ཁྱི་རྒན།
༼༢༠༡༣/༧/༡༧ གཟའ་ལྷག་པ་སྟེ་དེ་རིང་ཉིན་གུང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བེག་ལོར་དུ་རྐང་གསུམ་འཕྲུལ་འཁོར་ཞིག་ལ་ཞོན་ནས་འགྲོ་སྐབས་ལམ་བར་གྱི་རྐང་གསུམ་ཁ་ལོ་བ་དང་སྐད་ཆ་བྱུང་དོན།༽ ངའི་མིང་ལ་རཱ་ཇི་ཤི་ཟེར་གྱི་ཡོད། ང་ཚོས་དཀོན་མཆོག་ཤི་ཝ་ལ་ཡིད་ཆེས་བྱེད་ཀྱི་ཡོད། བཟའ་ཟླ་ཡོད་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད། ཕྲུ་གུ་ཆེ་བ་དེ་སློབ་གྲྭ་འགྲོ་གི་ཡོད་པས་དེ་བསྐྱལ་ཞོར་དུ་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༩ པ་ལ་མགོ་བཙུག་ནས་རྐང་གསུམ་གཏོང་ནས་གླ་ལེན་ཁ་འགྲོ་བཞིན་ཡོད། ཞོགས་པ་ཇ་ཕོར་པ་གང་རེ་ལས་གཞན་ཞོགས་ཟས་ཟ་གི་མེད། ཉིན་གུང་ཕལ་ཆེར་འབྲས་དང་སམ་བྷ་རས་༼སྨན་སྣ་བླུགས་པའི་ཁུ་བ་ཞིག༽ཚོད་མའི་དོད་བྱས་ནས་ཟ་བཞིན་ཡོད། དགོང་མོ་ཆུ་ཚོད་ ༡༡ ཙམ་ལ་ནང་ལ་ལོག་ནས་ནང་མི་མཉམ་དུ་ཇ་པ་ཏི༼བག་ལེབ་སྲབ་མོ་༽དང་ཡང་ན་འབྲས། སམ་བྷ་ར་དང་མཉམ་དུ་ཟ་གི་ཡོད།
ངས་ཉིན་རེ་རྐང་གསུམ་གཏོང་བའི་ཡོང་འབབ་ནི་སྣུམ་བླུགས་ཡ་དང་ངའི་ཉི་ཟས་ཕུད་པའི་ཧིན་སྒོར་སུམ་བརྒྱ་ནས་ལྔ་བརྒྱའི་བར་ཅི་རིགས་རེད། དེ་འདྲ་བྱས་དུས་ཟླ་བ་རེ་ལ་སྒོར་ཆིག་ཁྲི་ལྔ་སྟོང་ཡར་མར་ཙམ་ཡོང་གི་ཡོད། བཟའ་ཟླ་ནང་ལ་ཕྲུག་གུ་གཉིས་ལ་ལྟ་རྟོག་དང་ནང་ལས་བྱེད་རྒྱུ་ལས་གཞན་ལས་ཀ་མེད། མོ་ལས་ཀ་འགྲོ་ཡིན་ཟེར་གྱི་འདུག་ཀྱང་ངས་གཏོང་མེད། ང་ཚོའི་ནང་གི་ཕར་སོང་ལ་བསམ་བློ་བཏང་ན། ཕྲུ་གུ་ཆེ་བ་གཞུང་གི་སློབ་གྲྭ་སློབ་སྦྱོང་ཡག་པོ་ཡོད་རེད། ལྟོ་དུས་གཉིས་རེ་སྤྲད་འབྲི་ཀློག་སོགས་སློབ་སྦྱོང་ཕན་ཐོགས་པ་གང་སྤྲོད་ཀྱི་མ་རེད། དགེ་རྒན་ཁོ་རང་ཚོ་ལ་ཟླ་རེའི་གླ་ཕོག་དུས་ཐོག་ཏུ་རག་ན་འགྲིགས་བསྡད་ཀྱི་ཡོད་རེད། སོང་ཙང་སྒེར་གཉེར་སློབ་གྲྭ་ནང་གཏོང་གི་ཡོད་པས་ཟླ་རེར་སྒོར་ཉིས་སྟོང་ཙམ་རེད། ཁང་གླ་དང་ཆུ་གློག་སོགས་ལ་སྒོར་སུམ་སྟོང་ཡར་མར་ཙམ་འགྲོ་གི་འདུག
ངའི་རྐང་གསུམ་འཕྲུལ་འཁོར་འདི་བུ་ལོན་ཐོག་ཉོས་ཡིན་པས། ཟླ་རེར་ངེས་པར་དུ་སྒོར་ལྔ་སྟོང་ཉིས་བརྒྱ་རེ་ཕར་སྤྲོད་ཐུབ་པ་བྱེད་དགོས་རེད། ལྷག་མ་སྒོར་བཞི་སྟོང་ཡར་མར་གང་ལྷག་པ་དེའི་བཟའ་ཟླ་དང་བུ་ཕྲུག་གཉིས་ངའི་དགོངས་ཟས་བཅས་ཟླ་རེའི་ཟོས་སོང་ཕུད་ཐུབ་པ་བྱེད་དགོས་རེད། ཁོང་མ་སྨད་གསུམ་གྱིས་ཉིན་རེར་ལྟོ་དུས་གསུམ་རེ་ཟ་བཞིན་ཡོད་རེད། དེ་མ་ཟས་ན་ཕྲུ་གུ་ཚོ་དཀའ་ལས་འདུག ངས་ཉིན་གཅིག་ལ་ལྟོ་དུས་གཉིས་རེ་མ་གཏོགས་ཟ་གི་མེད་ཀྱང་འགྲིགས་འགྲོ་གི་འདུག ད་ལན་ཟླ་བ་འདི་ལ་རྐང་གསུམ་གྱི་བུན་སབ་ཏག་ཏག་སྤྲད་མ་ཐུབ་པས་བཟའ་ཟླ་ལ་གསེར་གྱི་སྐེ་རྒྱན་ཆུང་ཆུང་ཞིག་ཡོད་པ་དེ་རྟ་མ་བཞག་ནས་སྒོར་ཉིས་སྟོང་གཡར་ཡིན། ད་དུང་མ་འོངས་པར་དཀའ་ངལ་ཐོས་པ་གཅིག་ལ་ང་ཚོ་རྒྱ་གར་ལྷོ་ཕྱོགས་ཀྱི་ལུགས་སྲོལ་ལ་ཆང་ས་བརྒྱབ་དུས་བུ་མོའི་ངོས་ནས་འགྲོ་གྲོན་ཧ་ཅང་ཆེན་པོ་རེད། ནང་མི་དཀྱུས་མ་ཞིག་ལ་ཆ་མཚོན་ནའང་མ་མཐའ་འབུམ་བཅུ་དང་བཅོ་ལྔ་ཡར་མར་བུ་མོའི་ཆེད་དུ་གཏོང་དགོས་ཀྱི་རེད། དེ་མེད་ན་བུ་མོ་གནའ་མ་གཏོང་རྒྱུའི་རེ་བ་ཧ་ལམ་མེད་པ་འདྲ་རེད།
རྒྱུ་མཚན་དེར་བརྟེན་ནས་བཟའ་ཟླ་ལ་མངལ་འཁོར་བའི་ཚེ་སྨན་ཁང་ལ་བརྟག་དཔྱད་བྱས། གལ་ཏེ་བུ་མོ་ཡིན་ན་མངལ་ནས་བཏོན་བཞག་པའི་གནས་ཚུལ་ཉུང་ཉུང་མ་རེད་ལ་བུ་ཡིན་ན་རྒྱན་ཤོག་ཐོབ་པ་ནམ་བཞིན་དགའ་པོ་བྱེད་ཀྱི་རེད། བུ་མོ་ལ་སློབ་སྦྱོང་ཡག་པོ་འདྲ་བྱུང་ན་པད་ཤག་ཏོག་ཙམ་ཉུང་ན་སྐྱོན་མ་རེད་མ་གཏོགས་གཞན་དཀའ་ངལ་ཆེན་པོ་རེད། ང་ཡང་ངའི་བུ་མོ་ལ་སེམས་འཕྲལ་ཞེ་དྲགས་འདུག ཁྱོད་རང་བོད་པ་ཚོ་ལ་ལུགས་སྲོལ་དེ་འདྲ་ཡོད་ས་མ་རེད་དཔེ་ཡག་པོ་རེད། ༡༩༩༩ ལོ་ནས་བཟུང་ཉིན་གཅིག་ནམ་བཞིན་བྱེད་ནས་རྐང་གསུམ་འཕྲུལ་འཁོར་ད་ལྟ་བར་གཏོང་བསྡད་པ་ཡིན། ད་དུང་ཡང་མི་ཚེ་དེ་འདྲ་བྱེད་ནས་བསྐྱལ་རྒྱུ་རེད། རྒྱ་གར་བ་མི་མང་ཕལ་མོ་ཆེ་བ་ང་དང་འདྲ་བར་བྱེད་ནས་འཚོ་བ་བསྐྱལ་བཞིན་ཡོད་རེད་དྲན་གྱི་འདུག ནམ་རྒྱུན་འདི་ནས་ང་བོད་རིགས་གྲྭ་པ་དང་སློབ་གྲྭ་བུ་བུ་མོ་སོགས་རྒན་གཞོན་འདྲ་མིན་མང་པོ་ཡར་མར་སྐྱེལ་བསུ་བྱེད་དུས་ཐུག་གི་འདུག ཚང་མ་དཔེ་ཡག་པོ་འདུག་མི་གཅིག་དང་ཡང་ཁ་རྩོད་སོགས་ཤོར་མྱོང་མེད། ༼ཅེས་བརྗོད་ཀྱི་འདུག སྤྱིར་སྟངས་ང་འགྲོ་དགོས་ས་བར་དུ་སྒོར་བརྒྱ་དང་ལྔ་བཅུའི་ཁ་ཆེད་བྱས་ཡོད་ཀྱང་ཁོའི་སྐད་ཆ་དེས་སེམས་ཚོར་ཞིག་བསླངས་ནས་སྒོར་ཉིས་བརྒྱ་ཐམ་པའི་སིལ་མ་ལེན་ཐུབ་མ་སོང་། ༽
རིཀྴ་ལ། རྐང་གསུམ་འཕྲུལ་འཁོར་ཟེར།
བེརེཀ ཕྰསྜྷ་ལ། ཞོགས་ཟས་ཟེར།
དེ་འདྲ་རེད། རྒྱ་གར་བས་དངུལ་བཟོ་སྟངས་ཆུང་ཆུང་པད་ཤག་གཅིག་ནས་བསོག་གི་རེད། བོད་པས་དེ་འདྲ་བྱེད་ཀྱི་མ་རེད། མ་གནས་རིན་གོང་བརྒྱ་ལ་ཁེ་སང་བརྒྱ་ལེན་གྱི་རེད། ད་དུང་སྐུ་ཞབས་དེ་ཚོས་བོད་པ་ནས་ཅ་དོངས་ཉོ་དུས་་་ཁྱེད་རང་སྐུ་ཞབས་ཡིན་ཙང་་༼་་་གཞན་ལ་སྒོར་བརྒྱར་ཚོང་རྒྱུའི་ཅ་དངོས་ལ༽སྒོར་བརྒྱ་དང་ལྔ་བཅུ་ཡིན་་་དེ་མིན་གཞན་ལ་སྒོར་ཉིས་བརྒྱ་ལེན་གྱི་ཡོད་ཅེས་བཤད། ཡང་བོད་རིགས་ཀྱིས་བོད་རིགས་ནས་ཅ་དངོས་ཉོ་དུས་སུ་འདི་ལྟར་ཟེར། ཁྱེད་རང་བོད་རིགས་ཡིན་ཙང་སྒོར་བརྒྱ་དང་ལྔ་བཅུ་བྱས་པ་ཡིན་དེ་མིན། ཕྱི་རྒྱལ་དང་རྒྱ་གར་བ་ཚོར་སྒོར་ཉིས་བརྒྱ་ལེན་གྱི་ཡོད། ཅེས་བཤད་ཀྱི་རེད། དེ་བྱེད་དུས་ཚོང་གཏམ་སའི་གོ་སྐབས་ཡོད་པ་མ་རེད། དེ་འདྲ་བྱེད་ཀྱི་རེད་དམ་མ་རེད། གཅིག་གསུང་དང།
ཉི་མ་གཅིག་ལ་རྒྱ་གར་སྒོར་མོ་ལྔ་བརྒྱ་ཡོང་ཐུབ་ན་ཡོང་སྒོ་ཡག་པོ་འདྲ་བོ་མ་རེད་དམ། རྒྱ་གར་གྱི་བོད་མི་ཚོའི་ཆ་སྙོམ་གྱི་ཡོང་སྒོ་དེ་རྒྱ་གར་སྒོར་མོ་ག་ཚོད་ཡིན་ནམ། རྐང་འཁོར་ལ་སྣུམ་ནི་དགོས་ཀྱི་མ་རེད། ངས་དེ་ག་ཙམ་དུ་དྲིས་པ་ཡིན། ཨོ་རེད། བླ་བྲང་ཚོའི་དངུལ་དེ་བོད་མིར་ཆ་སྙོམ་གྱིས་བགོས་ན་ཉི་མ་རེ་ལ་ཁྲི་ཁ་ཤས་རེ་ཡང་ཐོབ་གི་ཡོད་འགྲོ།
ངས་འཕྲུལ་རྟ་རྐང་གསུམ་ཞོན་ནས་འགྲོ་སྐབས་་་་་་་ཟེར། ཁྱོད་རང་ལ་སྡོད་ས་སྟེགས་བུ་ཡོད་བཞིན་དུ་འཕྲུལ་རྟ་ཞོན་དགོས་དོན་གང་ཡིན་ནམ། ཞོན་མཁན་ངོ་མ་ཁ་ལོ་བ་ཡིན། གང་ཡིན་ཞེ་ན་ཁོ་རང་གི་རྐང་པ་གཉིས་ཀ་མར་གློད་དེ་ལྐུབ་སྟེགས་བརླ་གཉིས་ཀྱི་བར་དུ་ཡོད། དེ་ལ་ཞོན་ཞེས་གྲགས། དཔེར་ན་རྟ་ལ་ཞོན། བོང་བུ་ཞོན། གླང་ཞོན། ལྕགས་རྟ་ཞོན། སྦག་བག་ཞོན། དེ་མིན་སྟེགས་བུ་ཡོད་རིགས་ལ་ཞོན་ཟེར་ན། བོད་སྐད་དུ་མཛེས་པོ་མེད།
ཨ་རོགས་ཚེ་རིང་། དེང་སང་གནམ་གྲུ་དང་སྤྱི་སྤྱོད་རླངས་འཁོར་ཡང་ཞོན་མཁན་འདུག་ད། ད་ག་རེ་བྱེད་ཀ
དེ་ནི་གཞིས་ཆགས་པ་ཚོའི་བོད་སྐད་རེད། རླང་འཁོར་བཏང་ཡིན། གནམ་གྲུ་ཞོན་ཡིན། ད་མང་ནི་རེད་ཡ། དེའི་བྱ་དེ་ཅིག་བཙོག་ཡ།
རྟ་ལ་ཞོན། རྐང་འཁོར། བུ་མོར་ཞོན། ད་དུང་བཞོན་ས་གཞན་ཡོད་རེད་པེ། ལགས།
དཔག་བསམ་འཁྲི་ཤིང་དོན་བསྡུས་ནང་དུ། ཉིན་ཞིག་གཞོན་ནུ་དོན་གྲུབ་ཤིང་རྟ་འཁོར་ལོར་ཞོན་ནས་ཕྱི་ལ་འཆམ་འཆམ་ལ་ཕེབས་པས། བར་ལམ་དུ་མི་རྒད་པོ་ལུས་གུག་ཅིང་མཁར་རྒྱུག་ལ་བརྟེན་ནས་འགྲོ་བ་སོགས་་་་་་་་་གསུངས་འདུག་ན་དེ་ཡང་གཞིས་ཆགས་སྐད་རེད་པས། མིན་ན་ཁོང་ཤིང་རྟའི་ཁ་ལོ་བ་བྱས་པ་རེད་པས། མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས། སྤྱིར་རྟ་ཞོན་ཞེས་སོགས་ཟེར་ཡང་ཚིག་རྒྱན་དང་བརྗོད་བདེ་སོགས་དང་བསྟུན་ནས་གཞན་ལ་སྦྱར་མི་ཆོག་པ་ག་ལ་ཡིན། ཚེ་རིང་གིས་ཞབས་འདྲེན་གྱི་སྐད་ཆ་ལ་ལྟོས་དང་། དེ་མིན་སྟེགས་བུ་ཡོད་མཁན་ལ་ཞོན་ཟེར་ན་བོད་སྐད་དུ་མི་མཛེས་ཟེར། འོ་ན་ཁ་ལོ་པ་ཁོ་རང་སྟེགས་བུ་སྟེང་བསྡད་ཡོད་མ་རེད་པས། ཧ་ཧ་་་་་་་་་་ཁྱོད་རང་གིས་མངོན་འདོད་ངོ་མ་དེ་ཞོན་ན་བརླ་གཉིས་བར་དུ་བཙིར་བ་ཞིག་ལ་གོ་དགོས་པ་འདྲ། དེ་ལྟར་ན་གླང་ཆེན་སྟེང་སྟེགས་བུ་བཟོས་ནས་མི་བཞི་ལྔ་རེ་མཉམ་དུ་བསྡད་པ་དེ་ཚོས་གླང་ཆེན་ཞོན་གྱི་ཡོད་མ་རེད་པས། ཡིན་ད། ང་ཚོ་མུ་མཐུད་ནས་ཡིན་ད།
ཁ་ལོ་པ་ལ།
མོ་ཊའི་ཁ་ལོ་པ། སྦ་སེ་(bus)ཁ་ལོ་པ། སྣུམ་(car)འཁོར་ཁ་ལོ་པ། གླ་(taxi)འཁོར་ཁ་པོ་པ། ཇིབ་(jeep)འཁོར་ཁ་ལོ་པ། ཝེན་(van)འཁོར་ཁ་ལོ་པ། གནམ་གྲུའི་ཁ་ལོ་པ།
སྦ་སེ། ཇིབ་འཁོར། ཝེན་འཁོར། ཧ་ཧ་་་་་་་་་་་་་
ལགས་རེད། སྦ་སེ་ལ། སྤྱི་སྤྱོད་རླང་འཁོར། དང་། སྒེར་སྤྱོད་རླང་འཁོར་ཞེས་པ་འདི་འདྲའི་མིང་ཚིག་ལ་ང་དགའ་པོ་རྩ་བ་ཉིད་ནས་མེད་པས་་་་
ད་དུང་།
གྲུ་གཟིངས་ཀྱི་ཁ་ལོ་པ་དང་། མེ་འཁོར་ཁ་ལོ་པ་བཞིན་ནོ།།
ཤིང་རྟའི་ཁ་ལོ་པ་ཟེར་ན་དགའ་པོ་ཡོད་པས
༡༢༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༣ སྐར་མ་ ༠༦
ལགས་རེད། སྦ་སེ་ལ། སྤྱི་སྤྱོད་རླང་འཁོར། དང་། སྒེར་སྤྱོད་རླང་འཁོར་ཞེས་པ་འདི་འདྲའི་མིང་ཚིག་ལ། དགའ་པོ་རྩ་བ་ཉིད་ནས་མེད་དེ།
གཉེར་པ་དང་ཁྱི་གཉིས་འཁྲུག་གི་ཡོད་པ་འདྲ།
འོ་ཛི། ཤིང་རྟའི་ཁ་ལོ་པ། ཡང་། ཆད་འདུག
བན་དེ་བ་ལགས། ཚེ་རིང་ཟེར་མཁན་དེས་ཤེས་མདོག་བྱེད་ནས་ང་ཚོའི་བརྗོད་བྱ་གཞན་ཞིག་ཏུ་འཁྲིད་སོང་། ངའི་དམིགས་ཡུལ་ངོ་མ་ང་ཚོ་བོད་མིའི་མང་ཚོགས་ངོས་ནས་ནུབ་ཕྱོགས་པའི་ཞིང་ཁམས་རང་སྒོམ་བསྡད་པ་མ་ཡིན་པར། མིག་མདུན་དུ་ཡོད་པའི་རྒྱ་གར་བ་ཚོས་འཚོ་བ་བསྐྱལ་སྟངས་ལ་ཕྱི་བལྟས་ཤིག་བྱེད་ན་བསམ།
ཀརྡོ་ལགས་་་་རྩོམ་འདི་ཡི་ཁ་བྱང་ལ་་་་རྐང་གསུམ་འཕྲུལ་འཁོར་ཁ་ལོ་བ། ཞེས་་་ཁ་ལོ་བ་ཞེས་བྲིས་པ་དང།
ཁྱེད་ནས་་་་ཁ་ལོ་པ་ཞེས་བྲིས་འདུག་པས་གང་དག་པ་ཡིན་ནམ།
༡ ཁ་ལོ་པ།??????
༢ ཁ་ལོ་བ།?????
རེད་འདུག གང་ལྟར་ཁྱེད་ཀྱི་རྩོམ་ལས་འཕྲོས་འདུག་གང་ཡང་མེད་རེད།
ཁོང་ལྟར་ན་རྟ་གཅིག་ལ་མི་གཉིས་ཞོན་དུས་་་་རྟ་ཡི་ཁ་ལོ་བསྒྱུར་མཁན་དེ་མ་གཏོགས་མི་གཞན་པ་དེ་ཡིས་རྟ་ལ་མ་ཞོན་ཟེར་དགོས་པ་འདྲ།
ཀླུ་སྨྱོན་ལྟར་ན། གནམ་གྲུའི་ནང་དུ་ཞུགས་པ་དང་གནམ་གྲུ་ཞོན་ཡིན་ཟེར་ན། ཁང་པའི་ནང་དུ་ཞུགས་དུས་ཁང་པ་ལ་ཞོན་པ་ཡིན་པར་འདོད་དགོས་པ་འདྲ། མ་གཞི་ནས་ཁམས་རིགས་ཚོས་མིས་རྟ་ལ་ཞོན་མི་ཟེར་བར། མིས་རྟ་ཁྱེར་ཡིན་ཟེར། ད་དེ་ཚོ་ཕལ་སྐད་ཡིན་ན་ཡུལ་སྐད་ཡིན་ན་གཅིག་བཤད་ནས་མགོ་ཉོག་པོ་བཟོ་་གི་འདུག
ལེགས་བཤད་ལྗོན་དང་ལས། ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་ཡོད། འོན་ཀྱང་ལེགས་གསུངས་པ་རེད་མ་གཏོགས་མཐའ་གཅིག་ཏུ་མ་ངེས་པར་ཤེས་དགོས། བན་དེ་བ་ལགས།
ཁྱི་རྒན་ལགས། རེད་ང་ཚོ་བོད་མི་ཚོས་་བོད་ནས་རྒྱ་གར་་་་རྒྱ་གར་་་འཕགས་པའི་ཡུལ་ཟེར་ནས་ཤི་ལྕེབ་བྱས་ཏེ་སླེབས་རེད། ཡང་འཕགས་པའི་ཡུལ་དུ་སླེབས་དུས་་་་་ནུབ་ཕྱོགས་ནུབ་ཕྱོགས་ཟེར་ནས་འཕགས་པའི་ཞིང་ལ་སྐྱུག་བྲོ་སོང། ཡང་ནུབ་ཕྱོགས་སུ་སླེབས་དུས་་ཨ་རི་་་་ཨ་རི་་་ཟེར་ནས་ཨ་རིར་བསྐྱོད་ཐབས་ཡོད་དགུ་རྩལ་དྲུག་བྱས་སོང། དེ་ནས་ག་རེ་ཟེར་ཡོང་མི་ཤེས།
རྒྱ་གར་བས་ནི་་་པན་་་ཟེར་བ་ལོ་མ་ལྗང་བུའི་ནང་དུ་རྫས་རིགས་བླུགས་ནས་ཁའི་ནང་དུ་བཅུག་སྟེ་མཆིལ་མ་དམར་པོ་འཕེན་དགོས་པ་ཞིག་ཡོད་པ་དེ་དངུལ་ཧིན་སྒོར་གཅིག་གཉིས་མ་གཏོགས་མི་གནས་པ་དེ་རིགས་ཀྱི་ཚོང་རྒྱབ་ནས་ནང་མི་ཡོངས་ཀྱི་ལྟོ་གོས་དང་་་བུ་ཕྲུག་སློབ་གྲྭར་གཏོང་རྒྱུ་སོགས་ཀྱི་ཡོང་སྒོ་བསོག་པ་མ་ཟད་་་་སྣུམ་འཁོར་་དོ་བོ་འོར་འདྲེན་བྱེད་མཁན་་་་ཀྲ་རག་ཀྱང་ཉོ་ཐུབ་སྟེ་མི་ཚེ་སྐྱེལ་བཞིན་ཡོད་པ་རེད། དངོས་གནས་མི་འཇོན་པོ་རེད་བསམ།
བན་དེ་བ་ལགས།
ཁ་ལོ་བ་དང་། ཁ་ལོ་པ་གཉིས་ཀྱི་ཁྱད་པར་འདྲི་བར་བཀའ་དྲིན་ཆེ། ང་ནི། དབྱངས་རྡོར་མཆོག་གིས། ཆ་ལ་པ་ཉིད་སྦྱོར་བ་ལེགས། །གསུངས་པ་ལྟར། མིང་ཚིག་གཉིས་ཀྱི་ནང་ནས་མིང་ལ། ངས་ནི། མིང་ལའང་པ་ཉིད་སྦྱོར་བ་ལེགས། །ཞེས་པ་ཅིག་དགོས་འདུག་སྙམ་ལགས། དཔེར་ན། གཡག་པ། བྱང་པ། བོད་པ། དགོན་པ། རྩམ་པ། ༼་་་་་་འ་པ།༽ ཆར་པ། སྲབ་པ། བསྐལ་པ། རྔ་པ། རྟ་པ། མདའ་པ་སོགས་དང་། ད་དུང། ལྷ་ས་པ། གཞིས་ཀ་རྩེ་པ་དང་ལོ་ཙ་པ། དྷ་ས་པ། དྷ་ཤོད་པ། དྷ་སྟེང་པ་ལ་སོགས་བཞིན་ནོ།།
ཚོ་བོད་མི་ལ་སྐྱོན་ཆེ་ཤོས་དེ་ཉིན་རེའི་འཚོ་བ་བསྐྱལ་སྟངས་ཚུན་ཆད་ནས་ལང་ཕྱོགས་བརྟན་པོ་མེད་པ་འདི་སྐྱོན་ཆེ་ཤོས་ངོས་འཛིན་བྱེད་ཀྱི་ཡོད། ངས་ཤེས་ཚོད་ལ་བོད་མི་ཚོ། དང་པོ་བོད་ནས་རྒྱ་གར་ཡོང་། སྡོད་གནས་སོགས་རང་རྐྱ་ཕེར་ཙམ་ཡོང་སྐབས་ཐེ་ཝན་དུ་གླ་པ་ལ་སྤྱོད། དེ་ལའང་ཅུང་ཟད་ས་ཆུ་འདྲིས་ཚེ་ཡང་ཡོ་རོབ་དུ་སྐྱབས་བཅོལ་དུ་གཅིག་རྗེས་གཉིས་མཐུད་ཤོར། དེ་ག་སྐྱབས་རེག་ཙམ་བྱུང་རྗེས། དེང་སྐབས་ཡུ་རོབ་ཏུ་ཡོད་པའི་བོད་མི་ཚོས་ཨ་རི་དང་ཁེ་ན་ཌ་རྨི་ལམ་རྨིས་བཞིན་པ་རེད། ཧ་ཧ་་་་་་་
ཁྱི་རྒན་གྱིས་བཤད་པ་བདེན་པ་རེད། དེ་ནང་བཞིན་ང་ཚོའི་ལྟ་བ་ལང་ཕྱོགས་ཀྱང་བརྟན་པོ་མེད་པ་རེད། བོད་ཀྱི་གཏམ་དཔེ་ལ།
མེ་གཏོང་ས་ལ། ས་འཚིག་པ་དགོས། ཟེར་བ་རེད་དེ་འདྲ་ཡོང་ཐུབ་ཀྱི་ཡོད་པ་མ་རེད།
འོ་ཀརྡོ་ལགས་ཐུགས་རྗེ་ཆེ། ངས་ཀྱང་་་་ཁ་ལོ་པ་་་ཟེར་བ་དེ་དག་པར་ངོས་འཛིན་ཞུ་གི་ཡིན། ཡིན་ནའང་ཨ་མདོའི་ལུང་པར་སླེབ་དུས་་་་ཁ་ལོ་བ་་་ཟེར་དགོས་་་དེ་མིན་ཁྱོད་མཁས་པར་མི་བརྩི།
བོད་སྐད་ནང་ལ།
བལྟས་པ། མཛད་པ། བྲིས་པ་ཞེས་ལ་པ་ཐོབ་པ་ཡོད་ཀྱང་་་་་ བྱ་ཚིག་ལ། བ་ཉིད་སྦྱོར་བ་ལེགས་སྟེ། བསྐལ་བ། འགྲོ་བ། བཅར་བ། བཏང་བ། མཐོང་བ། འཕར་བ། བོར་བ། མུར་བ། སྩལ་བ། ཕྱག་འཚལ་བ། ཚ་བ། མཛའ་བ། ཞར་བ། ཞྭ་བ། འུར་བ། བསལ་བ་དང་ཤར་བ་ལྟ་བུའོ།།
འོ་ད་དྲི་བ་འདྲི་མཁན་དང་ལན་འདེབས་མཁན་གཉིས་ཀ་ནོར་སོང་། བདག་སྒྲ་ཡར་གྱུར་བ་དང་། ཆ་ལ་པ་སྦྱོར་བ་ལེགས་གསུངས་པ་བཞིན། ཆ་དང་ཡ་ཟེར་བ་ནམ་བཞིན། ཁ་ལོ་བ་ཟེར་དུས་ཚེགས་གསུམ་ཅན་ཡིན་པས་བདག་སྒྲ་ཡ་ཡིན་ཙང་བ་སྦྲ་དགོས། དེ་བཞིན་ལྷ་ས་བ། བོད་པ་དགོན་པ་སོགས་ནི་ཚེགས་གཉིས་ཅན་ཡིན་ཙང་བདག་སྒྲ་ཆ་ཡིན་པས་པ་སྦྱར་དགོས།
ལྷ་ས་བ་དང་་་ཁ་ལོ་པ་ཞེས་ཟེར་བར་ཚེགས་གཉིས་དང་གསུམ་གྱི་ཁྱད་པར་གང་ཡོད་དམ།
ཀརྡོ་ལགས་ལང་ཕྱོགས་བརྟན་པོ་གནང་རོགས། གོང་དུ་ཁྱེད་ཀྱི་མཆན་་་༢༣ ནང་དུ་་་བསྐལ་པ་་་ཟེར། ཁྱེད་ཀྱི་མཆན་་་༢༧ ནང་དུ་བསྐལ་བ་་་་བྲིས་འདུག ཕོ་ཁྱོ་གའི་ཚིག་འདི་གསེར་འདྲ་དགོས། ཟེར་བ་རེད།
ཡང་་་་་་་་བླ་མས་བཞུགས་ཁྲི་ཞོན། དཔོན་པོས་ལྐུབ་སྟེགས་ཞོན། ཟ་ཁང་དུ་མི་མང་པོས་ལྐུབ་སྟེགས་ལ་ཞོན། ཁྱི་རྒན་འཕྲུལ་རྟ་ལས་བབས་ཏེ་རླངས་འཁོར་ཞོན། དེ་ནས་མེ་འཁོར་ཞོན། མགྲོན་ཁང་དུ་ཉལ་ཁྲི་ཞོན། ཧཧཧཧཧ་སྐུ་རྩེད་ཡིན། ཁྱི་རྒན་གྱིས་ཡག་པོ་བྲིས་འདུག དགོངས་འགལ་མེད་པར་འཚལ།
བན་དེ་བ་ལགས། གྲགས་ཀ་གཅིག་ཡ། གཉིས་ཆ། གསུམ་ཡ། ༤ ཆ ༥ ཡ ༦ ཆ ༧ ཡ ༨ ཆ ༩ ཡ ༡༠ ཆ བརྩི་དགོས་རེད། སོང་ཙང་ ༡ཁ་ ༢ལོ་ ༣བ་ བྱས་དུས་བདག་སྒྲ་ཡིན་པ་གང་ཞིག་ལ་གསུམ་ཅན་ནམ་ཡ་ཡིན་པས་བ་སྦྱར་དགོས། དེ་བཞིན་ལྷ་ས་བ། བན་དེ་བ། ༡དགོན་ ༢ པ། ༡གྲྭ་ ༢པ། སོགས་གཉིས་ཅན་ནམ་ཡ་ཡིན་པས་པ་སྦྱར་དགོས།
ཆ་ཡིན་པས་པ་སྦྱར་དགོས།
དེ་བཞིན་ལྷ་ས་བ། བོད་པ་དགོན་པ་སོགས་ནི་ཚེགས་གཉིས་ཅན་ཡིན་ཙང་བདག་སྒྲ་ཆ་ཡིན་པས་པ་སྦྱར་དགོས།
ཞེས་པའི་ལན་དུ།
ལྷ་ས་བ་མ་ཡིན་པར། ལྷ་ས་པ་ཡིན་དགོས་ཏེ། མཁས་པའི་དབང་པོ་འགྲན་ཟླ་དང་བྲལ་བ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། ལོ་ཙྰ་བ་ལ། ལོ་ཙྰ་པ་ཞེས་བཅོས་པ་བཞིན་ནོ།།
༣༠༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༨ གི་ཆུ་ཚོད་ ༤ སྐར་མ་ ༣༠
ཀརྡོ་ལགས་ལང་ཕྱོགས་བརྟན་པོ་གནང་རོགས། གོང་དུ་ཁྱེད་ཀྱི་མཆན་་་༢༣ ནང་དུ་་་བསྐལ་པ་་་ཟེར། ཁྱེད་ཀྱི་མཆན་་་༢༧ ནང་དུ་བསྐལ་བ་་་་བྲིས་འདུག ཕོ་ཁྱོ་གའི་ཚིག་འདི་གསེར་འདྲ་དགོས། ཟེར་བ་རེད།
ཞེས་པའི་ལན་དུ།
བསྐལ་པ་ནི་མིང་རྐྱང་དང་། བསྐལ་བ་ནི་བྱ་ཚིག་རེད། དཔེར་ན། བསྐལ་པ་སྟོང་ཙམ་བར་དུ་ཆོད་པས་དུས་ཀྱིས་བསྐལ་བ་གྱུར་པ་སྟེ་ལྐོག་ཏུ་གྱུར་པ་རེད་ལྟ་བུའོ།།
མྱི་ཁ་ཤས་ཤིག་གིས་ཨ་མདོ་བ་ལ་བ་མང་བོ་ཡོད་པའི་སྐྱོན་དུ་འདོད་ན་ཡང་། ལྷ་ས་བ་ལ་པ་མང་བའི་དཀའ་ངལ་མཐོང་གི་ཡོད་པ་རེད། ཡིན་ན་ཡང། དེ་ནི་བདག་སྒྲ་ཆ་ཡ་བརྩད་ནས་ཕྱོགས་གཉིས་ཆ་གསལ་བོ་ཡོང་གི་མ་རེད།
མི་ཡོང་སྤྱད་ནི་འདི་འདྲ་ཞིག་རེད། བླུན་པོ་ཁ་ནག། མི་ཤེས་ཤེས་དགའ་ཁྱེད་ཚོས་ཉོན་ཨ།
བདག་སྒྲ་ཡ་ལ་པ་བ་གཉིས་ཆ་ཐོབ་པའི་ཐོབ་སྟངས།
ལྷ་ས་བ། ཁ་ལོ་བ།
བརྡ་སྤྲོད་པ། རྟ་ཞོན་པ།
བདག་སྒྲ་ཆ་ལ་པ་བ་གཉིས་ཆ་ཐོབ་པའི་ཐོབ་སྟངས།
ལྷ་བ། མོ་བ།
སྟོད་པ། བྱམས་པ།
ལྟ་བུའོ།
པ་བའི་རྩོད་པ་གཏན་ཏུ་བསལ་དགོས་ན་ངའི་མཆན་གོང་མ་ཞིག་ན་གསལ་གསལ་ཐང་ཐང་དུ་བཀོད་ཡོད། གོ་སོང་ངམ།
ལྷ་པ། མོ་པ། སྟོད་པ། ཤར་པ། ལྷོ་པ། ནུབ་པ་དང་བྱངཔ་ལ་སོགས་བཞིན་ནོ།།
ད་དུང་། ཕག་པའི་རྐང་པ། བྱང་པའི་འབྲོག་པ། ཨ་མདོ་པའི་རྔ་པ་སོགས་སོ།
ད་དུང་། ཁམས་པའི་རྟ་པ། དབུས་པའི་ཆོས་པ་ཞེས་འབྲི་དགོས་སོ། །
ངལ་རྩོམ་མི་དམངས་ཀྱི་རྔུལ་ཁྲག་མཐོང་ཐུབ་པའི་རྩོམ་ཡིག་ཅིག་བྲིས་འདུག
ངལ་རྩོལ་དུ་བཅོས་རོགས།
ཚེག་ཁྱིམ་ཡ་ལ་པ་ཐོབ་པ།
མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ། རྣལ་འབྱོར་པ། རང་རྒྱུད་པ། རྣམ་རིག་པ། ཚན་རིག་པ། ཞབས་འདྲེན་པ། ལ་དྭགས་པ། སངས་རྒྱས་པ། འབྲས་སྤུངས་པ། དགའ་ལྡན་པ།
ཚེག་ཁྱིམ་ཡ་ལ་བ་ཐོབ་པ།
སེ་ར་བ། ཨ་རི་བ། ཨ་མདོ་བ། རྒྱ་གར་བ། ངན་སོང་བ། སློང་མོ་བ། ཐལ་འགྱུར་བ།
ཚེག་ཁྱིམ་ཆ་ལ་པ་ཐོབ་པ།
འབྲོག་པ། ཞིང་པ། རྩིས་པ། བོད་པ། ཁྱིམ་པ། གྲྭ་པ། ནང་པ།
ཚེག་ཁྱིམ་ཆ་ལ་བ་ཐོབ་པ།
?????????????????????????
སེ་ར་པ། ཨ་རི་པ། ཨ་མདོ་པ། རྒྱ་གར་པ། ངན་སོང་པ། སློང་མོ་པ། ཐལ་འགྱུར་པ། ཡུ་རོབ་པ། ཇར་མེན་པ། བལ་པོའམ་བལ་ཡུལ་པ། ཐེ་ཝན་པ། ཧོང་གོང་པ། དྷ་ས་པ། དྷ་ཤོད་པ། དྷ་སྟེང་པ། ནོར་གླིང་པ། ས་ར་པ། གངས་སྐྱིད་པ་ཞེས་བྲིས་ཀློག་བྱས་ན་གང་དང་གང་ཡོད་དམ། ལགས།
ཀ་རྡོ་འདིས་ཅི་བཤད་པ་ཡིན། རྐང་པ་ལག་པ་ཟེར་བའི་པ་དེ་མིང་མཐའ་རེད་མ་གཏོགས་བདག་སྒྲ་མ་རེད།
༤༤༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ གི་ཆུ་ཚོད་ ༡༧ སྐར་མ་ ༡༣
ཀ་རྡོ་འདིས་ཅི་བཤད་པ་ཡིན། རྐང་པ་ལག་པ་ཟེར་བའི་པ་དེ་མིང་མཐའ་རེད་མ་གཏོགས་བདག་སྒྲ་མ་རེད། ཟེར་བའི་ལན་དུ།
ངས་རྐང་པ། ལག་པ། ཞེས་བ་ཡིག་མ་ཡིན་པར། པ་ཡིག་ཐོབ་པའི་ཁུངས་བཤད་པ་ལས། བདག་སྒྲ་རེད་ཅེས་བཤད་པ་མི་དྲན། འོནད་ཀྱང་། ཁྱེད་ཀྱིས། ཀ་རྡོ་འདིས་ཅི་བཤད་པ་ཡིན། མ་ལབ་པར། ཀ་རྡོ་འདིས་ཅི་ཤོད་བགྱིད་ཡོད་རེད། ད་ལྟ་ཁྱོད་ཀྱིས་བགྱིད་འདི་ཁས་མ་བླངས་ན་ཡང་། གང་ཟག་གཞན་ཀརྡོ་ལབ་ཕྱིན། ་་་་བཤད་པ་ཡིན། ཞེས་པའི་ཡིན་སྒྲ་འདི་ནོར་བ་ཆེན་པོ་རེད་དོ། །།དྲ་གྲོགས་མཁས་དབང་སྤོབས་པ་མཐའ་ཡས་ལགས།། །།