Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སུད་སིར་བོད་ཟས་སྦྱིན་གཏོང་དང་བོད་དོན་དྲིལ་བསྒྲགས།

Posted on 2013-07-232013-07-23 By ཁ་བརྡ་ 5 Comments on སུད་སིར་བོད་ཟས་སྦྱིན་གཏོང་དང་བོད་དོན་དྲིལ་བསྒྲགས།

གནས་ཚུལ་མཁོ་གཏོང་བ། སྤྱི་འཐུས་རོང་པོ་དགེ་བཤེས་བློ་བཟང་སྙན་གྲགས། 

ཕྱི་ལོ༢༠༡༣ ལོའི་ཟླ ༧ ཚེས ༢༠ ཉིན་སུད་སི་ནང་གནས་སྡོད་སྟག་ཚང་དཀོན་ཅོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཁྱིམ་ཚང་གཉིས་ཀྱིས་སུད་སི་གྲོང་ཁྱེར་ལུ་རྫན་ནང་བོད་ཟས་སྦྱིན་གཏོང་གིས་བོད་དོན་དྲིལ་བསྒྲགས་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་ཡོད་འདུག 

ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་ལོ་གཅིག་རིང་མུ་མཐུད་སྤེལ་བཞིན་པའི་སྐབས་འདིར། གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ལུ་རྫན་ནང་གི་ས་གནས་ Emmenbrücke ནང་སུད་སི་མི་མང་རྣམས་ལ་བོད་ཟས་ཤ་བག་ལེབ་སྦྱིན་པ་གཏོང་ཞོར། བོད་ཀྱི་ཛ་དྲག་གི་གནས་བབ་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་མེར་སྲེག་གི་རྒྱུ་རྐྱེན་ངོ་སྤྲོད། སྦྱར་བྱང་སོགས་སྦྱར་འགྲེམས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་གནང་སྟེ་བོད་དོན་དྲིལ་བསྒྲགས་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་ཡོད་འདུག 

ལས་འགུལ་སྤེལ་མཁན་སྟག་ཚང་དཀོན་་ཅོག་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་གནས་སྟངས་ངོ་སྤྲོད་གནང་དོན། ངེད་ཁྱིམ་ཚང་གཉིས་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་ཐེངས་གཉིས་དང་། དེ་བཞིན་ལོ་གཅིག་རིང་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་གི་ལས་འགུལ་ཀྱང་ད་ལྟ་འགྲོ་བཞིན་པ་ཡིན། དེ་རིང་འདིར་བོད་ཟས་སྦྱིན་པ་གཏོང་ཞོར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི། བོད་ཟས་སྦྱིན་པ་གཏོང་ཞོར་བོད་དོན་དྲིལ་བསྒྲགས་བྱས་ན་བོད་གནས་ཡིག་ཆ་ཁག་ལ་མི་མང་གིས་དོ་སྣང་དམིགས་བསལ་བ་སླེབས་ཡོང་སྙམ་པས་ཡིན་ལ། བོད་ཟས་སྦྱིན་གཏོང་དང་མཉམ་དུ་བོད་དོན་འགྲེལ་བཤད་བརྒྱབ་པ་ཡིན་ན་ཕྱི་རྒྱལ་བ་ཚོས་དོ་སྣང་ཡག་པོ་ཡོང་གི་འདུག ཐེངས་འདིའི་ལས་འགུལ་ནང་སྔོན་མ་དང་མ་འདྲ་བར་ཡིག་ཆ་ཁག་ལ་དོ་སྣང་སྤྲོད་མཁན་དང་བོད་དོན་ལ་རྒྱབ་སྐྱོར་ཀྱི་རྣམ་འགྱུར་སྟོན་མཁན་ཅུང་མང་ཙམ་བྱུང་སོང་ལ། ས་གནས་རང་ནས་བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་གྲངས་བཞི་བརྒྱ་ལྷག་འགྲེམས་སྤེལ་ཐུབ་སོང་། ཞེས་འགྲེལ་བརྗོད་གནང་སོང་། 

ལས་འགུལ་སྤེལ་མཁན་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ལགས་སུ། སུད་སི་ནང་བོད་མི་མང་པོ་ཞིག་གིས་ལས་ཀ་དང་དུས་ཚོད་ཀྱི་དབང་གིས་འདི་ལྟར་ལས་འགུལ་སྤེལ་ཐུབ་ཀྱིན་མེད་ཀྱང་། ཁྱེད་ནང་མི་གཉིས་ཀྱིས་མུ་མཐུད་ལས་འགུལ་འདྲ་མིན་དང་ལས་འགུལ་རྒྱུན་རིང་སྤེལ་གྱིན་པར་དཀའ་ངལ་དམིགས་བསལ་བ་འཕྲད་ཀྱིན་ཡོད་དམ། ཅེས་དྲིས་པར། སྤྱིར་བཏང་སུད་སི་ནང་ལས་ཀ་བརྒྱ་ཆའི་བརྒྱ་བྱེད་མཁན་ཚང་མར་ཉིན་གཉིས་རེ་གུང་གསེང་ཡོད་ཡོད་པ་རེད། དེ་བཞིན་ངེད་ནང་མི་ཚོས་ཀྱང་སོ་སོའི་གུང་གསེང་ཉིན་གཉིས་དེ་བེད་སྤྱོད་བཏང་ནས་ལས་འགུལ་སྤེལ་བཞིན་ཡོད། ང་ཚོ་བོད་པ་ཞིག་ཡིན་དུས་ང་ཚོར་ལས་འགན་ཐོལ་བ་རེ་ཡོད་པ་དང་། བོད་མིའི་ལས་འགན་དེ་ཅིས་ཀྱང་བསྒྲུབ་དགོས་པའི་ཐད་་༸གོང་ས་མཆོག་གིས་ནམ་རྒྱུན་བཀའ་སློབ་ཕེབས་བཞིན་པ་ལྟར། སོ་སོའི་ལས་ཀ་ཉིན་ལྔ་ལ་བྱས་རྗེས་བདུན་ཕྲག་གཅིག་ནང་ཉིན་གཉིས་དེ་བོད་དོན་ཆེད་གཏོང་དགོས་ཀྱི་རེད་དྲན་ནས་འགྲོ་སོང་གང་ཡོད་ངེད་ནང་མི་གཉིས་ཀྱིས་བཏང་སྟེ་ལས་འགུལ་སྤེལ་བཞིན་ཡོད། འོན་ཀྱང་ངེད་གཉིས་ལ་དཀའ་ངལ་ཞིག་ཡོད་པ་ནི་རྒྱ་སྐད་དང་འཇར་མན་སོགས་ཚད་ལྡན་མི་ཤེས་པ་དེ་རེད། དེ་བས་བོད་ཀྱི་གནས་བབ་འགྲེལ་བརྗོད་བྱེད་སྐབས་ཏོག་ཙམ་དཀའ་ངལ་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་སོང་།

ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་བོད་དོན་ཞུ་གཏུག་ལས་འགུལ་མུ་མཐུད་འགྲོ་བཞིན་པ་ཡོད་འདུག་པ་དང་། གོང་ཟླའི་ཕྱི་ཚེས ༡༧ ཉིན་ཁྱིམ་ཚང་འདི་གཉིས་ཀྱིས་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་བཅོ་ལྔ་པ་དེ་སྤེལ་ཡོད་པ་དང་། ཐེངས་བཅོ་ལྔ་བའི་ལས་འགུལ་ཁྲོད་ནང་མི་གཉིས་ཀྱི་ཕྲུ་གུ་རྣམས་མཉམ་ཞུགས་ཞུས་ཐོག ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་མཉམ་ཞུགས་གནང་སྟེ་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད་འདུག ཐེངས་བཅོ་ལྔ་པའི་ལས་འགུལ་འདིའི་ནང་བོད་ཀྱི་ཛ་དྲག་གི་གནས་སྟངས་འགྲེལ་བརྗོད་ཀྱི་ཡིག་ཆ་དབྱིན་ཡིག་དང་། རྒྱ་ཡིག འཇར་མན། ཧྥ་རན་སི་བཅས་ཀྱི་ནང་བསྒྱུར་ཏེ་ཡིག་ཆ་གྲངས་ལྔ་བརྒྱ་ལྷག་འགྲེམས་སྤེལ་གནང་ཡོད་འདུག་པ་དང་། བོད་ཀྱི་རྒྱལ་དར་མང་པོ་སྒྲེང་འཛུགས་བྱས་ཏེ་ཕྱི་རྒྱལ་སྤྲོ་འཆམ་པ་རྣམས་དང་། ཁྱད་པར་རྒྱ་རིགས་སྤྲོ་འཆམ་པ་ཚོར་ཆེད་དམིགས་ཀྱིས་བོད་དོན་དྲིལ་བསྒྲགས་གནང་འདུག ཐེངས་འདིའི་ལས་འགུལ་འདིའི་ནང་ཐེ་ཝན་ནས་ཕེབས་པའི་རྒྱ་རིགས་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གནང་ཡོད་འདུག་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ཕེབས་པའི་མི་མང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མང་པོ་ཞིག་ལ་བོད་གནས་འགྲེལ་བརྗོད་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་སྟེ་བོད་དོན་དྲིལ་བསྒྲགས་གནང་ཡོད་འདུག

གསར་འགྱུར།

Post navigation

Previous Post: འདས་སོང་གི་ལོ་ཟླའི་མནར་གཅོད།
Next Post: པུས་མོ་ས་རུ་བཙུགས་ཏེ་གསོལ་བ་འདེབས་སྙིང་ནི་ཁྱེད་ཚོས་འདི་ལྟར་བོད་མི་རིགས་རྣམས་འཆི་ལམ་དུ་མི་འདེད་པར་ཞུ།།

Comments (5) on “སུད་སིར་བོད་ཟས་སྦྱིན་གཏོང་དང་བོད་དོན་དྲིལ་བསྒྲགས།”

  1. lhamotsering says:
    2013-07-23 at 11:18 am

    དཀོན་མཆོག་རྒྱ་མཚོ་དང་ཀརྨ་བཀྲ་ཤིས་ནང་མི་ཡོངས་ལ་སྙིང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།

  2. བློ་བཟང་། says:
    2013-07-23 at 3:35 pm

    དེ་ཡང་ཐབས་ལམ་ཡག་པོ་ཞིག་དང་། བོད་པའི་ཡ་རབས་ངོམས་ཐུབ་པ་བྱུང་འདུག ཐུགས་རྗེ་ཤིན་ཏུ་ཆེ།

  3. དཔྱི་འཇིགས་མེད་དཔལ་ལྡན། says:
    2013-07-24 at 7:13 am

    ཁྱིམ་ཚང་གཉིས་ཀྱི་ནང་མི་ཡོངས་ནས་བོད་ཟས་སྦྱིན་གཏོང་དང་བོད་དོན་དྲིལ་བསྒྲགས་གནང་བ་ལ་རྗེས་སུ་ཡི་རིང་དང་དེའི་དགེ་བའི་མཐུས་འདོད་དོན་ཀུན་འགྲུབ་པའི་སྨོན་འདུན་ཞུ།

  4. གནམ says:
    2013-07-24 at 9:03 am

    བོད་མི་མི་རེ་ངོ་རེ་ཡི་འགན་བཞེས་སྟངས་འདི་ལ་ཁ་བྲོ་བཀྲ་ཤིས་ཡོད།

  5. བསྟན་པའི་དངོས་གྲུབ་ནས། says:
    2013-07-26 at 5:58 am

    དཀོན་མཆོག་རྒྱ་མཚོ་དང་ཀརྨ་བཀྲ་ཤིས་ནང་མི་ཡོངས་ལ་སྙིང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ།
    བོད་མི་སྤྱི་མ་ཞིག་གི་ལས་འགལ་སྤེལ་ཕྱོགས་འདི་ངོ་མ་དགའ་བསུ་ཞུ། སུད་སི་གནས་བསྡོད་ཁྱེད་ནང་མི་གཉིས་དང་ཨོ་སི་ཊི་ལེར་གནས་བསྡོད་ཕུན་ཚོགས་ཕ་བུ་གཉིས་ཁྱེད་རྣམ་པ་ཚོ་བོད་མི་སྤྱི་ཚོགས་ཁྲོད་ལས་འགུལ་སྤེལ་སྟེང་གི་ཤིང་རྟའི་སྲོལ་འབྱེད་ཞིག་རེད་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme