Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ཀླད་གཙང་བཟོ་ཨེ།

Posted on 2013-07-182013-07-19 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 7 Comments on གློག་ཀླད་གཙང་བཟོ་ཨེ།

འཇིགས་མེད་ནུབ་པ།

གློག་ཀླད་དང་ལག་འཁྱེར་ཁ་པར་སླེབས་པའི་རྗེས་སུ། ང་སྒེར་གྱི་མི་ཚེ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་སོང་། འདི་ང་གཅིག་པོ་ཡིན་མི་སྲིད། བོད་མི་མང་པོའི་མི་ཚེར་འགྱུར་ལྡོག་དེ་བྱུང་ཡོད་པ་རེད་དྲན། ང་ལ་མཚོན་ན་ལོ་ངོ་ལྔ་དྲུག་གི་སྔོན་དུ། བདུན་གཅིག་གི་ནང་ལ་གློག་ཀླད་སྟེང་དུ་དུས་ཚོད་གཅིག་སྐྱེལ་གི་ཡོད་མེད་ཡིན། འོན་ཀྱང་དེ་ལས་ལྡོག་ཏེ། དེ་རིང་སང་ཉིན་ངས་ཉིན་གཅིག་ལ་གློག་ཀླད་སྟེང་དུ་ཉུང་མཐར་ཡང་དུས་ཚོད་བཅུ་ལྷག་གཏོང་གི་ཡོད་པ་མ་ཟད་ལས་ཁུངས་ཀྱི་ལས་ཀ་ཆ་ཚང་གློག་ཀླད་སྟེང་ན་སྒྲུབ་བཞིན་ཡོད། ངའི་མི་ཚེ་ལ་མཚོན་ན་འདི་འགྱུར་ལྡོག་ཆེན་པོ་ཞིག་རེད། ངའི་མི་ཚེ་ལ་འགྱུར་ལྡོག་འདི་བྱུང་བ་ནང་བཞིན། ངའི་དྲ་ཐོག་གི་མི་ཚེ་ལ་ཡང་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་འགོ་ཚུགས་སོང་། དེ་ཡང་། ངའི་གློག་ཀླད་ལ་དྲ་འབུའི་འཇབ་རྒོལ་རྒྱུན་དུ་ཡོང་གི་ཡོད་པ་མ་ཟད་ངས་ཉུང་མཐར་ཡང་བདུན་རེར་གློག་ཀླད་ཐེངས་གཅིག་ལ་གཙང་བཟོ་བྱེད་དགོས་ཐུག་གི་ཡོད། བསམ་བློ་ཞིབ་ཏུ་བཏང་ན། དྲ་འབུའི་དཀའ་ངལ་འདི་ང་གཅིག་པོ་ཡིན་རྒྱུ་མ་རེད། ཕལ་ཆེར་ཤེས་དང་མ་ཤེས་ཀྱི་མཚམས་ན། བོད་མི་གློག་ཀླད་བེད་སྤྱོད་གཏོང་མཁན་མང་པོར་དཀའ་ངལ་འདི་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན། དཀའ་ངལ་འདི་དག་གི་སྐོར་ལ་ཚིག་རེ་གཉིས་ཞུས་ན། གཅིག་བྱས་ན་བོད་རིགས་རེ་ཟུང་ལ་ཕན་ཐོགས་ཡོང་ན་ཐང་།

ང་ཚོས་གློག་ཀླད་གཙང་བཟོའི་སྐད་ཆ་མ་བཤད་སྔོན་ལ། གཙང་བཟོའི་གནད་དོན་བཤད་ན་གོ་སླ་བ་མེད་འགྲོ་དྲན། ང་ཚོ་མི་ཞིག་ལ་མཚོན་ན་ཡང་། ལུས་ལ་ན་ཚ་བྱུང་བའི་ཚེ། ལུས་ངག་གི་སྤྱོད་ལམ་དང་རྣམ་འགྱུར་སོགས་ལ་འགྱུར་བ་འགྲོ་བ་བཞིན། གལ་སྲིད་ཁྱོད་ཀྱི་གློག་ཀླད་ཁོངས་སུ་དྲ་འབུ་འཛུལ་བའམ་དྲ་འབུའི་འཇབ་རྒོལ་ཐེབས་ཚེ། ཁྱེད་ཀྱི་གློག་ཀླད་ངོས་སུ་ཡང་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་འབྱུང་གི་རེད་ལ་རྟགས་མཚན་ཡང་འདྲ་མིན་སྟོན་སྲིད། རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དང་རྟགས་མཚན་དེ་དག་ནི། ཁྱོད་ཀྱི་གློག་ཀླད་ལ་དྲ་འབུ་འཛུལ་བའམ་ཡང་ན་འཇབ་རྒོལ་ཐེབས་ཡོད་པའི་ཉེན་བརྡ་ལྟ་བུ་རེད།
དེས་ན། གལ་སྲིད་ཁྱོད་ཀྱི་གློག་ཀླད་ལ་དྲ་འབུ་སོགས་འཛུལ་ཡོད་ཚེ། སྣང་ཚུལ་ལམ་རྟགས་མཚན་ཇི་ལྟ་བུ་འབྱུང་ངམ་ཞེ་ན། དེའི་ལན་ནི་སྣ་མང་རེད། འོན་ཀྱང་། སྤྱི་ཡོངས་ནས་སྣང་ཚུལ་ཁ་ཤས་ཤིག་འབྱུང་གི་ཡོད་ཅིང་དེ་དག་ནི། ༡) ཁྱོད་ཀྱི་གློག་ཀླད་ཇེ་དལ་དུ་འགྲོ་བ། ༢) ཁྱེད་ཀྱི་གློག་ཀླད་ཀྱིས་ལས་ཀ་ཏག་ཏག་མི་བྱེད་པ། ༣) དྲ་ངོས་ཀྱི་པར་གཞི་འདྲ་མིན་ཚོད་ཚོད་ལ་དྲ་ངོས་སུ་ཤར་ནས་ཡོང་བ། ༤) གློག་ཀླད་ངོས་སུ་ཡོད་པའི་ཁྱོད་ཀྱི་ཡིག་ཆ་དག་ཧོབ་སྟེ་བོར་བརླགས་སུ་འགྲོ་བ། ༥) ཁྱོད་ཀྱི་གློག་འཕྲིན་སོགས་ཀྱི་གསང་ཚིག་གིས་ལས་ཀ་མི་བྱེད་པ། ༦) ཁྱེད་ཀྱིས་ལག་པ་མ་འཆང་རུང་གློག་ཀླད་ཀྱི་ཙི་ཙིའི་རྟགས་རིས་རང་བཞིན་གྱིས་འགུལ་བ། ༧) ཁྱེད་ཀྱིས་ནང་འཇུག་བྱས་ཡོད་པའི་དྲ་འབུ་ཚར་གཅོད་ཀྱི་མཉེན་ཆས་སོགས་ཕྱིར་འདོན་བྱས་བའམ་ཡང་ན་སྔར་བཞིན་ལས་ཀ་མི་བྱེད་པ། ༨) དུས་ནས་དུས་སུ་གློག་ཀླད་ཧོབ་སྟེ་འགག་པ་སོགས་ཀྱི་སྣང་ཚུལ་སྣ་ཚོགས་འབྱུང་། གོང་གི་སྣང་ཚུལ་འདི་དག་ནི། ཁྱོད་ཀྱི་གློག་ཀླད་ལ་དྲ་འབུ་འཛུལ་ཚར་བའམ་ཡང་ན་དྲ་འབུའི་འཇབ་རྒོལ་ཐེབས་པ། དེ་མིན་ན་དྲ་འབུའི་ཉེན་ཚབས་ཡོད་པ་སོགས་ཀྱི་རྐྱེན་གྱིས་འབྱུང་གིན་ཡོད།

གལ་སྲིད་ཁྱོད་ཀྱི་གློག་ཀླད་ལ་དྲ་འབུ་འཛུལ་ཚར་ཡོད་ཚེ། ཁྱེད་ཀྱིས་དོ་གཟབ་བྱེད་ཁུལ་བྱས་རུང་དེས་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད། ཕལ་ཆེར། ཁྱོད་ཀྱི་གློག་ཀླད་ངོས་སུ་ཡོད་པའི་གནས་ཚུལ་གཞན་གྱིས་བརྐུ་འཁྱེར་བྱས་ཚར་བའམ་ཡང་ན་གཞན་གྱིས་དྲ་ཐོག་གི་ཁྱོད་ཀྱི་འགྲོ་འདུག་ལ་ལྐོག་ཉན་དང་ལྐོག་བལྟ་བྱེད་གི་ཡོད་སྲིད། འོན་ཀྱང་། འདི་ནི་ཞེད་དགོས་བ་དང་སེམས་པ་ཀློང་ཀློང་དུ་གྱུར་དགོས་བ་དེ་འདྲ་མ་ཡིན་པར། ཐབས་ཤེས་བསྟེན་ན་དྲ་འབུ་གཙང་བཟོའི་ལམ་ཁ་ཡོད་པ་ཞིག་རེད། གལ་སྲིད་ཁྱོད་ཀྱིས་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་བེད་སྤྱོད་གཏོང་གི་ཡོད་ཚེ། དྲ་འབུ་གཙང་བཟོའི་མཉེན་ཆས་(Microsoft Essentials)ཟེར་བ་འདི་བེད་སྤྱོད་ཐོངས། མཉེན་ཆས་འདི་མེ་ཁུ་རོ་སོ་ཧྥུ་ཁྲི་ཚོང་ལས་ཁང་རང་གིས་བཟོས་བ་རེད། འབྲེལ་ཐག་http://windows.microsoft.com/en-CA/windows/security-essentials-downloadའདི་ལ་བསྣུན་ནས་ཕབ་ལེན་བྱོས།

གལ་སྲིད་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བེད་སྤྱོད་གཏོང་གི་ཡོད་ཚེ། དྲ་འབུ་གཙང་བཟོའི་མཉེན་ཆས་(SOPHOS)ཟེར་བ་འདི་བེད་སྤྱོད་ཐོངས། མཉེན་ཆས་འདི་ཡང་ཀུ་ཤུ་རྟགས་ཅན་བཟོ་ཚོང་ཁང་གིས་བཟོས་བ་རེད། འབྲེལ་ཐག་http://www.sophos.com/en-us/products/free-tools/sophos-antivirus-for-mac-home-edition/download.aspxའདི་ལ་བསྣུན་ནས་ཕབ་ལེན་བྱོས།

བར་མཚམས་འདི་རུ་ངེད་ཀྱིས་ཁྱོད་ལ་བསྐྱར་དུ་དྲན་གསོ་ཞིག་བསླངས་འདོད། ཁྱོད་ཀྱི་གློག་ཀླད་དུ་དྲ་འབུ་འཛུལ་ཡོད་ཚེ། དྲ་འབུ་དེའི་རིགས་ལམ་ནོར་ཐེབས་ནས་སླེབས་པའམ་རྐྱེན་སྤྱིར་བཏང་བ་དེ་འདྲར་བརྟེན་ནས་ཡོང་བ་མ་ཡིན་པར། ཆེད་དུ་ཁྱོད་ལ་དམིགས་ནས་ཡོང་བ་རེད། རྒྱུ་མཚན་གང་ཡིན་ཞེ་ན། དྲ་འབུ་མང་པོ་ཐོག་མར་བཟོ་དུས་ནས་གང་ཟག་བྱེ་བྲག་པའམ་ཚོགས་པ་བྱེ་བྲག་པ། ཡང་ན་གནད་དོན་བྱེ་བྲག་པ་སོགས་ལ་དམིགས་ནས་བཟོ་གི་ཡོད་པ་རེད། དེར་བརྟེན། དྲ་འབུའི་རིགས་ལ་སྣང་ཆུང་ཁྱོན་ནས་བྱེད་མི་ཉན། དྲ་འབུ་ལ་སྣང་ཆུང་གཏོང་བ་ནི། དྲ་ཐོག་ཏུ་སྐྱེལ་བཞིན་པའི་སོ་སོའི་མི་ཚེ་ལ་སྣང་ཆུང་བྱེད་པ་དང་གཅིག་མཚུངས་ཡིན།

ད་ང་ཚོས་ཅུང་གཏིང་ཟབ་ས་ནས་གླེང་ན། མཚམས་ལན་རེར་དྲ་འབུ་གཙང་བཟོའི་མཉེན་ཆས་ཀྱིས་དྲ་འབུ་ཚང་མ་ཚར་གཅོད་མི་ཐུབ་པ་དེ་འདྲའི་གནས་སྟངས་འབྱུང་གི་རེད་ལ། ཡང་ན་དྲ་འབུ་རེ་གཉིས་ད་དུང་ཡང་ཁྱེད་ཀྱི་གློག་ཀླད་ངོས་སུ་ལྷག་སྲིད་པ་ཡང་རེད། དེ་རྩད་གཅོད་པའམ་དེའི་གཏིང་འབྲུ་བ་ལ། གལ་སྲིད་ཁྱོད་ཀྱིས་སྒེའུ་ཁུང་རྟགས་ཅན་གྱི་གློག་ཀླད་བེད་སྤྱོད་གཏོང་གི་ཡོད་ཚེ། ནེ་ཁྲི་མིས་ཀྲིར་(NetMeter)ཟེར་བའི་མཉེན་ཆས་འདི་ཕབ་ལེན་བྱོས་དང་། འབྲེལ་ཐག http://www.softpedia.com/progDownload/NetMeter-Download-23932.html འདི་ཡིན།
འདི་བརྒྱུད་ནས། ཁྱེད་ཀྱིས་སོ་སོའི་དྲ་ལམ་གྱི་ནང་ལེན་དང་ཕྱིར་གཏོང་གཉིས་ཀར་བརྟག་དཔྱད་བྱེད་ཐུབ་པ་མ་ཟད། ད་དུང་ཁྱེད་ཀྱིས་མ་ཤེས་བའི་རིགས་སྟེ། ལྐོག་ན་ཁྱེད་ཀྱི་གློག་ཀླད་བརྒྱུད་ནས་གནས་ཚུལ་རིགས་ཕྱི་ལ་བརྐུ་འཁྱེར་བྱེད་ཀྱི་ཡོད་ཚེ། དེ་ཚོའི་རིགས་ཚང་མ་མཐོང་ཐུབ། མཉེན་ཆས་འདི་བེད་སྤྱོད་གཏོང་དུས། གློག་ཀླད་སྟེང་གི་ལས་ཀ་གཞན་པ་མཚམས་འཇོག་དགོས་བ་མ་ཟད་མཐའ་ན་བཤེར་ཆས་ཁ་འབྱེད་པ་དང་དྲ་རྒྱ་ཉུལ་བ་སོགས་ཀྱང་མཚམས་འཇོག་དགོས། དཔེར་ན། གལ་སྲིད་མཉེན་ཆས་འདིའི་པར་གཞིའི་ངོས་ཀྱིས་རླབས་རིས་ཁག་ཡར་འཕྱོ་མར་འཇགས་ཤུགས་ཆེར་བྱེད་ཀྱི་ཡོད་ཚེ། དེའི་བསྟན་དོན་ནི། ཁྱོད་ཀྱི་གློག་ཀླད་ནས་གནས་ཚུལ་ཕྱི་ལ་འཁྱེར་གི་ཡོད་པ་རེད།

ད་དུང། ཉིན་གཅིག་དང་གཟའ་འཁོར་གཅིག ཡང་ན་ཟླ་ངོ་གཅིག་དང་ལོ་གཅིག་གི་ནང་ཚུན་ལ། ཁྱེད་ཀྱིས་གནས་ཚུལ་ནང་འདྲེན་དང་ཕྱིར་གཏོང་ཅི་ཙམ་བྱེད་ཀྱི་ཡོད་མེད་སོགས་ཆ་ཚང་ལ་བལྟ་ཐུབ་པ་མ་ཟད། གལ་སྲིད་གཞན་གྱིས་ལྐོག་ནས་གནས་ཚུལ་རྐུ་འཁྱེར་བྱེད་པར་རྩོམ་ཚེ། དེས་ཁྱོད་ལ་ཉེན་བརྡ་གཏོང་གི་རེད།

ངེད་ལ་ཡོད་པའི་སེམས་འཚབ་གཞན་ཞིག་ནི། མི་མང་པོའི་བསམ་པར་ཀུ་ཤུ་རྟགས་ཅན་ཡིན་ན་ཉེན་སྲུང་བརྟན་པ་དང་དྲ་འབུ་སོགས་འཛུལ་ཐུབ་གི་མ་རེད་དྲན་གྱི་ཡོད། བསམ་ཚུལ་དེ་ལ་ཡང་བདེན་པའི་ཆ་ཞིག་ཡོད་པ་རེད། འོན་ཀྱང་། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ཡིན་ན་དྲ་འབུ་འཛུལ་མི་ཐུབ་པ་དང་དྲ་འབུས་གཏོར་སྐྱོན་བྱེད་མི་ཐུབ་པ་དེ་འདྲ་གཏན་ནས་མ་རེད། སྤྱི་ཡོངས་ནས་ཀུ་ཤུ་རྟགས་ཅན་དེ་སྒེའུ་ཁུང་རྟགས་ཅན་ལས་ཉེན་སྲུང་དམ་པ་ཡོད་རེད། གལ་སྲིད་ཁྱོད་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བེད་སྤྱོད་གཏོང་གི་ཡོད་ཚེ། ལེས་གྲལ སི་ནེས་ཆི(Little Snitch)ཟེར་བའི་མཉེན་ཆས་དེ་ཕབ་ལེན་བྱོས་དང་། འབྲེེལ་ཐག་ http://download.cnet.com/Little-Snitch/3000-2144_4-10753388.html འདི་ཡིན། མཉེན་ཆས་དེས་ཁྱོད་ཀྱི་དྲ་ལམ་གྱི་ནང་འདྲེན་དང་ཕྱིར་གཏོང་གི་འགྲུལ་བཞུད་ཁག་ལ་བརྟག་དཔྱད་བྱེད་ཐུབ་པ་མ་ཟད། ཁྱེད་ཀྱི་གློག་ཀླད་ཀྱིས་ཕྱི་ལ་གནས་ཚུལ་ཅི་ཞིག་བཏང་རུང་། གཏོང་ཐེངས་རེ་ལ་མཉེན་ཆས་འདིས་ཁྱོད་ལ་ཉེན་བརྡ་གཏོང་གི་རེད།

གལ་སྲིད་ཁྱོད་ཀྱི་གློག་ཀླད་ལ་དྲ་འབུའི་གཏོར་སྐྱོན་ཧ་ཅང་ཚབས་ཆེན་ཕོག་ཡོད་ཚེ། ཐབས་ལམ་གཞན་ཞིག་ནི། ཁྱོད་ཀྱི་བཀོལ་སྤྱོད་མ་ལག་(Operating system)བསྐྱར་འཇུག་བྱེད་རྒྱུ་དེ་རེད། བཀོལ་སྤྱོད་མ་ལག་བསྐྱར་འཇུག་མ་བྱས་སྔོན་ལ། གློག་ཀླད་སྟེང་དུ་ཡིག་ཆ་དང་གནས་ཚུལ་གལ་ཆེན་རིགས་ཡོད་པ་དེ་ཚོ་ཟུར་ཉར་བྱེད་དགོས། དེ་ཧ་ཅང་གནད་འགག་ཡིན།

ངས་འདི་རུ་དཔེ་སླ་བོ་ཞིག་གིས་མཇུག་བསྡུ་ན་འདོད། ཁྱོད་ལ་ཁང་པ་ཞིག་ཡོད་ཚེ། དེ་ལ་ཉིན་རྟག་པར་གཙང་སྦྲ་བྱེད་མ་ཐུབ་རུང་། དེ་བདུན་གཅིག་ལ་ཐེངས་གཅིག་གཙང་བཟོ་བྱེད་ཐུབ་ངེས་རེད། དཔེ་དེ་བཞིན། ཁྱོད་ཀྱི་གློག་ཀླད་ཀྱང་བདུན་གཅིག་ལ་ཉུང་མཐར་ཡང་ཐེངས་གཅིག་གཙང་བཟོ་བྱེད་ཐུབ་ཚེ། དེས་ཁྱོད་ཀྱི་དྲ་ཐོག་གི་མི་ཚེ་ལ་ཕན་ཐོགས།

(འཇིགས་མེད་ནུབ་པ་ནི། ཡིག་སྒྱུར་དང་རྩོམ་སྒྲིག རྩོམ་འབྲི་བཅས་གནང་མཁན་གྱི་བོད་རིགས་གཞོན་སྐྱེས་ཤིག་ཡིན།)

གློག་ཀླད་ཤེས་བྱ།

Post navigation

Previous Post: འཕུར་ལ་ཉེ་བའི་བྱེའུ་ཆུང་ཁྱུ་ཞིག
Next Post: སྒེར་ངོས་ནས་ཁ་བརྡ་བ་རྣམས་ལ་ཕུལ་བའི་རེ་སྐུལ་ཁ་ཤས།

Comments (7) on “གློག་ཀླད་གཙང་བཟོ་ཨེ།”

  1. བསྟན་འཛིན། says:
    2013-07-19 at 2:03 am

    ཐུགས་རྗེ་ཆེ།

  2. བསྟན་འཛིན། says:
    2013-07-19 at 2:12 am

    ཀུ་ཤུའི་ཁ་པར་སྐོར་ལ་འབྲེལ་བཤད་ཅི་ཡང་མ་གནང་ཐལ། ཀུ་ཤུའི་གློག་ཀླད་དང་གཅིག་པ་གཅིག་རྐྱང་ཡིན་ནམ། གནད་དོན་གཞན་ཞིག་ནི་ཁེ་སྔོན་གྱི་ཉིད་ཀྱི་རྩོམ་དེ་ཕབ་བཤུས་བྱས་ཏེ་ཁ་པར་གྱི་ཟིན་ཐོ་འབྲི་སར་notesཉར་ཚགས་བྱས་པ་ཡིན། ཉར་ཚགས་བྱས་པ་དང་མཉམ་དུ་བདག་གི་ཟིན་ཐོ་འབྲི་ས་དེ་ཁ་འབྱེད་མི་ཐུབ་པར་གྱུར་སོང་། དེ་རུ་བདག་གི་ཧ་ཅང་གལ་ཆེ་བའི་ཡིག་ཚགས་མང་བོ་ཉར་ཡོད། སྙིང་ཁ་ལ་གྲི་བཙུགས་པ་འདྲ་ཞིག་རེད། ད་ལྟའི་བར་ཉིད་ལ་བཀའ་འདྲི་ཞུས་པ་སོགས་ཐབས་ཤེས་སྣ་དགུ་འཐེན་རུང་འབྲས་བུ་ཅི་ཡང་མི་འདུག ང་ལ་མཚོན་ན་ཐང་གི་རྡོ་ལེན་རྒྱུ་ཟེར་ནས་རུབ་ཀྱི་བྲོ་ལྷུང་བ་དང་གཅིག་པ་གཅིག་རྐྱང་རེད།

  3. འཇིགས་མེད་ནུབ་པ་ says:
    2013-07-19 at 2:34 am

    བསྟན་འཛིན་ལགས།

    ཕལ་ཆེར་ངེད་ཀྱིས་ལན་སྤྲོད་ས་གཞན་ལ་སྤྲད་ཡོད་པ་འདྲ། ཁྱོད་ཀྱི་མཆན་འདི་མཐོང་བ་དང་གློག་འཕྲིན་བསྔོགས་པ་ཡིན་མོད། ཅང་མ་རྙེད་ཐ། ཁྱེད་ཀྱི་གློག་འཕྲིན་དུ་མིང་ཅི་ཞིག་བེད་སྤྱོད་གཏོང་གི་ཡོད་མེད་ཀྱང་ངས་དྲན་པར་མི་འདུག དེ་ལ་དགོངས་དག་ཞུ།

    ཁྱེད་ཀྱི་དྲི་བ་དེ་ཕལ་ཆེར་སུབ་བྱེད་མཉེན་ཆས་དང་འབྲེལ་བ་ཡོད་པ་ཞིག་ཡིན་དྲན། དེ་ཡིན་ཚེ།
    ཀུ་ཤུ་རྟགས་ཅན་ལ་ཡང་སུབ་བྱེད་མཉེན་ཆས་ཡོད་པ་རེད། དེ་སྒེའུ་ཁུང་རྟགས་ཅན་གྱི་སྲུབ་བྱེད་མཉེན་ཆས་དང་མི་འདྲ། གཤམ་གྱི་འབྲེལ་ཐག་འདི་བརྒྱུད་ནས་ཕབ་ལེན་བྱེད་རོགས། འབྲེལ་ཐག http://www.macupdate.com/app/mac/14776/permanent-eraser

    གོང་གི་དྲི་བ་འདི་མིན་ཚེ། དྲི་བ་ཁ་གསལ་ཞོག་དང་། ང་ཚོས་ཁྱོད་ལ་ལན་སྤྲོད་ངེས།

    འཇིགས་མེད་ནུབ་པས།

  4. བསྟན་འཛིན་རྒྱལ་པོ། says:
    2013-07-19 at 5:55 am

    བཀུར་འོས་འཇིགས་མེད་ནུབ་པ་ལགས། ལམ་སྟོན་གནང་བར་བཀའ་དྲིན་ཆེ། འདིར་སྐུ་ཉིད་ལ་བཀའ་འདྲི་ཁག་གཅིག་ཞུ་ཆོག་པ་ཞུ།
    ༡༽གལ་སྲིད་གློག་ཀླད་ཞིག་ལ་དྲ་དུག་ཚབ་ཆེན་ཤོར་ཏེ་མ་ལག་ system སྐྱར་འཇུག་བྱས་རྗེས། སྔར་ཡོད་གལ་ཆེའི་ཡིག་ཆ་རིགས་ནང་དུ་སྐྱེལ་ཚེ་སླར་ཡང་དྲ་དུག་འགོ་མི་སྲིད་དམ། རྒྱུ་མཚན་ནི་གལ་ཆེའི་ཡིག་ཆ་དེ་དག་ལ་དྲ་དུག་འགོས་ཟིན་པས་སོ།
    ༢༽ དུག་འགོག་མཉེན་ཆས་དཔེར་ན་ Kaspersky Antivirus ཞིག་ཁྲོམ་ར་ནས་ཉོ་བ་དང་། ཡང་ན་གོང་གི་དུག་འགོག་དེ་ཚོད་ལྟའི་མཉེན་ཆས་ (Trail Version) ཞིག་གསང་ཟ་གཏོར་བ་ (Crack) གཉིས་ལ་དུག་འགོག་ཐུབ་མི་ཐུབ་ཀྱི་ཁྱད་པར་དོད་དམ། དེ་མཚུངས་དུག་འགོག་མཉེན་ཆས་གཞན་ལའང་དེ་བཞིན་ཡིན།
    ༣༽ ང་ཚོས་སྒེར་གཉེར་དྲ་ཐག་སྦས་སྐུང་མཉེན་ཆས་ (IP hide) བེད་སྤྱོད་སྐབས་དྲ་བའི་འགུལ་སྤྱོད་ཤིན་ཏུ་དལ་པོ་ཆགས་འགྲོ་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།
    ༤༽ མཁྲེག་ཆས་ (hardware) རིགས་ལ་དུག་འགོ་སྲིད་དམ། དཔེར་ན་མངོན་ཆས་ (Monitor) སོགས་ལྟ་བུའོ།
    ༥༽ མི་རྣམས་ཀྱིས་ནམ་རྒྱུན་ཁ་པར་ཀྱི་ལམ་ནས་གསང་བ་ཤོར་བ་ཉུང་ཉུང་མིན་ལ། དེའང་མང་ཕལ་ཆེར་ཁ་པར་གྱི་གློག་རྫས་དང་ཁ་པར་ལ་མཐུན་མིན་གྱི་ཨང་ཀི་འགའ་ཞིག་ཡོད་སྟབས་དེ་ཚོའི་ཐོག་ནས་གསང་བ་རྐུ་འཁྱེར་དང་རྗེས་འདེད་གཏོང་ཐུབ་པར་བཤད། འོ་ན་ང་ཚོས་གནད་དོན་དེ་ལས་གཡོལ་ཆེད་ཨང་གྲངས་དེ་དག་ཤོག་ཐོག་ཏུ་ཕབས་རྗེས་གྲི་སོགས་ཀྱིས་རྩ་བཞར་གཏོང་ན་མི་འགྲིག་གམ།

  5. འཇིགས་མེད་ནུབ་པ་ says:
    2013-07-26 at 12:37 pm

    གོང་དུ་བསྟན་འཛིན་རྒྱལ་པོ་ཞུ་བ་ཞིག་གིས་དྲི་བ་བཏང་འདུག ལས་བྲེལ་གྱིས་དེ་རིང་བར་དུ་དེ་ལ་སྣང་འཇོག་བྱེད་ཁོམ་མ་བྱུང་། དེ་ལ་དགོངས་དག་ཞུ།

    དང་པོ།
    གོང་གི་ངེད་ཀྱི་རྩོམ་ཡིག་ཏུ་གསལ་བ་བཞིན། ཁྱོད་ཀྱི་གློག་ཀླད་ལ་དྲ་འབུའི་གནོད་སྐྱོན་ཆེན་པོ་ཐེབས་ཡོད་ཚེ། བཀོལ་སྤྱོད་མ་ལག(Operating System)བསྐྱར་འཇུག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ། སྔར་ཡོད་ཡིག་ཆ་དེ་ཚོ་ནང་ལ་སྐྱེལ་ཚེ་དྲ་འབུ་འགོས་སྲིད་དམ་ཞེ་ན། འགོས་སྲིད་པ་མ་ཟད་དྲ་འབུ་ཕལ་ཆེར་ཡིག་ཆའི་ཁོངས་སུ་ཡོད་པ་རེད། དེར་བརྟེན། ཁྱེད་ཀྱིས་སྒེའུ་ཁུང་རྟགས་ཅན་བེད་སྤྱོད་གཏོང་གི་ཡོད་ན། Microsoft Essentials དང་ཀུ་ཤུ་རྟགས་ཅན་བེད་སྤྱོད་གཏོང་གི་ཡོད་ཚེ། SOPHOS གཉིས་བེད་སྤྱོད་ཐོངས་ཟེར་བའི་རྒྱུ་མཚན་དེ་རེད། དེ་གཉིས་ཀྱིས་ཡིག་ཆའི་ཁོངས་ཀྱི་དྲ་འབུ་གཙང་བཟོ་ཐུབ་གི་རེད།

    གཉིས།
    དྲ་འབུ་འགོད་བྱེད་ཀྱི་མཉེན་ཆས་གང་ཡིན་རུང་། གཙོ་བོ་དེ་གློག་ཀླད་བཟོ་ཚོང་ཁང་རང་གིས་བཟོས་བའི་རིགས་དེ་ཧ་ཅང་ཡག གཞན་མང་པོ་ཞིག་ཚོང་གི་ཆེད་དུ་རེད།

    གསུམ།
    དྲ་འབྲེལ་སྦས་བསྐུང་མཉེན་ཆས་(Tor)ལྟ་བུའི་རིགས་བེད་སྤྱོད་བཏང་ཚེ། གློག་ཀླད་ཚང་མ་ཇེ་དལ་ལ་འགྲོ་གི་ཡོད། དེ་སྤྱི་ཡོངས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་གཏོགས་མི་སྒེར་བ་རེ་གཉིས་ལ་བྱུང་བའི་སྣང་ཚུལ་ཞིག་མིན། དེའི་རྒྱུ་མཚན་ནི། དེ་ཡིས་ཐད་ཀར་མ་ཡིན་པར་(Nodes)མང་པོ་ཞིག་བརྒྱུད་ནས་དྲ་འབྲེལ་བྱེད་དགོས་ཀྱི་ཡོད་ཙང་། དྲ་ལས་ཇེ་དལ་ལ་འགྲོ་གི་ཡོད། རྒྱུ་མཚན་གཙོ་བོ་འདི་རེད།

    བཞི།
    སྤྱིར་བཏང་ནས་དྲ་འབུས་མཁྲེགས་ཆས(Hardware)ལ་གཏོར་སྐྱོན་བཏང་བའི་ལོ་རྒྱུས་ཧ་ཅང་ཉུང་། འོན་ཀྱང་། དེ་སྲིད་དམ་ཞེ་ན། དེ་སྲིད་པ་ཞིག་ཡིན། རྒྱུ་མཚན། མཚམས་ལན་རེར་དྲ་འབུ་རེ་འགས་མཁྲེགས་ཆས་ཀྱི་དྲོད་ཚད་ཇེ་མཐོར་བཏང་ནས་གནོན་སྐྱོན་ཐེབས་པ་དེ་འདྲ་ཡོད། འོན་ཀྱང་། དེ་ནི་རྒྱུན་ལྡན་མིན། ཧ་ཅང་འབྱུང་དཀའ་བའི་རིགས་ཡིན།

    ལྔ།
    དྲི་བ་ལྔ་བའི་ལན་དེ། ངེད་ཀྱིས་བྲིས་བའི་རྩོམ་འདི་ཀློགས། འབྲེལ་ཐག http://karkhung.com/?p=1923#more-1923

  6. ཁྱུང་དཀར། says:
    2013-10-01 at 1:13 pm

    འཇིགས་མེད་ནུབ་པ་ལགས། ཀློག་ཀླད་ཤེས་བྱ་མང་དག་ཅིག་ངོ་སྤྲོད་ཞུས་པར་ཐུགས་རྗེ་ཆེ་ཞུ་བ་དང་ sophos བེད་སྤྱོད་གཏོང་སྟངས་ངོ་སྤྲོད་ཅིག་གནང་རོགས། ཀུ་ཤུ་ཁ་པར་དང་iPad གཉིས་གཙང་བཟོ་བྱེད་སྟངས་གཅིག་པ་ཡིན་ནམ།

  7. ལོ་ཡག says:
    2016-11-28 at 5:52 am

    མཁྱེན་ཡངས་འཇིགས་མེད་ནུབ་པ་ལགས།

    ཁྱེད་ཀྱིས་གཙང་བཟོ་ཟེར་པ་དེ་ scan ལ་གོ་འམ་ཡང་ན་ format ལ་གོ གལ་སྲིད་scanལ་གོ་ན། ངེས་པར་གློད་ཀླད་ལ་འབུ་གཉེན་ anti-virus ཡོད་དགོས་པ་ཡིན་ནམ།
    ཁྱོད་ཀྱིས་གསུངས་པའི་འབུ་གཉེན་ sophos ཟེར་བ་དེ་རིན་མེད་དུ་ཕབ་ལེན་གནང་རྒྱུ་ཡོད་ན། དེས་ལས་ཀ་དག་དག་བྱེད་དམ། རིན་མེད་དང་རིན་ཅན་གཉིས་ལ་ནུས་པའི་ཁྱད་ཡོད་དམ།

    ལན་ཡོད་པ་མཁྱེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme