རས་པ།
ངས་རང་ཉིད་སྒུར་སྒུར་གྱིས་འགྲོ་དགོས་པའི
སེམས་ཅན་ཆུང་ཆུང་ཞིག་ཏུ་ཆོག་ཤེས་བྱེད་དུས
ཁྱེད་རང་འགྲོ་ཞོར་དུ
“འུ་གཉིས་མཉམ་”ཟེར་ཞིང
སྡུག་བསྔལ་ནི་ཁྱོད་ཀྱིས་སྡུག་བསྔལ་དུ་མ་བསམ་པ་ཞིག་ཡིན་ཟེར
དཀོན་མཆོག ཁྱོད་ཀྱིས་གདུང་ཡུས་མི་བརྗོད་པ་ཅི་ཡིན་ནམ
འགྲོ་བ་དག་གིས མཚར་སྒྲུང་གི་སྒམ་རེ་འཁུར་ཞིང
སྒམ་ཁ་མ་ཕྱེས་པའི་སྔོན་དུའང
སྒྲུང་མཇུག་དེ་སངས་རྒྱས་ཀྱིས་བཀའ་བསྩལ་ཟིན་པའི
“ལས་དབང་”གིས་བསྡུས་ཡོད
དཀོན་མཆོག ཁྱོད་ཀྱིས་ལས་དབང་ནི་ལས་དབང་དུ་མ་བསམ་པ་ཞིག་ཡིན་ནམ
དཀོན་མཆོག ང་རང་ཁྱོད་ཀྱི་ཕྱི་རྗེས་འབྲངས་ཞིང
ང་རང་ཁྱོད་ཀྱི་ཕྱི་རྗེས་ལས་ཕྱིར་བཀྱེད
ཁྱོད་རང་བཞད་འཛུམ་ཀྱིས་བཞུགས་ཤིང
ཁོ་བོ་གདུང་ཡུས་ཀྱི་སྙན་ངག་འབྲི
ད་དུང་འུ་གཉིས་མཉམ་པ་ཡིན་ནམ
ཁྱོད་ཀྱིས་གདུང་ཡུས་མི་བརྗོད་དོན་ཅི་ཞིག་ཡིན
༢༠༡༣།༧།༡༦ཉིན།
གདུང་ཡས་ཟེར་བ་ནི་གུས་པ་རང་ནོར་ཏེ་བཏང་བས་གདུང་ཡུས་སུ་བཅོས་རོགས། སྒྲུང་འཇུག་་་མཇུག་ལ་བཅོས་རོགས།
རས་པའི་སྙན་ངག་འདི་བོད་ནས་འབྱོར་བ་ཡིན་ནམ། སྤྱི་ལོ ༢༠༡༣ལོར་ཁོ་བོད་ནང་ཡོད་པ་ཡིན་ནམ། ཧཧཧ
ངས་ཁ་བྱང་ནང་གི་བོད་འབྱོར་ཟེར་བ་མཐོང་རྗེས། ངས་ནི་གྲོགས་རས་པ་བོད་ལ་སོང་ཚར་བ་ཡིན་ནམ་སྙམ་སོང་།
“འཁོར་བ་ཁབ་ཀྱི་རྩེ་མོ་ན། བདེ་བ་ནམ་ཡང་ཡོད་མ་ཡིན།”
‘འཁོར་བ་མེ་ཏོག་དགའ་ཚལ་ན། སྡུག་བསྔལ་ཡོད་པ་ཅི་ལ་བདེན།’
‘འཁོར་བ་དུས་བཞིའི་བང་རིམ་ན། གནམ་གཤིས་འཇམ་རྩུབ་ཅི་ཡང་མོད།’
འདི་དག་ལས་གང་ཞིག་བདེན་པར་འདོད། རྒྱུ་མཚན་ཅི།
བཀླགས་ཡོད་ཟེར་རྒྱུ་གཞན་ཅང་མེད།