Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་གང་ཞིག་ནི་སློབ་ཆེན་རེད།

Posted on 2013-07-172013-07-17 By ཁ་བརྡ་ 1 Comment on གནས་གང་ཞིག་ནི་སློབ་ཆེན་རེད།

ཧེ་ཏིག་ཡོན་གྱིས་བརྩམས།  རྡོ་མེ་འབུད་ཀྱིས་བསྒྱུར།

ཧེ་རྒན་པས་ཁྱེད་ལ་བཤད་ཆོག ཁྱེད་ཀྱི་བློ་ཁ་སློབ་སྦྱོང་ལ་ཕྱོགས་ཡོད་ཚེ་གནས་གང་ཞིག་ཡིན་རུང་དེ་ནི་ཁྱེད་ཀྱིས་སློབ་ཆེན་ལ་བརྩིས་ཆོག དཔེར་ན། དཔེ་ཁང་རྙིང་པའམ། དཔེ་ཆ་ཞིག ཡང་ན་གྲུ་ཁ་ཞིག

ངས་ཨ་རིའི་ཨེད་རེ་ཁུ་ཧོ་ཧྥེ་ཡི་ཉམས་མྱོང་གི་ཁྲོད་ནས་མཇུག་འབྲས་འདི་རྒྱུས་ལོན་པ་ཡིན། ཧོ་ཧྥེ་ལ་མཚོན་ན་ངས་གུས་བརྩི་བྱེད་ས་ཞིག་ཡིན། ཁོས་ངོ་མཚར་བ་ཞིག་གསར་གཏོད་བྱས་འདུག  དེ་གང་ཞིག་ཞེ་ན། ཁོས་རང་ཉིད་ལ་ཞྭ་མོ་ཞིག་གསར་བཟོ་གནང་ཡོད་པ་རེད། དེ་ནི་གྲུ་ཁའི་ལས་བཟོའི་མཚན་ཉིད་རིག་པ་ཞེས་པ་དེ་རེད། ཞྭ་མོ་འདི་ཁོ་གཅིག་བུས་གྱོན་ན་ད་གཟོད་འོས་འཚམ་ཞིག་ལས་མི་གཞན་གྱིས་གྱོན་མི་ནུས། མི་འདི་ནི་ཧེ་རྒན་པ་ང་ལྟར་སྡུག་གི་ཁྲོད་ནས་འཚར་ལོངས་བྱུང་ཞིང་ཕ་མ་གཉིས་ནི་འཇར་མན་ནས་གནས་སྤར་ཏེ་ཨ་རིར་ཡོང་བའི་ཡ་ཧུའི་དའི་མི་རིགས་རེད་ལ་ཁོའི་ཨ་ཕ་ནི་ཤིང་བཟོ་ཞིག་ཡིན་འདུག། ལོ་བདུན་ནས་ཧོ་ཧྥེ་ཡི་མིག་ཅི་ཡིན་མི་ཤེས་བར་ལོང་བར་གྱུར། དེའི་ཕྱིར་ཁོས་སློབ་གསོ་དངོས་ནས་ཤིག་མྱངས་ཐུབ་མེད། ལོ་བཅོ་ལྔ་ནས་ཡང་བསྐྱར་ཅི་ཡིན་མི་ཤེས་པར་ཁོའི་མིག་དྲག་རྐྱེན་བྱུང་། ཁོས་ཡང་བསྐྱར་མིག་ལོང་བར་དོགས་ནས་དཔེ་ཀློག་བྱེད་མགོ་བརྩམ། མ་ཟད། དཔེ་ཀློག་དེས་ཁོའི་ཕྱིའི་ཀྱི་མི་ཚེ་ལ་རོགས་འདེགས་ཀྱང་བྱས།

དཔེ་ཁང་རྙིང་པ་ཞིག་ནི་ཧོ་ཧྥེ་ཡི་ལྷ་ཡུལ་ཏུ་གྱུར། དེའི་ནང་གི་དཔེ་ཆ་མཐའ་དག་ཁོས་ཕལ་ཆེར་བཀླགས་ཟིན། དཔེ་ཁང་འདིའི་བདག་པོ་རྩི་ཤིང་རིག་པར་དགའ་མོས་ཡོད་མཁན་ཞིག་ཡིན་ཕྱིན་དཔེ་ཁང་དེའི་ནང་ན་དེའི་སྐོར་གྱི་དཔེ་ཚོགས་ཀྱང་མང་པོ་འདུག ཁོའི་རྩི་ཤིང་རིག་པའི་ཤེས་བྱའང་དེར་བརྟེན་ནས་ཡར་རྒྱས་སུ་ཕྱིན། རེད་དེ། འདི་ནི་ཁོའི་ཐོག་མའི་སློབ་ཆེན་རེད། འདི་ནི་ཁོའི་དངོས་གཞིའི་ཚན་ཁག་ཟེར་ཡང་ཆོག

ཧོ་ཧྥེས་བརྩམས་ཆོས་འབྲི་རྒྱུའང་སྦྱངས། དེ་ནི་མོན་ཐན་ནེ་ཡིས་བརྩམས་པའི་དེབ་<<རང་མོས་ཀྱི་ཚོམས་>>ལས་འབྲས་བུ་ལོན་པ་ཞིག་རེད། དེབ་དེ་ཁོས་ཞིང་ལས་རུ་ཁག་ནས་ལས་ཀ་བྱེད་བཞིན་པའི་སྐབས་སུ་བཀླགས། དེ་ནི་དངོས་ནས་བློར་འབབ་པ་ཞིག་རེད། ཡང་དང་བསྐྱར་ཏུ་བཀླགས་ཤིང་ག་ས་གང་ནས་ཀྱང་བཀླགས། གནད་དོན་གང་ཞིག་དང་འཕྲད་ཚེ། ཁོས་མོན་ཐན་ནེའི་སྐད་ཆ་ལ་བརྟེན་ནས་ཐག་གཅོད་བྱས། དེ་བས་ཕྱིས་སུ་ལས་རོགས་ཚོར་དྲི་བ་རེ་ཡོད་ཚེ་མོན་ཐན་ནེ་ཡིས་འདིའི་ཕྱོགས་ལ་ལྟ་ཚུལ་གང་ཡིན་ནམ་ཟེར་ནས་ཁོར་འདྲི་བར་ཡོང་། ཧོ་ཧྥེ་ཡི་བརྩམས་ཆོས་ཀྱང་མོན་ཐན་ནེའི་བརྩམས་ཆོས་ལ་རིག་འདྲའི་ཕྱོགས་ཤིག་ཀྱང་ཡོད། དེ་ནི་ཁོས་མོན་ཐན་ནེའི་བརྩམས་ཆོས་བཀླགས་པ་ལས་རང་ཉིད་ཀྱི་བརྩམས་ཆོས་འབྲི་བར་སྦྱངས་བ་རེད་འདུག འདི་ནི་ཁོའི་སློབ་ཆེན་གཉིས་བ་སྟེ། འདི་ལས་ཁོ་རབ་འབྱམས་པ་ཐོན་ཟེར་ཡང་ཆོག

ཧོ་ཧྥེ་ཡི་སློབ་ཆེན་གསུམ་པ་ནི་གྲུ་ཁ་ཡིན་འདུག གྲུ་ཁའི་ལས་བཟོ་བའི་འཚོ་བས་ཁོ་ལ་རང་དབང་གི་ཚོར་བ་སྦྱིན། དེ་མཚུངས་ཁོའི་མི་ཚེའི་བསམ་གཞིག་ལ་གཞོག་འདེགས་ཀྱང་མི་དམན་པ་ཞིག་བྱས། ཁོའི་ཚོར་བ་དང་ལྟ་བ་མཐའ་དག་ལས་ཀའི་ཉམས་མྱོང་ཁྲོད་ནས་མངོན་པ་ཞིག་ཡིན་ཞིང་། ཁོ་ནི་མི་གཞན་དང་འགྲན་འཛུག་རྒྱུར་དགའ་མོས་ཡོད། ཁོས་བཤད་རྒྱུར། ངས་ནམ་ཡིན་རུང་མི་ཞིག་ལ་ངེས་པར་དུ་ཁྱད་ཆོས་སྣ་མང་ཞིག་དགོས་པའི་ཆ་རྐྱེན་འདོན་གྱིན་མེད། ཁྱད་ཆོས་རིགས་གཅིག་ཡོད་པས་ཆོག་གོ་ཟེར། ལན་རེར། འགྲན་ཡ་གཉོན་པོ་ཞིག་ཡིན་ཡང་ཁོའི་བསམ་གཞིག་གི་སྒོ་མོ་འབྱེད་བཞིན་ཡོད། རང་ཉིད་ཀྱི་དོན་མི་འཁྱོང་ཡང་གཞན་ལ་རོགས་རམ་བྱེད་མཁན་ལ་དགའ་མོས་ཤིན་ཏུ་ཡོད། ཁོས་བསམ་རྒྱུར། ཁྱེད་ཀྱིས་རང་ལ་བགོས་པའི་དོན་དེ་མི་འགྲུབ་ཚེ་གཞན་གྱིས་ཁྱེད་ལ་འཕྱ་དམོད་བྱེད་ངེས། ཡིན་ཡང་ཁྱེད་ཀྱིས་གཞན་ལ་རོགས་རམ་བྱས་ཚེ་སུ་དང་གང་གིས་ཁྱེད་ལ་འཕྱ་དམོད་བྱེད་མི་སྲིད།  སློབ་ཆེན་འདི་ལས་ཁོ་འབུམ་རམས་པ་ཐོན་ཟེར་ཡང་ཆོག

འབུམ་རམས་ཐོན་ཚར་རྗེས་ཤེས་ཡོན་གྱི་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཀྱང་ཆོག་ལ་ཐོབ་ཀྱང་ཡོད་འདུག ཁོའི་འབུམ་རམས་པའི་དཔྱད་རྩོམ་ནི་བརྩམས་དེབ་དང་པོ་<<མང་ཚོགས་ཀྱི་ལས་འགུལ་གསུང་རབས>>་རེད། དེབ་འདི་ཤིན་ཏུ་རྒྱུགས་ཆེ་ཞིང་ཆུ་ཚོད་ཐུང་ཙམ་གྱི་རིང་ལ་དེབ་ཁྲི་ལྔ་བཅུ་ལྷག་དཔར་བསྐྲུན་བྱས་བ་མ་ཟད་སྐད་རིགས་བཅུ་ལྷག་གི་ནང་ལ་བསྒྱུར། དེབ་དེ་སློབ་ཆེན་ཆབ་སྲིད་སྡེ་ཁག་དག་གི་སྦྱོང་ཚན་ལའང་བཞག  རྗེས་ནས་ཁོས་མུ་མཐུད་ནས་《ང་ཚོའི་དུས་རབས་ཀྱི་གཤིས་ཀ》་དང་《འཕོ་འགྱུར་གྱི་བར་ཆད་》ཅེས་པ་སོགས་དེབ་བཅུ་ལྷག་བརྩམས། ཐེངས་མང་པོར་ཨ་རིའི་དཔེ་དེབ་བྱ་དགའ་ཐོབ་མྱོང་། ཐ་ན་སྲིད་འཛིན་གྱིས་ཀྱང་ཁོང་ལ་དངོས་སུ་བྱ་དགའ་གནང་མྱོང་།

ངས་ཧོ་ཧྥེའི་《མི་མང་ལས་འགུལ་གསུང་རབས་》མ་གཏོགས་བཀླགས་མྱོང་མེད། གཞན་དག་རང་རྒྱལ་ནས་འགྱུར་དཔེ་མི་འདུག་ཕྱིན་བློ་ཕན་པོ་བྱུང་། ཡིན་ཡང་དེབ་འདི་གཅིག་པུས་ཀྱང་ངའི་བསམ་བློར་མི་དམན་པའི་ཧེ་བག་ཅིག་བྱིན་ལ་ལོ་རྒྱུས་ལ་ཤིན་ཏུ་མོས་ཤིང་ལོ་རྒྱུས་སྟེང་གི་མི་མང་ལས་འགུལ་སྣ་ཚོགས་ཤིག་ལ་གོ་བ་ཟབ་མོ་ཞིག་བཞག ལོ་རྒྱུས་པ་མང་པོ་ཞིག་གིས་འགྲེལ་བཤད་གསལ་བོ་བྱས་མེད་པ་གང་མང་ཞིག་ཀྱང་ཁོས་འགྲེལ་བརྗོད་གསལ་ལེར་བྱས་འདུག མ་ཟད་ཁོས་ང་རྗེས་ཕྱོགས་སུ་མི་མང་ལས་འགུལ་སོགས་གང་དང་འཕྲད་ཚེ་ཅི་ཞིག་བྱེད་དགོས་པའང་ཤེས་སུ་བཅུག འདི་ནི་ཆེས་གལ་ཆེན་ཞིག་རེད། ཡང་གཅིག་བཤད་ན་ཧོ་ཧྥེ་ཡི་དེབ་འདི་ཡང་སློབ་ཆེན་ཞིག་རེད། ང་ནི་དེའི་ནང་གི་སློབ་བརྩོན་པ་ཞིག་ཡིན།

ལོ་མང་ཞིག་གི་སྔོན་ནས། ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་མེ་ཐེ་ཆིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། དོན་དམ་གྱི་སློབ་ཆེན་པར་ཐོག་ཁང་ཡོད་ཙམ་གྱི་མ་ཡིན་པར་དེ་ལ་དགེ་རྒན་ཆེན་མོ་དགོས་རྒྱུ་དེ་རེད།  སྐད་ཆ་འདི་ནི་གླེང་གཞི་ཅན་དུའང་གྱུར། ལོ་བཅུ་ཁ་ཞིག་གི་རྗེས་ནས་ད་དུང་ཡང་ངའི་རྣ་བའི་གཏིང་སྒུལ་བཞིན་འདུག སྐད་ཆ་འདིར་གནས་ལུགས་འདུག་གམ  འདུག་སྟེ། ཡིན་རུང་ངས་ད་དུང་སྐད་ཆ་ཞིག་གིས་སྐུལ་སློང་བྱེད་འདོད། གལ་སྲིད་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་མེད་ཚེ་དགེ་རྒན་ཆེན་མོ་ཡོད་ཀྱང་ཅི་ཕན།  དེང་སྐབས་ཀྱི་སློབ་ཆེན་གང་ཞིག་ལ་ཐོག་ཁང་དང་དགེ་རྒན་ཆེན་མོ་མེད་དམ། ཡིན་ཡང་མི་ལ་ཤས་ལ་མཚོན་ན་དེ་ནི་སློབ་ཆེན་ཞིག་གཏན་ནས་མ་ཡིན།

ཁྱེད་ཀྱི་སེམས་སྒུལ་ཐུབ་པའི་གནས་དག་ནི་སློབ་ཆེན་རེད་ཅེས་བཤད་ན་འགྲིག་གམ།

འགྱུར་རྩོམ།

Post navigation

Previous Post: བསྟོད་སྨོན་བཀྲ་ཤིས་དབྱངས་སྙན།
Next Post: རྨི་ལམ་མངོན་འགྱུར་མཁན་གྱི་སྐྱེས་བུ་ཞིག

Comment (1) on “གནས་གང་ཞིག་ནི་སློབ་ཆེན་རེད།”

  1. དཀར་སྲས says:
    2013-07-17 at 10:46 am

    ངོ་མ་ཡག་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme