Skip to content
  • མདུན་ངོས།
  • ཁ་བརྡའི་དམིགས་ཡུལ།
  • འབྲེལ་གཏུགས།
  • གསར་འགྱུར།
  • རྩོམ་རིག
  • བསམ་ཚུལ།
  • སྣ་ཚོགས།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • ངོ་སྤྲོད།

དངུལ་ཁུག་འཛག་པ།

Posted on 2013-07-192013-07-19 By ཁ་བརྡ་ 1 Comment on དངུལ་ཁུག་འཛག་པ།

འབྲི་དཀོན་མཆོག

“སྨར་ཁམས་ཀྱི་ཕ་བུ་གཉིས་ཆབ་མདོར་དབྱར་རྩྭ་དགུན་འབུ་འཚོང་བར་སོང་བ་རེད་ཟེེར”དགོང་ཁའི་རང་སྦྱོང་གྲོལ་རྗེས་ང་རང་གྲོགས་ཀུན་དགའི་ཤག་ཏུ་སོང་ནས་ཁ་བརྡ་འདྲ་མིན་སྣ་ཚོགས་བྱས་ཏེ་སྡོད་བཞིན་པའི་སྐབས། གློ་བུར་དུ་ཁོས་མཚར་གཏམ་འདིའི་འགོ་བཙུགས་བྱུང་། ཁོའི་གདོང་གི་རྣམ་འགྱུར་དང་བཤད་འདོད་ཀྱི་བྲེལ་བ་ལ་བརྟགས་ན། མཚར་གཏམ་འདི་ནི་ཤིན་ཏུ་དགོད་བྲོ་བ་ཞིག་ཡིན་པ་ཚེགས་མེད་དུ་རྟོགས་ཐུབ་ཀྱི་འདུག་པས། ངས་ཀྱང་ཁོའི་གདོང་ལ་ཅེར་བཞིན་ཁ་ནས་”འུན་དང་། འུན་”་བཤད་ཅི་ཐུབ་བྱས་ཏེ་ཉན་འདོད་པའི་རྣམ་འགྱུར་བསྟན།
“ཁོ་གཉིས་ཆབ་མདོར་འབྱོར་ནས་ཁ་ཆེའི་ཚོང་བ་ཞིག་ལ་་འབུ་རྣམས་བཙོངས་བ་དང་། གོང་ཚད་ཀྱང་ཡག་པོ་ཁུག་པ་རེད་ཟེར” ཁོས་མུ་མཐུད་ནས་བརྗོད་བྱུང་།
“འུན” ངས་ཀྱང་དོན་ཅི་ཞིག་འབྱུང་རྒྱུ་ཡིན་ནམ་སྙམ་བཞིན་ཁོ་ལ་ཉན་ནས་བསྡད།
“དབྱར་རྩྭ་དགུན་འབུ་བཙོངས་ཚར་རྗེས་བུས་ཕ་ལ་”ཨ་ཕ། ང་ལ་སྒོར་ཏོག་ཙམ་ཞིག་སྤྲོད་རོགས”་ཅེས་རེ་བ་ཞུས་པར་ཕས་ཀྱང་ད་རེ་བུ་ལ་དངོས་པོ་ཙག་ཙིག་ཉོ་སྤྱད་ཅིག་ཅིས་ཀྱང་སྤྲོད་དགོས་བསམས་ཏེ་མི་དམངས་ཤོག་སྒོར་བརྒྱ་ཁོའི་ཚིལ་དྲེག་ཆགས་པའི་དངུལ་ཁུག་ནས་ཕྱིར་ཕྱུང་ནས་བུ་ལ་སྤྲད་པ་རེད་ཟེར།”
“འུན”ངས་ད་དུང་ཡང་སྙིང་དོན་དག་ཅི་ཞིག་འབྱུང་རྒྱུ་ཡིན་པ་མ་ཤེས།
“དེ་ནས་བུ་དེས་སྒོར་མོ་ཁྱེར་ཏེ་ཤར་རེར་སྨད་འཚོང་མ་་ཡོད་སར་སོང་ཞིང་། དེར་ཡོད་པའི་རྒྱ་མོ་གཞོན་ནུ་མ་གཉིས་ལ་སྒོར་ལྔ་བཅུ་རེ་བྱིན་ཏེ་གྲ་མ་ཞིག་འཛག་རེད་ཟེར།”
“འུན” ངའི་སེམས་ལ་ཀུན་དགས་བུ་དེ་ལ་གཉན་ནད་རིག་དུག་ཕོག་པ་རེད་ཟེར་འཆད་མི་ཡོང་ངམ་སྙམ་ཞིང་འཇིགས་སྐྲག་དང་སེམས་ཁྲལ་འདྲས་མའི་ཚོར་བ་ཞིག་ངང་གིས་སྐྱེས།
“དགོང་མོ་བུ་དེ་ཕྱིར་ཨ་ཕ་འདུག་སའི་འགྲོན་ཁང་ནང་འབྱོར་དུས། ཕས་བུ་ལ་ཐུགས་བརྩེ་བརྩེ་དང་ངག་འཇམ་འཇམ་ངང་”དེ་རིང་ཁྱོད་ཀྱིས་ཅི་ཞིག་ཉོས་ཡོད། སྒོར་མོས་འདང་ཨེ་སོང་། ཞེས་དྲིས་པ་རེད་ཟེར། འོན་ཀྱང་། བུས་ཅུང་དོག་མི་བདེ་བའི་བཟོ་བསྟན་པ་ལས་ལན་ཅི་ཡང་བཏབ་ཡོད་མ་རེད་ཟེར། དེར་ཕ་རྒན་ཅུང་མ་རང་བའི་ཚུལ་གྱིས”ཅི་རེད། སྒོར་མོ་ག་བར་བེད་སྦྱོད་བཏང་བ་ཡིན”ཞེས་བསྐྱར་དུ་དྲིས་པ་རེད་ཟེར། བུས་ཏོག་ཙམ་ངོ་ཚ་བ་དང་དོག་མི་བདེ་བཞིན་”རྒྱ་མོ་འཛག་གཏོང་བ་ཡིན”ཞེས་ཕ་རྒན་ལ་དྲང་པོར་ཁས་བླངས་པ་རེད་ཟེར།”
བཤད་མཚམས་འདིར་སླེབས་དུས་ཀུན་དགའི་གདོང་གི་དགོད་འཛུམ་སྔར་བས་ཆེ་རུ་སོང་ནས་ཁ་རྣ་ཅོག་གཉིས་ལ་ཐུག་ལ་ཁད་དང་། དཔྲལ་བའི་མིག་ཆུང་གཉིས་ཀྱང་ཕལ་ཆེར་ཟུམ་འདུག་པས། མཚར་གཏམ་གྱི་མཐོ་རླབས་ལ་ཐོན་གྱི་ཡོད་པ་ཤེས་ཐུབ།
“ཕ་རྒན་གྱིས་ཁྲོ་བའི་ངག་གིས”ཅིའི་རྒྱ་མོ་འཛག ཁྱོད་ཀྱིས་ངའི་ཚིལ་དྲིག་ཆགས་པའི་སྦ་ཁུག་འཛག་པ་རེད”་ཅེསབཤད་པ་རེད་ཟེར། ཧཧཧཧཧཧཧཧཧ”
“ཧཧཧཧཧཧ” ང་ཡང་རང་དབང་མེད་པར་གད་མོ་ཤོར་བྱུང་།
“ཧཧཧཧཧཧཧ” ཇ་ཡུན་ཙམ་ལ་ཀུན་དགའི་ཉལ་ཁང་ཆུང་ཆུང་དེ་ངེད་གཉིས་ཀྱིས་དགོད་སྒྲས་ཁེངས་སོང་།

༢༠༡༣ལོའི་༧པའི་ཚེས༡༨ཉིན་བྲིས། 

མཚར་གཏམ།

Post navigation

Previous Post: དྲིལ་ལྕེ།
Next Post: བུ་མོ་མཛེས་མ་ཞིག་ལ།

Comment (1) on “དངུལ་ཁུག་འཛག་པ།”

  1. དྲང་བདེན་མེ་ལྕེ། says:
    2014-07-11 at 11:25 pm

    ཆོ་མེད་རང་རེད།
    སྙན་མོ་མི་འདུག

Leave a Reply Cancel reply

Your email address will not be published. Required fields are marked *

འཚོལ།

ཉེ་ཆར་གྱི་མཆན་བུ།

  • namgyal on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Sonam on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • པ་རྡོ་རེ། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • གཞུང་པ་ཚེ་དབང་བསོད་ནམས། on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Dawa on ཡིག་སྒྱུར་གོ་བསྡུར། Subtitle བོད་སྐད་ལ་ཇི་ལྟར་འབྲི་འམ།
  • རིན་ཆེན on ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • Tseten Gyurmae on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • Tseten Gyurmae on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • པ་རྡོ་རེ། on བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • ཀུན་དགའ on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • Tseten Gyurmae on ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ།
  • བདེན་པའི་རྒྱབ་ལངས། on ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།
  • བདེན་པའི་རྒྱབ་ལངས། on ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།
  • བོད་ཕྲེང་འཛིན་ཅན། on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • གནམ on སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།

ཉེ་ཆར་གྱི་རྩོམ།

  • སྐྱོ་མ་གཡོ་མཁན་གྲོས་ཚོགས་ཀྱི་རྒྱུན་ལས་ཚོ་ཡིན་ཚེ། གཙང་བཟོ་གནང་མཁན་ཡང་རྒྱུན་ལས་ཚོ་ཉག་ཅིག་ཡིན།
  • སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་སྐོར་ལ་དཔྱད་པའི་གཏམ།
  • ​«ཞར་ལའོ་ཁྲིའི་སྡོམ་ཐག»གི་བཀླགས་ཚོར་ཐན་ཐུན།
  • བསམ་གཞིག
  • ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 9
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག)
  • གསོ་རིག་བཀླགས་བྱང་།
  • སྒེར་གཅོད་ཡིན་པ་འདྲ་འདྲ་རེད། སྨྲ་བརྗོད་རང་དབང་དང་འབྲེལ་བའི་རྩོམ་ཡིག་ཅིག
  • དེ་རིང་ “ ཁ་ཞིག་མི་གྲགས་ག་མེད་བྱུང་།,, ཨ་ཁུ་སྒོ་ཤེར་གྱི་རྩོམ་ཡིག་ཅིག་གི་ཁ་བྱང་གཡར་བ།
  • སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད།
  • སྒོ་ཤེས་རབ་རྒྱ་མཚོ་དང་ཁོང་གི་རིག་གཞུང་བསམ་བློའི་ཞིབ་འཇུག
  • སྒོ་ཤེར་གྱི་ལས་དབང་།
  • ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10
  • ད་རེས་དབུས་གཙང་སྤྱི་འཐུས་སུ་ངེས་པར་དུ་ཕེབས་དགོས་པའི་གཞོན་སྐྱེས་འབུམ་རམས་པ་རིག་འཛིན་ལྷུན་གྲུབ།

ཤོག་ངོས།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • འབྲེལ་གཏུགས།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • འཇུ་ཆེན་དང་སྤེན་ཚེ་གཉིས་གཅིག་པ་གཅིག་རྐྱང་རེད། (742)
  • སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད། (718)
  • ༢༠༢༡ ལོའི་སྲིད་སྐྱོང་འོས་གཞི་སྐལ་རྡོར་དང་། ཁ་མཆུ་ཨང་ ༢༠ པ། (459)
  • བྲོས་མི་ཆོག ནོར་འཁྲུལ་གཙང་མ་བཟོས། (ཞར་བཀོད་གཅིག) (445)
  • ཆོལ་གསུམ་ཆིག་སྒྲིལ་དགོས་ན། གྲོས་ཚོགས་ར་བའི་ནང་གད་བརྡར་བྱེད་རན་འདུག (327)
  • བཙན་བྱོལ་བོད་མིའི་མང་གཙོའི་གཤེད་མ་འཚོལ་ཞིབ། (325)
  • གྲོས་ཚོགས་ར་བ་ནི་གད་སྙིགས་ར་བ་ཞིག་རེད། (296)
  • དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ། (273)
  • བོད་རྒྱལ་ལོ་སྐོར་ལ་འཆད་ཁྲིད་ཐེངས་གཅིག (257)
  • འོས་ཤིང་འཚམ་པའི་དབུས་གཙང་སྤྱི་འཐུས་འོས་མི། (193)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

ཡིག་མཛོད།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • གཡུ་ཞུན་དྲ་བ།
  • ཕ་ཡུལ།
  • བཙན་པོ་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དྲ་སྣང་དུས་དེབ།
  • བོད་ཀྱི་དུས་བབ།
  • བོད་ཀྱི་དེ་ཕོ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • མཆོད།
  • མི་རབས་གསར་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རང་བཙན་མཐུན་ཚོགས།
  • རི་མཐོ་ས་གཙང་།
  • ལ་རྩེ་དཔེ་མཛོད་ཁང་།
  • ལུག་ཚང་དཔལ་ཡོན།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

འཛིན་སྐྱོང་།

  • Log in

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme