་གནོན་དང་དྲག་སྤྱོད་ཀྱི་སྲིད་ཇུས་ལས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་རྒྱུ་ནམ་ཡང་ཡོང་དུ་མེད་པ་ཞིག་ཡིན་ཡང་། རྒྱ་ནག་སྲིད་གཞུང་གིས་བོད་ལ་སྙན་སྙན་གྱི་ཁ་གཡང་གང་འདོད་དུ་སྒྲོག་བཞིན་ལྐོག་གཡོ་ངན་ཇུས་ཀྱི་སྦྱོར་བ་སྤེལ་དྲགས་པའི་རྐྱེན་གྱིས་དེ་རིང་གི་རྒྱ་བོད་གཉིས་ཀྱི་གནད་དོན་དེ་ཚེ་སྲོག་གི་གནད་དོན་ལ་ཐུག་སོང་བ་རེད།འདི་ནི་འབར་བཞིན་པའི་བོད་ཀྱི་འབར་དོན་གྱི་གནས་ལུགས་དང་རྒྱུ་རྐྱེན་ཨ་ཚ་མ་དེ་ཡིན་སོང་བ་རེད།

འབར་བཞིན་པའི་བོད་ཀྱི་འབར་ཚུལ།

མེ་ལྕེའི་ཀློང་གི་བོད་མི་དག་གིས་འཛམ་གླིང་མི་མང་གི་མིག་མདུན་ལ་མུན་ནག་དང་ལོག་སྤྱོད་ཀྱི་སྲིད་ཇུས་ལ་གསལ་འགྲེལ་རྡོག་པོ་རེ་བརྒྱག་བཞིན་གཏན་དུ་ཕྱིར་ནུར་ཙམ་མེད་པར་ཕྱིན་སོང་། ཁོ་ཚོས་འབར་བཞིན་པའི་མེ་ལྕེའི་ཀློང་ནས་མི་ཡུལ་ལ་ཁ་ཆེམས་སུ་བཞག་པ་ནི། ༼བོད་རྒྱ་གཉིས་ལ་ཞི་འགྲིག་ཡོང་དགོས༽ ༼༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས༽ ༼བོད་ལ་རང་དབང་དགོས༽ ཞེས་ཞི་བའི་དོན་ཚན་འདི་དག་དབྱངས་སུ་གྱེར་བཞིན། ཕ་རོལ་པོར་དྲག་སྤྱོད་ཀྱི་ལས་ཏིལ་འབྲུ་ཙམ་ཡང་མེད་པ་ནི་འབར་བཞིན་པའི་བོད་ཀྱི་འབར་ཚུལ་དང་ལས་རྒྱུ་འབྲས་ལ་ནམ་ཡང་གཡོལ་དུ་མེད་པའི་མི་རིགས་རླབས་པོ་ཆེ་འདིའི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་བརྩི་བཀུར་དང་ཞི་བདེ་ལ་སྨོན་པའི་བདེན་དཔང་རླབས་ཆེན་མ་ཞིག་ཀྱང་ཡིན་སོང་བ་རེད།

ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཞི་བས་འཐབ་རྩོད་ལ་རེམ་ཞིང་རྒྱ་བོད་བར་ལ་གཉིས་ཕན་གྱི་ལམ་ཞིག་ལ་འབད་ཀྱང་། རྒྱ་ནག་གིས་ང་ཚོར་ཡ་ལན་སྤྲད་པ་ནི་མཚོན་ཆའི་ངར་ཤུགས་དང་ལྐོག་གཡོ་ངན་ཐབས་ཀྱི་སྲིད་ཇུས་རེད། ཡིན་ཡང་། དུས་དང་གནས་འདི་འདྲ་ཞིག་གི་འོག་ནས་རླབས་ཆེ་བའི་མི་བོ་ཆེ་དག་གིས་གདོས་བཅས་ཀྱི་ལུས་ཕུང་མེ་ལྕེ་དང་མཉམ་དུ་བདེན་དོན་ཞེས་བའི་གནས་ལུགས་འདིར་ཧུར་གྱིས་འཐམ་བཞིན་ཡོད་པ་རེད་ལ། ཚེ་སྲོག་འདི་དག་གིས་འཛམ་གླིང་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་སྔར་མེད་ཀྱི་ལེའུ་གསར་བ་ཞིག་གི་དབུ་བསླངས་ཡོད་པ་རེད་། ད་དུང་། བོད་ཅེས་པའི་མི་རིགས་ཤིག་སའི་གོ་ལའི་དྭ་ཕྲུག་ཏུ་གྱུར་མེད་པ་གསལ་བོར་འགྲེལ་བཞིན་པ་དེའོ། དེ་བས་འདི་ནི་འབར་བཞིན་པའི་བོད་ཀྱི་འབར་ཚུལ་དམར་ཧྲང་ངེར་བོ་དེ་ཡིན་སོང་བ་རེད་ལ་བཞུད་སོང་བའི་གྱད་མིའི་དཔའ་རྒོད་ཚོས་ང་ཚོར་བཞག་པའི་ཞལ་ཆེམས་ཀྱང་ངོ་།

འབར་བཞིན་པའི་བོད་ཀྱི་འབར་དོན།

མེ་རྒོལ་སྙིང་སྟོབས་ཀྱི་འཐབ་རྩོད་འདི་ལྟ་བུ་ནི་གཞལ་ཡང་འཛམ་གླིང་ན་ང་ཚོ་མ་གཏོགས་སུ་ལ་ཡང་བྱུང་མྱོང་མེད་པ་རེད་ལ། སྙིང་སྟོབས་འདིའི་མོག་མོག་རབ་རུབ་ཀྱི་བོད་དོན་གྱི་མེ་སོན་དེ་རྒྱལ་གཅེས་གར་སྟེགས་སུ་འོད་ལམ་མེར་བཞག་སོང་བས། ད་ནི་ཕྱི་རྒྱལ་བ་ཚོས་ཆབ་སྲིད་ཀྱི་ལག་ཆ་ཙམ་ཞིག་ལ་འཛིན་པའི་འུ་ཚོས་རང་ཉིད་ལ་འདུ་ཤེས་གསར་བ་ཞིག་རྙེད་སོང་བ་རེད། ད་ནས་བཟུང་ང་ཚོས་ནམ་རྒྱུན་མ་ཎི་ལྟར་སྒྲེང་བའི་བོད་དོན་སེལ་བར་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་དགོས་ཞེས་གཞན་རྟེན་རང་ལུགས་ཀྱི་ལས་གཞི་དེ་སྐྱབས་བཅོལ་མ་དགོས་པར་ང་ཚོ་རང་ཉིད་ཀྱིས་འབད་པའི་ལམ་ཀ་ཞིག་རྙེད་སོང་བ་རེད། ལྷག་པར་དུ་སྙིང་སྟོབས་ཀྱི་འཐབ་རྩོད་འདིའི་འོ་སྐོལ་བའི་མགོ་འདོགས་རང་ལུགས་ཀྱི་འཐབ་རྩོད་རྨང་ནས་བཤིག་ཞིང་ནམ་རྒྱུན་བོད་དོན་ལ་རེ་བ་མི་འདུག་ཟེར་མཁན་དག་གི་ངོ་གདུང་ལ་ཐམ་རྟགས་གསལ་བོ་ཞིག་བརྒྱབ་ཡོད་པ་རེད།

ད་ནི་བོད་དོན་གྱི་རྩོད་རྙོག་དེ་བོད་རྒྱ་གཉིས་གཉིས་ཀྱི་སྒོ་དྲུང་ནས་ལྷག་མ་དགོས་པར་དཀར་ནག་གི་དབྱེ་བ་ཞིག་ཧར་གྱིས་ཕྱེ་སོང་བས། འཛམ་གླིང་མི་མང་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྲིད་གཞུང་ཁག་གིས་མི་གླེང་ཐུ་མེད་ཀྱི་གནད་དོན་ཞིག་ཏུ་གྱུར་སོང་བ་རེད། འདི་ནི་སྐྱབས་ཞུ་དང་རེ་ཞུ་བྱས་ནས་ཐོབ་པའི་རྒྱབ་སྐྱོར་ཙམ་ཞིག་མ་ཡིན་པར། ང་ཚོ་རང་ཉིད་ཀྱིས་འཕགས་འཚགས་བརྒྱབ་ནས་རྒྱལ་སྤྱིའི་སྡིང་ཆ་རུ་བཞག་པའི་འབྲས་བུ་དང་ཚེ་སྲོག་རླབས་པོ་ཆེ་དག་གིས་རིན་ཐང་ཡིན་སོང་བ་རེད། ཚེ་སྲོག་འདི་དག་གིས་བཞག་པའི་གཞལ་མེད་ཀྱི་ནུས་མཐུ་ནི་ང་ཚོ་མི་བུ་རེ་རེའི་མ་འོངས་པའི་བདེ་སྐྱིད་དང་འབྲེལ་ཡོད་པས། དུས་དང་གནས་ག་ཚོད་ཅིག་ལ་ང་ཚོའི་བརྗེད་ཐབས་མེད་པ་དེའོ། དེ་བས་རླབས་ཆེ་ཞིང་འཆི་བ་གཟི་བརྗིད་ལྡན་པའི་མྱི་བོ་ཆེ་དག་གི་ལུས་སྲོག་མེ་མཆོད་ལ་ཕུལ་སོང་བའི་འབར་འབྲས་འདིར་ཅི་ནས་ཀྱང་གུས་འདུད་ཞུ།

འབར་བཞིན་པའི་བོད་དང་མཐའ་མཇུག་གི་བསྒྲག་གཏམ།

དེ་རིང་ཁ་སང་གི་ཉིན་འདི་ཚོར་མགོ་ནག་བོད་ཀྱི་སེམས་ཁོང་གི་སྐྱོ་གར་རིང་མོ་སའི་གོ་ལའི་མཐོ་ས་ནས་མེ་རུ་འབར་སོང་བ་འདི། རྒྱ་ནག་སྲིད་གཞུང་གིས་བོད་ཞི་བའི་བཅིང་གྲོལ་བཏང་ནས་མི་ལོ་ལྔ་བཅུ་འཁོར་བའི་བདེན་དཔང་དངོས་དེ་ཡིན་སོང་བ་རེད། དེ་བས་དེ་རིང་ངས་ས་ཡ་དྲུག་གི་གཅིག་འདུས་ཀྱི་སེམས་པ་ཡོད་ཚད་ཀྱི་ཚབ་བྱས་ནས་ཁྱེད་ལ་འགྲེལ་རྒྱུ་ཞིག་ལ། ང་ཚོས་ནམ་ཡང་ཁྱེད་ཕྱོགས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་མི་བྱ་བ་འདི་ང་ཚོར་ནམ་ཡང་དཔའ་དང་བློ་སྤོབས་མི་འདུག་མ་བསམ་རོགས།
ང་ཚོས་ནམ་ཡང་དམིགས་བྱ་དེ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གསེར་ཡིག་ནང་དུ་ནག་ཐིག་ཅིག་མི་ཕབ་པའི་ཆེད་དུ་བདེན་པ་དང་ཞི་བའི་འཐབ་རྩོད་ལ་རེམ་བཞིན་ཡོད་ལ། དྲག་སྤྱོད་ཀྱི་ལས་ཏིལ་འབྲུ་ཙམ་ཡང་མི་བྱ་བ་ནི་ང་ཚོར་ནམ་ཡང་བསླུ་མེད་ཀྱི་དཀའ་དང་བླ་མེད་ཀྱི་ལམ་ཡོད་པས། ང་ཚོས་དུས་རྟག་ཏུ་ཁྱེད་དང་ངའི་བདེ་སྡུག་ལ་བསམ་བློ་གཏོང་གི་ཡོད། ང་ཚོར་གཅེས་བའི་ལུས་སྲོག་གིས་བདེན་དོན་རྩོད་པའི་སྙིང་སྟོབས་མངའ་ན། ཁྱེད་ལ་སྦྱོར་བ་ཞིག་རྩོམ་རྒྱུ་དེ་བས་ཀྱང་སླ་བ་ལའང་། ཡིན་ཡང་། ཡིན་ཡང་། ང་ཚོས་ནམ་ཡང་འགྲོ་བ་མི་ཞེས་པའི་སེམས་ཅན་རླབས་པོ་ཆེ་འདིའི་འཚོ་གནས་ལ་བརྩི་བཀུར་དང་། ཁྱོད་དང་ངའི་གཉིས་ཕན་དང་ཞི་བའི་གྲོས་མོལ་ལ་འབད་བཞིན་ཡོད་པས། ད་ནི་ཁྱེད་ཀྱིས་དོན་འདིའི་རྒྱབ་ལྗོངས་ལ་བསམ་བློ་གཏོང་རན་རེད། མི་གསོད་ཁྲག་སྦྱོར་དང་རྫུན་གྱི་སྐྱོ་གར་རིང་མོ་ས་ལ་གཡུག་དེ་མིའི་རིགས་ཀྱི་རང་དབང་དང་མང་གཙོ་མཉམ་དུ་ལག་རྡང་སྦྲེལ་ན་རེད།

རྒྱུ་མཚན། སང་ཉིན་ཁྱོད་ཀྱང་འཛམ་གླིང་མི་མང་དུང་ཕྱིར་བདུན་དང་མཉམ་དུ་འཚོ་དགོས་པས། ད་ནི་ཁྱེད་ཀྱིས་རང་ཚོད་ཟིན་ན་རེད།ནམ་ཞིག་བདེན་པའི་སྟོབས་ཤུགས་ཆེན་མོ་སའི་གོ་ལའི་འཕངས་བ་ནས་འོད་ཟེར་དང་ལྷན་དུ་འཕྲོ་ཉིན་དེར། ཁྱེད་ཀྱི་རྫུན་གྱི་ངོ་གདུང་ཐལ་བར་བསྲེགས་སོང་བ་ཡིན་པས། ད་ནི་ཁྱེད་ཀྱིས་མི་སྲོག་གྲངས་མེད་ཀྱི་རིན་ཐང་དང་། གསོན་པོ་གྲངས་འདས་ཀྱི་ཞེ་འཁོན་ཤེས་ན་རེད། ང་ཚོས་འཐབ་རྩོད་ནི་རང་གི་ཤ་ཁྲག་རུས་གསུམ་ཀྱིས་རྩོད་བཞིན་ཡོད་པས། དུས་ནམ་ཞིག་ལ་བདེན་དོན་དོན་གྱི་དར་ཆ་བསྒྲེང་མཁན་དེ་ང་ཚོ་ཡིན་པས། རྒྱུ་མཚནདེའི་རྐྱེན་གྱིས་ད་ནི་ཁྱེད་ཀྱིས་རང་ཚོད་བཟུང་ན་རེད། འདི་ནི་སྐྱེས་མཆོག་དམ་པ་གན་དྷི་མཆོག་དང་རླབས་ཆེ་བའི་སྐྱེས་བུ་དང་གིས་ང་ཚོར་གནང་བའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་མིའི་རིགས་ལ་གནང་བའི་བླ་མེད་ཀྱི་ལེགས་སྐྱེས་དེ་ཡིན་པས། དུས་དང་གནས་ག་ཚོད་ཅིག་ལ་ང་ཚོ་ལམ་ཁ་འདིར་ཡོད་ཅེས་འབར་བཞིན་པའི་བོད་ཀྱི་མཐའ་འཇུག་གི་བསྒྲག་གཏམ་དུ་བོས་བ་ཡིན།།

དཔྱད་རྩོམ།

Post navigation

Previous Post: བཙན་པོའི་སྙིང་སྟོབས།
Next Post: དྲིལ་ལྕེ།

Comments (2) on “འབར་བཞིན་པའི་བོད།”

  1. གླིང་གཅེར་བུ། says:
    2013-07-26 at 3:44 pm

    ༼རྒྱལ་གཅེས༽་ཞེས་པར་རྒྱལ་སྤྱིའི་ཞེས་བཅོས་ཡོད། ད་དུང་ཆད་ལྷག་ཁ་ཤས་འདུག་པར་དགོངས་འགལ་མེད་པ་ཞུ།

  2. མི་ཉག་སྐལ་བཟང་། says:
    2013-07-26 at 5:29 pm

    འབར་མྱོང་ཞིང་འབར་བཞིན་པའི་བོད། ད་དུང་འབར་ངེས་པའི་བོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme